དབུ་ཤོག>གསར་འགྱུར།
  • གནད་དོན་ཕྱོགས་སྟོན་ལ་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ“ནན་མེད་དྲང་མེད”ཀྱི་རྩ་བ་རྩ་འགོག་གཏོང་དགོས།

  •     རྩོམ་པ་པོ།  བོད་ལྗོངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།   |     སྤེལ་དུས།  2015-06-15

    སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས“ནན་གསུམ་དྲང་གསུམ”གྱི་ཆེད་དོན་སློབ་གསོའི་ཐད་གནད་དོན་ཕྱོགས་སྟོན་ལ་འཛིན་རྒྱུ་མངོན་པ་བྱེད་པ་དང་བླང་བྱ་ནན་པོ་ལག་བསྟར་བྱས་ཏེ་ཏང་ནན་པོ་སྐྱོང་བའི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་གཏོང་དགོས་པ་མ་ཟད། ཏང་འཛུགས་སྐྱོང་ལ་འཕྲད་པའི་གནད་དོན་གསར་པ་ཐག་གཅོད་ནུས་ལྡན་བྱེད་དགོས་ཞེས་བསྟན་ཡོད། སྤྱི་ཁྱབ་ཧྲུའུ་ཅིའི་མཛུབ་སྟོན་གལ་ཆེན་གྱིས“ནན་གསུམ་དྲང་གསུམ”གྱི་ཆེད་དོན་སློབ་གསོ་སྤེལ་རྒྱུའི་འགག་རྩའི་གནས་དེ་བཏོན་ཡོད། ང་ཚོས་ཀྲུང་དབྱང་གི་བླང་བྱ་ནན་པོར་གཞིགས་ནས་གནད་དོན་གྱི་འདུ་ཤེས་བརྟན་པོ་བཙུགས་ཏེ་ཐོག་མཐའ་བར་གསུམ་དུ་གནད་དོན་ཕྱོགས་སྟོན་ལ་འཛིན་རྒྱུ་མཐའ་འཁྱོངས་དང་། དེ་བས་ནན་པའི་བླང་བྱ་མཐའ་གཅིག་ཏུ་ལག་བསྟར། རྒྱུན་སྲིང་ལྷོད་མེད་ཀྱི་སྒོ་ནས་འགོ་ཁྲིད་ཚན་ཁག་དང་ལས་བྱེད་པའི་དཔུང་ཁག་ནང་ལྷག་པའི“ནན་མེད་དྲང་མེད”ཀྱི་གནད་དོན་ཐག་གཅོད་བཅས་བྱས་ཏེ་ཆེད་དོན་སློབ་གསོ་ཕྱི་ཚུལ་ཙམ་དུ་སྤེལ་རྒྱུ་གཏན་འགོག་བྱེད་དགོས།

