དབུ་ཤོག>གསར་འགྱུར།
  • ​ བསམ་བློའི་སྒྲོན་མེས་སེམས་ཀྱི་མུན་པ་བསལ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-06-14

    “‘ནན་གསུམ་དྲང་གསུམ ’ནི་མེ་ལོང་དང་འཇལ་བྱེད་ཁྲེ་ཙེ་ཞིག་དང་འདྲ་ལ་ཏང་ཡོན་ལས་བྱེད་པ་དཔོན་གནས་བཟུང་ནས་སྲིད་ཞུགས་དང་གོམ་པ་བརྟན་པོས་མདུན་དུ་སྐྱོད་པར་ལམ་སྟོན་པའི་སྒྲོན་མེ་ལྟ་བུ་ཞིག་དེ་བས་ཡིན། ཏང་ཡོན་མི་རེ་ངོ་རེ་དང་ལྷག་པར་དུ་འགོ་ཁྲིད་ལས་བྱེད་པས་མེ་ལོང་ལ་ཡང་ཡང་ལྟ་བ་དང་ནན་ཏན་གྱིས་བསམ་བློ་བཏང་ནས་རང་གིས་རང་ལ་ཡང་ཡང་དྲན་སྐུལ་དང་། གཅུན་འདོམས། བརྟག་དཔྱད་བྱས་ཏེ་རང་གནོངས་འཚོལ་བ་དང་། ཡོ་བསྲང་བྱེད་པ། ཡག་ཐོག་ཡག་བརྩེགས་ཡོང་བའི་ཐོག་ནས་རང་ཉིད་བསམ་སྦྱོར་གཉིས་མཐུན་དང་རང་གཤིས་རྣལ་དུ་ཕབ་སྟེ་ངོ་གནོང་མི་དགོས་པ་ཞིག་བྱ་རྒྱུར་གཞོལ་ཡོད”

    “ནན་གསུམ་དྲང་གསུམ”དང“ལྷག་བསམ་དང་། སྤྱོད་གཙང་། འགན་འཁྲི་འཁུར་ཕོད་པ”བྱ་རྒྱུ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་ཡང་ཡང་གནང་བའི་བློ་གསལ་སྤྱོད་མཐུན་གྱི་བཀའ་སློབ་ཅིག་ཡིན། ལྷ་ས་གྲོང་ཁྱེར་གྱི་རྫོང་རིམ་པ་ཡན་གྱི་འགོ་ཁྲིད་ལས་བྱེད་པ་1009ཆེད་དོན་སློབ་གསོའི་ནང་ཧུར་ཐག་ཞུགས་རིང་། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་གནང་བའི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་སློབ་སྦྱོང་གཏིང་ཟབ་དང་དགོངས་དོན་གྱི་ངོ་བོར་གོ་བ་ལེན་རྒྱུར་ཤུགས་བརྒྱབ་པས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ཉིད་ལྷ་ས་གྲོང་ཁྱེར་མཐུན་སྒྲིལ་ཡར་བརྩོན་ཡོང་བར་ཁྲིད་སྟོན་གྱི་སྟོབས་ཤུགས་འཛད་མཐའ་མེད་པའི་འབྱུང་ཁུངས་དང་མང་ཚོགས་ལམ་ཕྱོགས་ལག་ལེན་བསྟར་བ་དང་། སྤྱོད་ཚུལ་འཛུགས་སྐྱོང་བྱ་ཤུགས་ཆེ་རུ་གཏོང་བ། སྒྱུར་བཅོས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཟམ་མི་ཆད་པར་གཏོད་པའི་སྒུལ་ཤུགས་གལ་ཆེན་དུ་གྱུར་ཡོད།

