དབུ་ཤོག>གསར་འགྱུར།
  • བོད་ཀྱི་གོ་འཇོར་འཕོ་འགྱུར་ཆེན་པོ་བྱུང་བ།

  • ཡོང་ཁུངས།  ​ ཤིན་ཧྭ་གསར་འགྱུར་ཁང་།   |     རྩོམ་པ་པོ།  ཝང་ཧྲའོ་པའོ།   |     སྤེལ་དུས།  2015-06-14

    བོད་ཤར་རྒྱུད་ཀྱི་འབྲི་ཆུའི་འགྲམ་དུ་གནས་པའི་གོ་འཇོ་ནི་སི་ཁྲོན་དང་ཆུ་བོ་གཅིག་གིས་ཆོད་ཅིང་། ལོ་བཅུ་གྲངས་འཕེལ་རྒྱས་ཕྱིན་པར་བརྟེན་ཁུལ་དེར་འཕོ་འགྱུར་ཆེན་པོ་བྱུང་ཡོད།   

    ཀྲུང་གོ་གསར་པ་དབུ་མ་བརྙེས་གོང་ཞིང་ལས་ཀྱིས་མི་རྣམས་ཀྱི་འཚོ་བའི་དགོས་མཁོ་སྐོང་ཐུབ་ཀྱི་མེད། “ས་ཞིང་རི་སྟེང་དུ་གནས་པ”དེ་ནི་ས་ངན་གྱི་ས་ཞིང་ཆགས་སྟངས་ཡིན་པ་དང་གྱེན་ཐུར་ཆེ་བས་ཆར་དུས་སུ་སླེབས་སྐབས་ས་ཆུ་ཤོར་གྱི་ཡོད། དེར་བརྟེན་ས་ཆུ་མ་ཤོར་བ་བྱ་ཆེད། ཞིང་ནང་གི་གང་སར་ཁུ་ཚུར་ཆེ་ཆུང་གི་རྡོ་ཧྲུག་ཡོད་པ་དེ་དག་གིས་ས་ཞིང་གི་ཐོན་འབབ་ཆག་པ་དང་མུའུ་རེའི་ནས་རྒྱ་མ་200ལྷག་ཙམ་ལས་ཐོན་གྱི་མེད། ས་ཞིང་དང་ཐོན་འབབ་ཉུང་བར་བརྟེན་ཁུལ་དེའི་མི་རྒྱུན་དུ་གྲོད་པ་མི་རྒྱགས་པའི་འཚོ་བ་སྐྱེལ་དགོས་ཀྱི་ཡོད།

