དབུ་ཤོག>གསར་འགྱུར།
  • ལྷ་ས་གྲོང་ཁྱེར་རྒྱལ་ཁྲལ་ཅུས་ཀྱིས་ལྟ་སྐུལ་ཞིབ་བཤེར་ཆེ་མོའི་བྱེད་ཐབས་བཏོན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-06-15

    ལས་ཀ་དོན་འཁྱོལ་བྱེད་པའི“རྒྱུན་རྣམ་གསར་པར”དམིགས་ཏེ“ལྟ་སྐུལ་ཞིབ་བཤེར་ཆེ་མོའི”ལས་ཀའི་བྱེད་ཕྱོགས་ལ་གཞིགས་ནས། ལྷ་ས་གྲོང་ཁྱེར་རྒྱལ་ཁྲལ་ཅུས་ཀྱིས་སྤྱོད་ཚུལ་ལ་ལེགས་སུ་ཧུར་ཐག་གཏོང་བ་དང་ལས་ཀའི་ལམ་སྲོལ་དམ་འཛིན་བྱ་རྒྱུ་གསར་དུ་གཏོད་ཆེད། ཉེ་ཆར་ཕྱོགས་བསྡུས་ཞིབ་བཤེར་ཚོགས་ཆུང་གི་ཁོངས་མི་13གྱིས་ལས་འགན་ཕྲག་ཏུ་བླངས་ནས་རྫོང་དང་ཡན་ལག་ཅུས་ཁག་ལ་བསྐྱོད་དེ་བརྗོད་དོན་གཙོ་བོར་དམིགས་པ་དང་ས་གནས་ས་ཐོག་ཏུ་ལས་དོན་ཁག་གོ་རིམ་ལྡན་པའི་ངང་སྤེལ་བས་ཁྲིམས་འཛིན་ཐོགས་རྡུགས་མེད་པ་དང་ལས་ཀ་དོན་འཁྱོལ་གྱི་མཐའ་མའི་འགག་གནད་སྒྲོལ་ཐུབ་པ་བྱུང་ཡོད།

    ཕྱོགས་བསྡུས་ཞིབ་བཤེར་བྱ་རྒྱུ་དེ་ས་ཆ་དངོས་སུ་ལྟ་སྐུལ་ཞིབ་བཤེར་གྱིས་ལས་ཀ་ཕྱི་ཚུལ་ཙམ་མི་འགྱུར་བ་བྱས་པ། ད་རེས་ཀྱི་ཕྱོགས་བསྡུས་ཞིབ་བཤེར་དེ་ཚན་ཁག(ལྟེ་གནས)ཁག་གིས་ལག་ལེན་བསྟར་རྒྱུར་འགན་འཁུར་བ་དང་། གྲོང་ཁུལ་གྱི་ཡན་ལག་ཅུས་6དང་གཞི་རིམ་གྱི་རྫོང་དང་ཅུས་7ལ་ཐད་ཀར་ལག་ལེན་བསྟར་རྒྱུར་དམིགས་ནས་བརྗོད་དོན་འབུར་དུ་ཐོན་ཞིང་ཁ་ཕྱོགས་གསལ་པོ་བཟོས་ཡོད། ད་རེས་ཀྱི་ཞིབ་བཤེར་ལྟ་སྐུལ་བྱ་ཐབས་ཐད་ངག་ཐོག་གམ་ཡིག་ཐོག་ནས་སྙན་ཞུ་འབུལ་རྒྱུ་ཁོ་ན་མིན་པར་རང་སར་དཔྱད་ཡིག་འཚོལ་བ་དང་། འདྲི་བ། རེ་འགར་འདྲི་བ་འདོན་པ་སོགས་ཐབས་ལམ་སྣ་ཚོགས་ཐོག་ནས་ལས་འགན་ཉིད་ཟུར་ཚད་དང་ཕྱོགས་མི་འདྲ་ནས་རྒྱུས་མངའ་དང་ཁོང་དུ་ཆུད་པར་བྱས་ཏེ་གནས་ཚུལ་དང་གནད་དོན་འགེབས་གསང་སྐུང་གསུམ་མེད་པར་ཅི་ཡིན་དངོས་སུ་ཤེས་རྒྱུར་ཕན་པ་བྱུང་ནས་གཞི་རིམ་དུ་ལས་ཀ་བསྒྲུབས་ཚུལ་ཇི་མ་ཇི་བཞིན་གསལ་ལེར་མངོན་ཡོད།