    “མཐོང་ཆེན་གསུམ”གྱིས་རྩ་འཛུགས་ཀྱི་རྨང་གཞི་བཏིང་བ།

    ལྷ་ས་གྲོང་ཨུད་ཀྱིས་ཆེད་དོན་སློབ་གསོ་སྤེལ་རྒྱུ་དེ་ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་རྒྱུན་སྲིང་གཏིང་ཟབ་དང་ཏང་གི་བསམ་བློ་ཆབ་སྲིད་དང་སྤྱོད་ཚུལ་འཛུགས་སྐྱོང་ལ་སྐུལ་འདེད་གཏིང་ཟབ་གཏོང་བའི་བྱ་ཐབས་གལ་ཆེན་དུ་བརྩི་རྒྱུ་མཐའ་འཁྱོངས་དང་། ཏང་ནང་གི་ཆབ་སྲིད་འཚོ་བ་ནན་དུ་གཏོང་བ། ཏང་གི་ཆབ་སྲིད་སྒྲིག་ཁྲིམས་དང་ཆབ་སྲིད་སྒྲིག་ལམ་ནན་དུ་གཏོང་རྒྱུ་བཅས་དམ་འཛིན་བྱ་གཞིར་བྱ་རྒྱུ་ནས་འགོ་བརྩམས་ཏེ་དེའི་གལ་འགངས་དང་དགོས་ངེས་ལ་ངོས་འཛིན་གང་ལེགས་ཀྱིས་ལྟ་སྟངས་ཡང་དག་འཛིན་ནས་སྒྲིག་འཛུགས་ཞིབ་ཚགས་བྱས་ཤིང་། རིམ་ཁག་ཚན་པ་ཁག་གི་ཏང་ཨུད(ཏང་རྩ་འཛུགས)ཀྱིས་ཆེད་དོན་སློབ་གསོ་སྤེལ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་དུ་བརྩིས་ནས་འགན་ཁུར་བློ་མཐུན་གཙོ་བོས་འགན་ཁུར་བ་དང་པོ་བྱས་ཡོད། ཆེད་དོན་སློབ་གསོ་སྤེལ་རྗེས་ལྷ་ས་གྲོང་ཁྱེར་གྱི་རྫོང(ཆུས)8དང་གྲོང་ཁྱེར(ཀྲུང་དབྱང་དང་རང་སྐྱོང་ལྗོངས)ཐད་གཏོགས་ཚན་པ་74ལ་སྔ་རྗེས་སུ་ཆེད་དོན་སློབ་གསོ་སྤེལ་འགོ་བརྩམས།

    འཆར་འགོད་དང་བཀོད་སྒྲིག་ལ་དོ་སྣང་གིས《གྲོང་ཁྱེར་ཡོངས་སུ“ནན་གསུམ་དྲང་གསུམ”དང“ལྷག་བསམ་དང་སྤྱོད་གཙང་ངང་འགན་འཁྲི་འཁུར་ཕོད་པའི”ཆེད་དོན་སློབ་གསོ་གཏིང་ཟབ་སྤེལ་རྒྱུའི་སྐོར་གྱི་ཀྲུང་གུང་ལྷ་ས་གྲོང་ཁྱེར་ཨུ་ལྷན་གྱི་ཇུས་གཞི》ཞིབ་འཇུག་བྱས་ནས་བཟོས་ཏེ། སྤྱིའི་བླང་བྱ་དང་། ལས་འགན་གཙོ་བོ། བྱེད་སྒོའི་ཁྱབ་ཁོངས། བྱ་ཐབས། རྩ་འཛུགས་ཀྱི་འགན་ལེན་བཅས་ཕྱོགས་ལྔའི་ཐད་ནས་ཆེད་དོན་སློབ་གསོ་བཏང་བ་མ་ཟད། ཆེད་དོན་ཚོགས་འདུ་ཐེངས་མང་འཚོགས་ནས་ཆེད་དོན་སློབ་གསོར་ཞིབ་འཇུག་བཀོད་སྒྲིག་དང་འབྲེལ་ཡོད་ཀྱི་མཛུབ་ཁྲིད་ཡིག་ཆ་དཔར་དུ་བླངས་ནས་བཀྲམ་སྟེ་ལས་དོན་སྤེལ་ཚུལ་ལ་བཀོད་སྒྲིག་ཞིབ་ཕྲ་བྱས་ཡོད།

