དབུ་ཤོག>གསར་འགྱུར།
  • གྲ་སྒྲིག་ཨང་བསར་བྱས་ཚེ་གཞི་ནས་དངོས་ཕན་ཐོབ་སྲིད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-06-15

    “ནན་གསུམ་དྲང་གསུམ”གྱི་ཆེད་དོན་སློབ་གསོའི་བྱེད་སྒོ་དེ་ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་རྒྱ་སྐྱེད་གཏིང་ཟབ་དང་། ཏང་གི་བསམ་བློ་ཆབ་སྲིད་འཛུགས་སྐྱོང་དང་སྤྱོད་ཚུལ་འཛུགས་སྐྱོང་ལ་རྒྱུན་སྲིང་ངང་སྐུལ་འདེད་གཏིང་ཟབ་གཏོང་བའི་བྱ་ཐབས་གལ་ཆེན། ཏང་ནང་གི་ཆབ་སྲིད་འཚོ་བ་གཟབ་ནན་དང་ཏང་གི་ཆབ་སྲིད་སྒྲིག་ལམ་དང་ཆབ་སྲིད་སྒྲིག་སྲོལ་ནན་གཏོང་བྱེད་པའི་གཞི་འཛིན་ས་གལ་ཆེན་བཅས་རེད། ཀྲུང་དབྱང་གིས་ཆེད་དོན་སློབ་གསོ་སྤེལ་ནས“སྤྱོད་ཚུལ་བཞི”བཅོས་སྒྲིག་གཏིང་ཟབ་བྱེད་པ་དང་སློབ་གསོ་ལག་ལེན་བྱེད་སྒོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བའི་ཐད་དངོས་ཕན་ཐོབ་པ་དང་། སྒྲིག་ལམ་སྲུང་བ་དང་། སྒྲིག་སྲོལ་ལ་སྣང་ཆེན་བྱེད་པ། ཆབ་སྲིད་ཀྱི་རྣམ་པ་བཟང་པོ་གཏོད་པ་བཅས་ཐད་ཀྱི་དངོས་ཕན་ཐོབ་པ། དམ་པ་དོན་གཉེར་དང་སྒྱུར་བཅོས་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་དངོས་ཕན་ཐོབ་པ་བཅས་བྱེད་དགོས་ཞེས་གསལ་སྟོན་བྱས་ཡོད། “དངོས་ཕན་གསུམ་ཐུབ་རྒྱུར”དམ་འཛིན་བྱས་ཚེ་གཞི་ནས་ཞིབ་ཕྲའི་གནད་དོན་ཐག་གཅོད་བྱེད་རྒྱུར་ཡར་རྒྱས་གསར་པ་ཐོབ་སྲིད་པ་དང་ཚད་བརྒལ་གསར་པ་ཡོང།