    ཀྲུང་གོ་གུང་ཁྲན་ཏང་མིས་གསར་བརྗེ་དང་། འཛུགས་སྐྲུན། སྒྱུར་བཅོས་བཅས་ལ་དམ་འཛིན་བྱེད་པ་དེ་ནི་གནད་དོན་དངོས་ཐག་གཅོད་བྱ་ཆེད་ཡིན། “ནན་གསུམ་དྲང་གསུམ”གྱི་ཆེད་དོན་སློབ་གསོའི་ཐད་ལའང་དེ་ལྟར་ཡིན། གནད་དོན་དངོས་འབྲེལ་ཐག་གཅོད་བྱ་རྒྱུ་དེ་ནི་རྒྱུ་མཚན་ཉག་ཅིག་ཡིན་ལ། གོ་སྐོན་བློ་འགུགས་ཀྱི་ནུས་པ་ཐོན་ཐུབ། ཀྲུང་དབྱང་གིས་ཆེད་དོན་སློབ་གསོ་སྤེལ་བའི་ཐད་དེ་བས་ནན་པའི་བླང་བྱ་མཐའ་འཁྱོངས་བྱེད་པ་དང་གནད་དོན་ཕྱོགས་སྟོན་ལ་འཛིན་རྒྱུར་ཤུགས་སྣོན་བརྒྱབ་ནས་རང་ཉིད་དེའི་ནང་དངོས་སུ་ཞུགས་ཏེ་ཕུགས་བསམ་དད་སེམས་ལ་གཡོ་འགུལ་ཐེབས་པ་དང་། དད་སེམས་འཛོལ་བ། སྙིང་སྟོབས་འཛོལ་བ། དམིགས་ཡུལ་གྱི་འདུ་ཤེས་ཞན་པ།  མང་ཚོགས་ཀྱི་ཁེ་ཕན་ལ་སྣང་ཆུང་ཤོར་བ། མང་ཚོགས་ཀྱི་བདེ་སྡུག་མཐོང་མི་ཐུབ་པ། ཏང་གཤིས་ཀྱི་བློ་སྦྱོང་ཞན་པ། ཏང་གི་རྩ་དོན་ལ་སྣང་ཆེན་མི་བྱེད་པ་སོགས་ཀྱི་གནད་དོན་ཐག་གཅོད་བྱེད་པ་དང་། དབང་ཆ་གང་བྱུང་དུ་སྤྱོད་པ་དང་། བོགས་བཙུགས་བོགས་འཚོལ། དཔོན་ཚོང་ངན་འབྲེལ། ཁེ་ཕན་དོན་གཉེར། གནད་དོན་ལ་ཐད་ཀར་མི་ཕྱོགས་པ། འགན་མི་འཁུར་བ། འགན་འཁྲི་ཁུར་མི་ཕོད་པ། ཡ་མེད་སྒྲིག་འགལ། “སྤྱོད་ཚུལ་བཞི”གཉེར་བ་སོགས་ཀྱི་གནད་དོན་གཙོ་གནད་ཐོག་ཐག་གཅོད་བྱེད་པ། ཏང་གི་ཆབ་སྲིད་སྒྲིག་ཁྲིམས་དང་ཆབ་སྲིད་སྒྲིག་ལམ་སྣང་མེད་དུ་གཏོང་བ་དང་། ཏང་ལ་བློ་དཀར་སེམས་དཀར་མི་བྱེད་པ། མི་དྲང་པོ་ཞིག་མི་བྱེད་པ། མངོན་བརྩི་ལྐོག་འགལ། རང་དོན་གཉེར་བ། སེམས་ནང་ཏང་ཁྲིམས་དང་རྒྱལ་ཁྲིམས་མེད་པ་སོགས་ཀྱི་གནད་དོན་གཙོ་གནད་ཐོག་ཐག་གཅོད་བྱེད་པ་བཅས་བྱས་ཏེ་རིམ་ཁག་འགོ་ཁྲིད་ལས་བྱེད་པས“ནན་གསུམ་དྲང་གསུམ”དེ་མི་དྲང་པོ་ཞིག་བྱ་རྒྱུ་དང་དབང་སྤྱོད་རང་གཅུན་གྱི་རྩ་བའི་བསྟུན་ས་དང་ལས་སྒྲུབ་བྱ་གཞག་ལ་སྐུལ་འདེད་གཏོང་བའི་བྱ་སྤྱོད་ཀྱི་ཚད་གཞིར་བྱས་ཏེ“ནན་གསུམ་དྲང་གསུམ”གྱི་ལས་བྱེད་པ་ཡག་པོ་ཞིག་བྱ་རྒྱུའི་བརྩོན་ལེན་བྱེད་དགོས།

    གནད་དོན་ཕྱོགས་སྟོན་ལ་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ་གནད་དོན་མཐོང་ཐུབ་པ་བྱེད་དགོས། གནད་དོན་ཐག་གཅོད་བྱ་རྒྱུ་དེ་ནི་གནད་དོན་ཐག་གཅོད་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་ཡིན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གིས་ཏང་གིས་ཏང་ལ་དོ་དམ་དང་ཏང་ནན་པོ་སྐྱོང་རྒྱུ་མཐའ་འཁྱོངས་བྱས་ཏེ་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་ངང་སྤེལ་ནས“སྤྱོད་ཚུལ་བཞི”ཡོ་བསྲང་དང་རུལ་སུངས་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱས་པར་བརྟེན་ཏང་སྲོལ་སྲིད་སྲོལ་གསར་རྐྱང་དུ་གྱུར་པ་མ་ཟད། ཏང་སེམས་དམངས་སེམས་ལ་སྐུལ་མ་ཆེན་པོ་ཐེབས་ཡོད། འོན་ཀྱང་སྤྱོད་ཚུལ་གྱི་གནད་དོན་དེར་མཁྲེགས་བཟུང་གི་རྣམ་པ་དང་བསྐྱར་ལོག་གི་རྣམ་པ་ལྡན་པར་བརྟེན་ཕུལ་བྱུང་གི་སྤྱོད་ཚུལ་སློབ་གསོ་སྤེལ་ཐེངས་གཅིག་གིས་ཡོ་བསྲང་བྱེད་མི་ཐུབ་པ་དང་། ཚུལ་མིན་གྱི་སྤྱོད་ཚུལ་ཁྱད་བསད་བྱ་རྒྱུ་དེ་མུར་སྒྲུབ་ཐུབ་པ་ཞིག་མིན་པ། “ནན་མེད་དྲང་མེད”ཀྱི་གནད་དོན་རང་ལྗོངས་སུ་སྔར་བཞིན་གནས་པ་རིག་པ་དྭངས་གསལ་གྱི་སྒོ་ནས་མཐོང་ཐུབ་པ་བྱེད་དགོས། གནད་དོན་གྱི་འདུ་ཤེས་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་སྟེ་རང་ཉིད་ཀྱི་ལས་གནས་དང་ལས་ཀའི་དོན་དངོས་དང་བསྟུན་ནས་བློ་དཀར་དང་། སྤྱོད་གཙང་། འགན་ཁུར་ཕོད་པ་བཅས་ལ་དམིགས་པ་དང“ནན་གསུམ་དྲང་གསུམ”གྱི་བླང་བྱ་དཔྱད་གཞིར་འཛིན་པའི་ཐོག་བསམ་བློའི་གནད་དོན་དང་གནད་དོན་དངོས་ཟུང་འབྲེལ་བྱས་ཏེ་དད་སེམས་དང་། ཏང་གཤིས་ཀྱི་བློ་སྦྱོང་། དབང་ཆ་སྤྱོད་པ། སྒྲིག་ཁྲིམས་སྒྲིག་ལམ། མི་བཟང་པོ་ཞིག་བྱེད་པ་དང་བྱ་བ་སྒྲུབ་པ་སོགས་ཐད་ཀྱི“ནན་མེད་དྲང་མེད”ཀྱི་མངོན་གསལ་དོད་པའི་གནད་དོན་དང་ཞིབ་ཕྲའི་སྣང་ཚུལ་བཙལ་འཚོལ་བྱས་ཏེ་འགག་རྩ་དམ་འཛིན་དང་ལྷག་པའི་གནད་དོན་མཐོང་ཐུབ་པ་བྱེད་དགོས།