    གླེང་ཕྱོགས་ཀྱི་ཁྲིད་སྟོན་ལ་མཐོང་ཆེན་བྱས་པ། ལྷ་ས་དགོང་དྲོའི་ཚགས་པར་དང་། ལྷ་ས་བརྙན་འཕྲིན་ལས་ཁུངས། ལྷ་ས་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་བཅས་ཀྱིས“ནན་གསུམ་དྲང་གསུམ”དང“ལྷག་བསམ་དང་སྤྱོད་གཙང་ངང་འགན་འཁྲི་འཁུར་ཕོད་པའི”སྐོར་གྱི་ཆེད་སྒྲིག་ལེ་ཚན་བཏོད་ནས་ཀྲུང་དབྱང་གི་དགོངས་དོན་དང་། ཉམས་མྱོང་། བྱེད་སྟངས་བཟང་པོ་བཅས་དྲིལ་བསྒྲགས་ཤུགས་ཆེན་བྱས་པ་མ་ཟད། བོད་ལྗོངས་ཉིན་རེའི་ཚགས་པར་དང་། ལྷ་ས་དགོང་དྲོའི་ཚགས་པར། ལྷ་ས་བརྙན་འཕྲིན་ལས་ཁུངས། ལྷ་ས་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་བཅས་ཀྱིས་ལྷ་སའི་ཆེད་དོན་སློབ་གསོའི་སྐོར་གྱི་རྩོམ་ཡིག་360ལྷག་ཙམ་གཏོང་སྤེལ་བྱས་ཡོད།

    “སློབ་སྦྱོང་གསུམ”ལ་བརྟེན་ནས་ཏང་གཤིས་བློ་སྦྱོང་ལ་ཤུགས་སྣོན་བརྒྱབ་པ།

    གོང་གིས་འོག་ལ་རང་དཔེ་གཞན་སྟོན་བྱས་པ། ལྷ་ས་གྲོང་ཨུད་རིགས་པའི་གཞུང་ལུགས་ལྟེ་བའི་ཚོགས་ཆུང་གིས“ནན་གསུམ་དྲང་གསུམ”དང“ལྷག་བསམ་དང་སྤྱོད་གཙང་ངང་འགན་འཁྲི་འཁུར་ཕོད་པའི”ཆེད་དོན་སློབ་སྦྱོང་དང་ཞིབ་བསྡུར་བྱེད་རིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་ཆེ་དགྲ་ལྷ་སྐུ་ངོ་མས་སློབ་སྦྱོང་གི་འཆར་གཞི་དང་ཉིན་རེའི་བཀོད་སྒྲིག་རེའུ་མིག་ལ་ཞིབ་བཤེར་གཏན་འཁེལ་དང་སྦྲགས་སློབ་སྦྱོང་གྲོས་བསྡུར་དང་ཟུར་ཁྲིད་གསུང་བཤད་ཀྱི་སྣེ་ཁྲིད་གནང་ཞིང་། ལྷ་ས་གྲོང་ཨུད་ཀྱི་རྒྱུན་ཨུའི་དཔེ་སྟོན་སྣེ་ཁྲིད་འོག་རྫོང(ཆུས)ཁག་གི་ལས་ཁུངས་ཀྱིས་རྗེས་སུ་དམ་པོར་སྙེག་ནས་དོན་དངོས་དང་མཐུན་ཞིང་དམིགས་ས་ལྡན་པ་དང་བཀོལ་སྤྱོད་བྱེད་སླ་ལ་ནང་དོན་ཕུན་སུམ་ཚོགས་པའི་སློབ་སྦྱོང་གི་འཆར་གཞི་བཟོས་པས་ཆེད་དོན་སློབ་གསོ་སློབ་སྦྱོང་བྱེད་པའི་མཐོ་རླབས་ཤིག་འཕྱུར།

