དབུ་ཤོག>གསར་འགྱུར།
  • མངའ་རིས་ཀྱིས་མ་དངུལ་སྒོར་དུང་ཕྱུར་1.4བཏང་ནས་གྲོང་ཚོ་དབུལ་པོར་ཁྱོན་ཡོངས་ནས་རོགས་སྐྱོར་བྱ་རྒྱུ་ཡིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-06-14

    ཉེ་ཆར། གསར་འགོད་པར་མངའ་རིས་ས་ཁུལ་དབུལ་སྐྱོར་གཞུང་ལས་ཁང་ནས་ཤེས་རྟོགས་བྱུང་བར། འདི་ལོ་མངའ་རིས་ཀྱིས་ས་ཁུལ་དེ་ཡོངས་ཀྱི་སྲིད་འཛིན་གྲོང་ཚོ་14རུ་གྲོང་ཚོར་ཁྱོན་ཡོངས་ནས་སྐུལ་འདེད་ཀྱི་དབུལ་སྐྱོར་ཚོད་ལྟའི་རྣམ་གྲངས་ལག་ལེན་བསྟར་རྒྱུ་དང་ཁྱོན་མ་དངུལ་སྒོར་དུང་ཕྱུར་1.4གཏོང་རྩིས་ཡོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། གྲོང་ཚོར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་རྒྱུ་ནི་མངའ་རིས་ས་ཁུལ་གྱི་རེས་སྐོར་གསར་པའི་དབུལ་སྐྱོར་འགག་སྒྲོལ་གྱི་གཞི་རྟེན་དང་སྟེགས་བུ་གཙོ་བོ་ཞིག་རེད་ལ་གྲོང་ཚོ་དབུལ་པོའི་རྨང་གཞིའི་སྒྲིག་བཀོད་འཐུས་སྒོ་ཚང་དུ་གཏོང་རྒྱུ་དང་། ཞིང་འབྲོག་པ་དབུལ་པོའི་རང་གིས་རང་འཕེལ་རྒྱས་གཏོང་བའི་ནུས་པ་ཆེ་རུ་གཏོང་རྒྱུ། དབུལ་སྒྲོལ་ཕྱུག་འགྱུར་བྱ་རྒྱུ་བཅས་ཀྱི་ནང་དོན་དང་ཐབས་ལམ་གལ་ཆེན་ཞིག་ཀྱང་རེད། རང་སྐྱོང་ལྗོངས་ཀྱི་བླང་བྱ་གཞིར་བཟུང་འདི་ལོ་མངའ་རིས་ས་ཁུལ་གྱིས་རྫོང་7སོ་སོར་དབུལ་པོ་འབྱུང་ཚད་འབྲིང་བ་དང་། ཐོན་ལས་ཀྱི་རྨང་གཞི་ངེས་ཅན་ལྡན་པ། འཕེལ་རྒྱས་ཀྱི་མི་མངོན་པའི་ནུས་པ་ངེས་ཅན་ལྡན་པ། མཚོན་བྱེད་རང་བཞིན་ངེས་ཅན་ལྡན་པ་བཅས་ཀྱི་གྲོང་ཚོ་དབུལ་པོ་2བཀོད་སྒྲིག་བྱས་ཏེ་2015ལོའི་གྲོང་ཚོར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བའི་དབུལ་སྐྱོར་ཚོད་ལྟའི་གྲོང་ཚོའི་གྲས་སུ་འཇུག་རྒྱུ་དང་ཁྱོན་གྲོང་ཚོ་14ཡི་གྲོང་ཚོ་རེར་མ་དངུལ་སྒོར་ཁྲི་1000དང་རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར་1.4བཏང་ནས་ཚོད་ལྟ་བྱ་ཡུལ་གྲོང་ཚོ་དབུལ་པོའི་དཔལ་འབྱོར་དང་སྤྱི་ཚོགས་ཕྱོགས་ཡོངས་དང་། མཐུན་སྦྱོར། རྒྱུན་མཐུད་བཅས་ཀྱི་སྒོ་ནས་འཕེལ་རྒྱས་ཡོང་བ་བྱ་རྒྱུ་དང་དུད་ཚང་དབུལ་པོ་ཕྱུག་འགྱུར་ཡོང་བའི་དམིགས་ཚད་མངོན་དུ་འགྱུར་རྒྱུ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། སྲིད་འཛིན་གྲོང་ཚོ་14ཡི་གྲས་སུ་སྒར་རྫོང་དགུན་ས་ཤང་སྒར་གྲོང་གསར་དང་། རུ་ཐོག་རྫོང་རུ་ཐོག་གྲོང་རྡལ་རུ་ཐོག་གྲོང་ཚོ། སྒེར་རྩེ་རྫོང་ཤན་ཆེན་ཤང་བྲག་ཕུག་གྲོང་ཚོ་སོགས་ཚུད་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།