    གནད་དོན་ཕྱོགས་སྟོན་ལ་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ་བློ་ཁོག་ཆེན་པོས་གནད་དོན་ལ་ཐད་ཀར་ཕྱོགས་ཕོད་པ་བྱེད་དགོས། གནད་དོན་ལ་ཐད་ཀར་ཕྱོགས་རྒྱུ་དེ་ནི་གནད་དོན་ཐག་གཅོད་བྱེད་པའི་བྱ་སྤྱོད་ཀྱི་སྔོན་འགྲོ་ཡིན། སྐྱོན་ཡོད་ཀྱང་སྐྲག་མི་རུང་། སྐྲག་པ་ནི་སྐྱོན་ཆ་འཕྲད་སྐབས་མི་མཐོང་ཁུལ་བྱས་ནས་གཡོལ་བ་དེ་ཡིན། འགོ་ཁྲིད་ལས་བྱེད་པ་ཚང་མས་རང་གིས་རང་ལ་ཉེན་བརྡ་གཏོང་བ་དང་རང་གིས་རང་ལ་དོགས་ཟོན་བྱས་ཏེ“ནན་གསུམ་དྲང་གསུམ”དེ་རང་སྣང་གི་འཇིག་རྟེན་དང་ཕྱི་རོལ་ཡུལ་གྱི་འཇིག་རྟེན་ལ་འགྱུར་ལྡོག་གཏོང་བའི་བསམ་བློའི་ལག་ཆར་བྱེད་པ་དང་ཏང་གི་སྒྲིག་ཁྲིམས་དང་། སྔོན་ཐོན་དཔེ་མཚོན། མང་ཚོགས་ཀྱི་རེ་སྒུག་བཅས་དང་བསྡུར་བ་དང“ནན་གསུམ་དྲང་གསུམ”གྱི་བླང་བྱ་དང་བསྡུར་ནས་སྐྱོན་ཆ་བཏོན་པར་མི་སྐྲག་པ་དང་། གནད་དོན་ལ་ཕྱོགས་ཕོད་པ། བཙལ་འཚོལ་ཐུབ་པའི་མངོན་གསལ་དོད་པའི་གནད་དོན་ལ་དམ་པོར་དམིགས་པ། གནད་དོན་ལ་མི་གཡོལ་བ། གནད་དོན་མི་འགེབས་པ། རང་ཉིད་དེའི་ནང་ཞུགས་པ། འགན་འཁྲི་འཁུར་བ། བསམ་བློ་དང་ལས་དོན་དེའི་ནང་འཇུག་པ་བཅས་བྱས་ཏེ་དོན་རེ་རེ་བྱས་ནས་གསེད་བཀྲོལ་དང་། གནད་དོན་རེ་རེ་བྱས་ནས་དབྱེ་ཞིབ་ཀྱིས་གནད་དོན་གྱི་ངོ་བོ་ཤེས་རྟོགས་ཐུབ་པ་དང་སྐྱོན་ཆ་མཐོང་ཐུབ་པ་བྱེད་པ་དང་འབྲེལ་གནད་དོན་གྱི་གནོད་འཚེ་གསལ་རྟོགས་དང་བསམ་བློའི་རྩ་བ་སྔོག་ཐུབ་པ་བྱེད་དགོས།