    ཆེད་དོན་སློབ་གསོར་དངོས་ཕན་ཐོབ་རྒྱུ་འགན་ལེན་བྱེད་པར་འགག་རྩ་ནི་རིགས་པའི་གཞུང་ལུགས་དང་དོན་དངོས་ཟུང་འབྲེལ་བྱེད་པའི་སློབ་སྲོལ་དར་སྤེལ་གཏོང་བ་དང་དོན་དངོས་དང་ཟུང་འབྲེལ་བྱེད་པ་དང་དོན་དངོས་དང་། འབྲེལ་བ་བྱེད་པའི་ཐད་འབད་བརྩོན་བྱས་ནས་དངོས་དངོས་རྗེན་རྗེན་གྱི་ནང་དོན་དགོས་པ་མ་ཟད། གོ་ཆོད་ལ་ཕན་ནུས་ལྡན་པའི་བྱ་ཐབས་ཀྱང་དགོས། ཆེད་དོན་ཏང་གི་སློབ་ཚན་གྱི་སྤུས་ཚད་ནི་ཆེད་དོན་སློབ་གསོའི་འགོ་ཡག་པོ་འཛུགས་ཐུབ་མེད་དང་འབྲེལ་བ་ཡོད་པས་ཏང་ཡོན་ལས་བྱེད་པའི་བསམ་བློའི་སྤྱོད་ཚུལ་གྱི་གནས་ཚུལ་དང་འབྲེལ་བ་བྱེད་པ་དང་མི་སྒེར་གྱི་འཚར་ལོངས་དང་བསམ་བློ་དང་འབྲེལ་བ་བྱས་ཚེ་གཞི་ནས་བློ་སེམས་འགུགས་ཤུགས་དང་། གོ་སྐོན་བློ་འགུགས་ཀྱི་ནུས་པ། ཤེས་རྟོགས་ཀྱི་ནུས་པ་བཅས་ལྡན་སྲིད། ཆེད་དོན་སློབ་སྦྱོང་དང་ཞིབ་བསྡུར་བྱེད་སྐབས་མང་ཚོགས་དང་འབྲེལ་བ་བྱེད་པ་དང་ཞིབ་ཕྲ་ཅན་དུ་འགྱུར་བ་བྱས་ནས་བསམ་བློའི་ངོས་འཛིན་ཐད་ཀྱི་གླེང་མང་བའི་གནད་དོན་དང་། དོགས་གནད། དཀའ་གནད་བཅས་ལ་དམིགས་ནས་སློབ་སྦྱོང་དང་གྲོས་བསྡུར་བྱས་ཚེ་གཞི་ནས་ཕན་ཚུན་བློ་སྒོ་འབྱེད་པ་དང་། ངོས་འཛིན་གཏིང་ཟབ་ཏུ་འགྲོ་བ། ཐུན་མོང་ཐོག་ཡར་རྒྱས་འགྲོ་བ་བཅས་བྱེད་ཐུབ། ཆེད་དོན་དམངས་གཙོའི་འཚོ་བའི་ཚོགས་འདུ་དང་རྩ་འཛུགས་ཀྱི་འཚོ་བའི་ཚོགས་འདུའི་ཐོག“དྲང་ནན་མིན་པའི”གནད་དོན་ངོ་མ་དང་། གསལ་པོ། ཞིབ་ཕྲ་བཅས་བཏོན་ནས་དགེ་མཚན་ལྡན་ལ་སྐྱོན་དང་བྲལ་བའི་བསམ་བློའི་འཐབ་རྩོད་བྱས་ནས་བླ་སྲོག་ལ་ཐུག་པ་བྱས་ཚེ་གཞི་ནས་བདེན་དོན་མཐའ་འཁྱོངས་དང་ནོར་འཁྲུལ་ཡོ་བསྲང་གི་དམིགས་ཡུལ་མངོན་འགྱུར་བྱེད་ཐུབ། གནད་དོན་དབྱེ་ཞིབ་བྱེད་པ་ནི་གནད་དོན་ཐག་གཅོད་བྱ་ཆེད་ཡིན་པས་སློབ་སྦྱོང་བྱེད་ཀྱིན་དུ་ཞིབ་བཤེར་དང་དག་ཐེར་བྱ་རྒྱུ་མཐའ་འཁྱོངས་ཀྱིས་རང་འགུལ་ངང་དག་ཐེར་དང་དག་ཐེར་མཐར་ཕྱིན་པ་བྱས་ཚེ་གཞི་ནས་འགོ་ཁྲིད་ལས་བྱེད་པའི་གོ་རྟོགས་དང་ཆེད་དོན་སློབ་གསོའི་ཕན་འབྲས་མངོན་ཐུབ། དེའི་རྨང་གཞིའི་ཐོག་ད་དུང་རྩ་ལག་མཉམ་བཅོས་དང་གཏོར་འཛུགས་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་འགོ་ཁྲིད་ལས་བྱེད་པས“ནན་གསུམ་དྲང་གསུམ”ལག་ལེན་སྣེ་ཁྲིད་ཀྱི་ཕུགས་ཕན་ལམ་སྲོལ་བཟོ་དགོས།

    ཆེད་དོན་སློབ་གསོ་དེ་རིམ་པ་མི་འདྲ་བ་དང་ཁྱབ་ཁོངས་ཁག་དང་འབྲེལ་བ་ཡོད་པས་གནས་ཚུལ་ཧེ་བག་ཆེན་པོ་ཡོད། གནད་དོན་འདྲ་མིན་སྣ་ཚོགས་ཀྱང་ཡོད། སྟོང་གཏམ་ཤོད་རྒྱུ་སྔོན་འགོག་བྱས་ནས་ངེས་པར་དུ་ཀྲུང་དབྱང་གི་གཅིག་གྱུར་རྩ་དོན་དང་བླང་བྱར་བརྩི་སྲུང་ཞུ་བའི་རྨང་གཞིའི་ཐོག་རང་སོ་སོའི་དོན་དངོས་གཞིར་བཟུང་ལས་འགན་བཀོད་སྒྲིག་བྱེད་པ་དང་ལས་དོན་ལ་སྐུལ་འདེད་གཏོང་དགོས། བརྟན་པོའི་ངང་འཕར་བ་དང་། སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ། གྲུབ་ཆ་ལེགས་སྒྲིག་བྱེད་པ། དམངས་འཚོར་ཁེ་ཕན་སྐྲུན་པ། ཉམས་ཉེན་སྔོན་འགོག་བྱེད་པ་བཅས་ཀྱི་དཀའ་ཚེགས་ཆེ་བའི་ལས་འགན་གྱི་མདུན་དུ་ཏང་ཡོན་ལས་བྱེད་པས་ཆེད་དོན་སློབ་གསོ་བརྒྱུད་སྙིང་སྟོབས་འཕེལ་བ་དང་། སྤྱོད་ཚུལ་གསོ་སྦྱོང་བྱེད་པ། བྱ་སྤྱོད་གསར་པ་མངོན་པ་བཅས་བྱས་ཚེ་གཞི་ནས་མི་དམངས་ཀྱི་རེ་བ་ཆུད་ཟོས་སུ་མི་འགྲོ་བར་སྒྱུར་བཅོས་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི“འགག་རྩའི་ཉུང་ཤས”ཡག་པོ་བྱེད་ཐུབ།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།