    ཕྱོགས་བསྡུས་ཞིབ་བཤེར་བྱ་རྒྱུ་དེ་མཐིལ་རྟོགས་བརྟག་དཔྱད་དུ་བྱས་ནས་ལས་ཀར་ཡར་རྒྱས་མེད་པའི་གནས་སྟངས་བསལ་བ། ད་རེས་ཀྱི་ཕྱོགས་བསྡུས་ཞིབ་བཤེར་གྱིས་སྔོན་མ་སྡེ་ཁག་སོ་སོས་རང་རང་གི་ལས་སྒོའི་ཁ་གཏད་ལ་ཞིབ་བཤེར་བྱེད་སྐབས་རང་འགན་སོ་སོར་འཁུར་ནས་ལས་ཀ་སོ་སོར་བྱེད་པས་ནུས་ཤུགས་ཁ་གྲམ་པ་དང་སྤྱི་འདོམས་བྲལ་བའི་ཞན་ཆ་ལྡན་ནའང་། སྡེ་ཁག(ལྟེ་གནས)ཁག་གིས་སྤྱི་ཡོངས་ཀྱི་ལྟེ་བའི་ལས་ཀ་དང་སོ་སོའི་འགན་ནུས་དང་ཟུང་འབྲེལ་གྱིས་ཞིབ་བཤེར་རྩ་གནད་སོ་སོར་བཏོན་ནས་སྡེ་ཚན་13གྱི་ལས་ཀ་དང་ལས་འགན་གཙོ་གནད་56དང་འབྲེལ་བ་དེ་དག་ཁྲལ་དོན་ཐོ་འགོད་དང་། ཁྲལ་ཡིག འཛིན་དོ་དམ། ཁྲལ་བསྡུའི་གྲངས་གཞི། ཉེན་ཁར་ལྟ་སྡོམ། ཁྲལ་ཁུངས་ཚོད་འཛིན། སྲིད་འཛིན་སྐྱེལ་འདྲེན་སོགས་ཕྱོགས་གང་ས་ཅི་ཐད་ལ་ཁྱབ་ནས་གཞི་ཁྱོན་དང་། ཁྱབ་ཁོངས། ནང་དོན་བཅས་ནས་སྔོན་མ་དང་མི་འདྲ་བ་བྱུང་བ་མ་ཟད། སྡེ་ཚན་13གཞི་རིམ་གི་ཚན་པ་13ལ་བསྐྱོད་དེ་ཞིབ་བཤེར་མ་ལུས་པ་དང་ཆ་ལག་ཚང་བའི་སྒོ་ནས་ལྟ་སྐུལ་ཞིབ་བཤེར་བྱས་ཁར་ཞིབ་བཤེར་བྱེད་པའི་དུས་ཚོད་ཀྱང་ཞིབ་བཤེར་ཇུས་གཞི་བཀྲམས་རྗེས་ཀྱི་ཟླ་གཅིག་ནང་སྤེལ་རྒྱུར་གནས་འཁེལ་བྱས་ཡོད།

    ཕྱོགས་བསྡུས་ཞིབ་བཤེར་བྱ་རྒྱུ་ཚད་ལྡན་འཐུས་ཚང་ཡོང་གཞིར་བྱས་ནས་ལས་ཀ་དོན་དམ་པར་བསྒྲུབས་ཐུབ་པ་བྱས་པ། ད་རེས་ཀྱི་ཕྱོགས་བསྡུས་ཞིབ་བཤེར་བྱ་བར་ནང་དོན་མང་ལ་ལས་འགན་ལྕི་བར་བརྟེན་ཞིབ་བཤེར་ལ་ཕན་འབྲས་ཐོན་པའི་ཁར་གཞི་རིམ་གྱི་ཁུར་པོ་ལྕི་རུ་མི་གཏོང་ཆེད། ཞིབ་བཤེར་བྱེད་སྐབས་ལས་སྒོ་ཚོགས་ཆུང་དང་ཕྱོགས་བསྡུས་ཚོགས་ཆུང་གཉིས་ལ་བགོས་ནས་སྤེལ་ནས་ཞིབ་བཤེར་སྡེ་ཚན་13གྱིས་འགན་འཁུར་བློ་མཐུན་ནམ་ལས་སྒོའི་རྐང་འཛིན་པ་རེ་སོ་སོར་གཏན་འཁེལ་གྱིས་ཞིབ་བཤེར་ཚོགས་ཆུང་ནང་བཅུག་པ་དང་། ལས་སྒོའི་ཚོགས་ཆུང་དང་ཕྱོགས་བསྡུས་ཚོགས་ཆུང་སོ་སོར་གྲོང་ཁྱེར་ཁྲལ་དོན་ཅུས་ཀྱི་ཏང་ཙུའི་ཁོངས་མི་ཞིག་གིས་སྣེ་ཁྲིད་དེ་སྔོན་ལ་ལས་ཀའི་དུས་ཚོད་བཟོས་ནས་གོ་རིམ་ལྡན་པའི་ངང་ལག་ལེན་བསྟར་བ་དང་། ལས་ཀའི་སྦྲེལ་མཐུད་ཐད་ཞིབ་བཤེར་ཇུས་གཞི་བཟོས་ནས་ལག་བསྟར་ཞིབ་བཤེར་དང་། ཞིབ་བཤེར་བྱས་འབྲས་བརྡ་ཁྱབ། ཞིབ་བཤེར་གནད་དོན་བཅོས་སྒྲིག བཅོས་སྒྲིག་བྱས་འབྲས་བརྡ་ཁྱབ་གཏོང་བ་སོགས་ཀྱི་ཐད་བླང་བྱ་སོ་སོར་བཏོན་ནས་ཞིབ་བཤེར་ལས་ཀ་ཆ་ལག་ཚང་བ་དང་རྒྱུན་སྲིང་ཐུབ་པ་བྱས་ནས་མགོ་ཡོད་མཇུག་ཡོད་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།