    འོན་ཀྱང་དེང་གི་ས་ངན་ལ་འགྱུར་ལྡོག་ཆེན་པོ་བྱུང་ཞིང་། གྲོང་མི་ཨ་ཉག་གི་ཁྱིམ་དུ་སྐྱོད་སྐབས་ཁོང་གི་ངོ་གདོང་ནས་དམར་མདངས་རྒྱས་པ་དང་གཟུགས་སྟོབས་ཆེ་བའི་ཐོག་གྱོན་གོས་ཀྱང་ཧ་ཅང་གཙང་མ་ཞིག་གྱོན་འདུག “འཚོ་བ་སྐྱོ་བའི་དུས་འདས་ཟིན། ད་ཆ་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་ཐུབ་པ་བྱུང་བས་རྒྱལ་ཁབ་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ང་ཚོའི་ཁྱིམ་དུ་ལོ་གཅིག་ལ་ཁ་གསབ་དངུལ་སྒོར་ཁྲི་3ལྷག་ཙམ་ལེན་རྒྱུ་ཡོད”ཅེས་ཨ་ཉག་གིས་དགོད་བཞིན་དེ་ལྟར་བརྗོད་བྱུང་། ཤེས་རྟོགས་བྱུང་བར་གཞིགས་ན། གོ་འཇོར་རྒྱལ་ཁབ་ཀྱིས་ས་ངན་གྱི་ཞིང་འབྲོག་པར་ཁ་གསབ་རྣམ་གྲངས་མང་པོ་ལག་བསྟར་བྱས་པ་དཔེར་ན། རྨོ་བསྐྱུར་ནགས་གསོའི་ཁ་གསབ་དང་། སོན་བཟང་ཁ་གསབ། སྐྱོབ་གསོའི་ཁ་གསབ་སོགས་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། ཆབ་མདོར་བཅིངས་འགྲོལ་བཏང་རྗེས་དང་ལྷག་པར་དུ་ཉེ་བའི་ལོ་20རིང་བོད་ཀྱི་གཞུང་ལམ་ལེགས་སུ་ཕྱིན་པར་བརྟེན་ཞིང་འབྲོག་མང་ཚོགས་དེ་བས་མང་བ་ཁུལ་དེ་ནས་ཐོན་ཏེ་མཐོང་རྒྱ་ཆེ་རུ་ཕྱིན་པ་མ་ཟད། ཡོང་འབབ་ཀྱང་མང་དུ་ཕྱིན་ཡོད། དུས་མཚུངས་སྲིད་གཞུང་གིས་བྱ་གཞག་གསར་གཏོད་བྱེད་འདོད་པའི་ཞིང་འབྲོག་མང་ཚོགས་ལ་སྐུལ་ལྕག་དང་རོགས་རམ་བྱས་ཏེ་མི་ཁག་གཅིག་སྔོན་ལ་ཕྱུག་པོ་ཆགས་པ་བྱས་པ་དང་འབྲེལ་ཁོང་ཚོའི་སྣེ་ཁྲིད་ཀྱི་ནུས་པ་འདོན་དུ་བཅུག་པས་ཞིང་འབྲོག་མང་ཚོགས་གཞན་ལའང་སྐུལ་མ་ཆེན་པོ་ཐེབས་ཡོད།

    ཁུལ་དེའི་འབུམ་སྐྱེས་ཤང་གླང་ཉག་སྟོད་པ་གྲོང་ཚོའི་གྲོང་མི་ཕུར་བུས་ལོ་བཅུའི་གོང་ཁུལ་དེ་ནས་ཐོན་ཏེ་ཟོག་འདྲེན་རླངས་འཁོར་ཉོས་ནས་སྐྱེལ་འདྲེན་གྱི་ལས་ཀར་ཞུགས་པ་དང་ད་ཆ་གོ་འཇོ་རྫོང་གྲོང་གི་ལས་ཁུངས་ཤིག་གི་རླངས་འཁོར་གཏོང་གི་ཡོད། “དེ་སྔོན་ཟོག་འདྲེན་རླངས་འཁོར་བཏང་ནས་དངུལ་ཏོག་ཙམ་རག་བྱུང་། དེ་རྗེས་ངས་རླངས་འཁོར་གཅུང་པོར་གཏོང་དུ་བཅུག་པ་ཡིན། ད་ཆ་ང་གཞུང་གི་རླངས་འཁོར་གཏོང་གི་ཡོད་པས་འཚོ་བའི་ཐད་སེམས་ཁྲལ་མི་འདུག”ཅེས་ཕུར་བུས་དགོད་བཞིན་བཤད།

    ཕུར་བུས་གྲོང་ཚོའི་ནང་ཕྱིར་སྐྱོད་མཁན་དེ་བས་མང་དུ་ཕྱིན་པ་དང་གླང་ཉག་སྟོད་པ་གྲོང་ཚོ་གཅིག་པུར་ཕྱིར་ལས་ཀ་བྱེད་མཁན་དང་ཚོང་རྒྱག་མཁན་མི་50ལྷག་ཙམ་ཡོད་པ་དེ་དག་གིས་ཚང་མས་འཚོ་བ་སྐྱིད་པོ་ཞིག་སྐྱེལ་རྒྱུར་འབད་བརྩོན་བྱེད་བཞིན་ཡོད་ཅེས་བརྗོད་བྱུང་།

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།