    གནད་དོན་ཕྱོགས་སྟོན་ལ་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ་གནད་དོན་དངོས་འབྲེལ་ཐག་གཅོད་བྱེད་དགོས། གནད་དོན་ཐག་གཅོད་བྱ་རྒྱུ་དེ་ནི་ཆེད་དོན་སློབ་གསོའི་རྩ་བའི་དམིགས་ཡུལ་ཡིན། གནད་དོན་མཐོང་ཡང་བཅོས་འདོད་མེད་པ་དང་། བཅོས་མི་ཕོད་པའམ་ཡང་ན་ནར་འགྱངས་ཐུབ་ན་ནར་འགྱངས་བྱེད་པ། ཚུར་གཡོལ་ཕར་གཡོལ་བྱེད་པ། གནད་དོན་ཐག་གཅོད་ཐད་ལྗིད་གཡོལ་ཡང་ལེན་དང་གནད་ལ་མི་འཁེལ་བ་ཐ་ན་རང་དགར་གནད་དོན་འགེབས་པ་བཅས་བྱེད་པ་དེ་ནི་གནད་དོན་ཆེན་པོ་ཡིན། འཇིག་རྟེན་གྱི་ལྟ་བ་དང་མི་ཚེའི་ལྟ་བའི་འགག་རྩ་དེ་དམ་པོར་འཛིན་ནས་རང་ཉིད་ཀྱི་སྐྱོན་འདོན་ཕོད་པ་དང་། གནད་དོན་ལ་ཕྱོགས་ཕོད་པ་བྱས་ནས་གནད་དོན་མཐོང་འཕྲལ་དེ་མུར་བཅོས་སྒྲིག་དང་གནད་དོན་གང་ཡོད་ན་དེ་ཐག་གཅོད། གནད་དོན་གང་ཞིག་མངོན་གསལ་དོད་ན་དེ་གཙོ་གནད་ཐོག་ཐག་གཅོད། ཞིབ་ཕྲའི་གནད་དོན་ལ་དམ་འཛིན་དང་རེ་རེ་བྱས་ནས་བཅོས་སྒྲིག་བཅས་བྱས་ཏེ་གནད་དོན་ཐག་གཅོད་ཀྱི་གྲུབ་འབྲས་ཐོག་ནས་ཆེད་དོན་སློབ་གསོའི་གྲུབ་འབྲས་ལ་ཞིབ་བཤེར་བྱེད་དགོས།

    སློབ་གསོ་ནི་གནད་དོན་ཐག་གཅོད་བྱ་ཆེད་དུ་ཡིན། གནད་དོན་ཐག་གཅོད་བྱུ་རྒྱུ་དེ་ནི་སློབ་གསོ་ཡག་ཤོས་ཡིན། གནད་དོན་མཐོང་ཐུབ་མིན་དང་། གནད་དོན་ལ་ཐད་ཀར་ཕྱོགས་ཐུབ་མིན། གནད་དོན་ཐག་གཅོད་ཐུབ་མིན་བཅས་ནི་ཆེད་དོན་སློབ་གསོའི་ཕན་འབྲས་ལ་ཞིབ་བཤེར་བྱེད་པའི་ཚད་གཞི་ཞིག་ཡིན། གནད་དོན་ཤེས་རྟོགས་དང་། གནད་དོན་ལ་ཐད་ཀར་ཕྱོགས་པ། གནད་དོན་ཐག་གཅོད་བཅས་མཐའ་འཁྱོངས་བྱ་རྒྱུ་དེ་ཆེད་དོན་སློབ་གསོའི་སྒོ་ནས་མཇུག་བར་ཁྱབ་པ་བྱེད་པ་དང་འབེན་ལ་བསྡིགས་པ་དང་། གནད་དོན་ལ་དམིགས་ནས་ཤུགས་སྣོན་རྒྱག་པ། དག་ཐེར་གཏིང་ཟབ། རིམ་གྱིས་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོའི་གྲུབ་འབྲས་རྒྱུན་ཆད་མེད་པར་སྲ་བརྟན་དང་རྒྱ་ཆེར་བཏང་ནས་བོད་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་དཔལ་འབྱོར་དང་སྤྱི་ཚོགས་ལེགས་ལ་མྱུར་བའི་སྒོ་ནས་འཕེལ་རྒྱས་གཏོང་རྒྱུར་སྐུལ་འདེད་གཏོང་ཆེད་སྟོབས་ཆེའི་སྒུལ་ཤུགས་དང་འགན་ལེན་ནུས་ལྡན་མཁོ་འདོན་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།