    གཞི་རྟེན་གསར་དུ་བཏོད་དེ་སློབ་སྦྱོང་གི་ཕན་འབྲས་མཐོ་རུ་བཏང་བ། 《“ཧྲུའུ་ཅིས་ཏང་གི་སློབ་ཚན་འཁྲིད་པའི”བྱེད་སྒོ་སྤེལ་རྒྱུའི་སྐོར་གྱི་ལྷ་ས་གྲོང་ཁྱེར་གྱི་ལག་བསྟར་ཇུས་གཞི》ཞིབ་འཇུག་བྱས་ནས་བཀྲམ་པ་དང་། ཧྲུའུ་ཅི་ཆེ་དགྲ་ལྷས་སྣེ་འཁྲིད་དེ་ལྷ་ས་གྲོང་ཁྱེར་དང་གྲོང་ཚོའི(ཨུ་ལྷན)ལས་བྱེད་པའི་སློབ་རྒྱུས་མཐོ་རུ་གཏོང་བའི་གསོ་སྦྱོང་འཛིན་གྲྭའི་ཐོག་ཏང་གི་སློབ་ཚན་འཚོགས་པས་ལྷ་ས་གྲོང་ཨུད་ཀྱི་རྒྱུན་ཨུ་དང་རྫོང(ཆུས)ཁག་དང་གྲོང་ཁྱེར་ཐད་གཏོགས་ཚན་པ་ཁག་གི་ཏང་ཨུད(ཏང་ཙུའུ)ཀྱི་ཧྲུའུ་ཅིས་ཁྱབ་ཁོངས་དང་ཁོངས་གཏོགས་ཁག་གི་ཏང་ཡོན་ལས་བྱེད་པར་ཏང་གི་སློབ་ཚན་འཚོགས་པའི་ཧུར་སེམས་འཕེལ་ནས་ད་བར་ལྷ་ས་གྲོང་ཁྱེར་དུ་ཧྲུའུ་ཅིའི་ཏང་གི་སློབ་ཚན་ཐེངས་60འཚོགས་ཡོད།

    སྤེལ་རེས་དང་ཞིབ་བསྡུར་རེས་མོས་ཐོག་ནས་སློབ་སྦྱོང་བྱས་པ། ལྷ་ས་གྲོང་ཁྱེར་གྱི་ལས་ཁུངས་ཁག་གིས་རང་སར་སྤེལ་རེས་དང་། ཞིབ་བསྡུར་གྲོས་བསྡུར། རེས་མོས་གཏམ་བཤད་སོགས་ཀྱི་ཐོག་ལས་ཀའི་དོན་དངོས་དང་ཟུང་འབྲེལ་བྱས་ནས་བསམ་བློའི་དོགས་གནད་དང་ངོས་འཛིན་གསལ་པོ་མེད་པའི་ཁར་དེ་ལྟར་ཡིན་ངེས་སྙམ་པ་དང་འགྲིག་མི་འདུག་སྙམ་པའི་གནད་དོན་དང་དེ་བཞིན་ལས་ཀའི་ཁྲོད་ཀྱི་འགག་གནད་དང་དཀའ་གནད་དང་མང་ཚོགས་ཀྱིས་དོ་ཁུར་དང་དོ་སྣང་བྱེད་པའི་གནད་དོན་ལ་དམིགས་ཏེ། རང་ཉིད་དེའི་ནང་ཞུགས་པ་དང་། འགན་འཁྲི་དོན་ལ་གནས་པ། དོན་དམ་པའི་བསམ་བློ་དང་ལས་ཀ་ཡོད་པའི་ཐོག་ནས་ངོས་འཛིན་ལ་མཐོང་ཆེན་དང་མྱོང་ཚོར་གླེང་ནས་སློབ་སྦྱོང་གི་ནང་དོན་སྤེལ་རེས་དང་བསམ་བློའི་ངོས་འཛིན་ངོ་ཐུག་ཁྲོད་སྐྱོན་སྤང་དགེ་སྒྲུབ་ཀྱིས་ཐུན་མོང་གི་ངོས་འཛིན་ཐུབ་ནས“སློབ་སྦྱོང་གིས་བསམ་བློ་གཏོང་སྟངས་ལ་འགྱུར་ལྡོག་ཡོང་བ་དང་། ཡར་རྒྱས་ལ་བརྟེན་ནས་ལས་དོན་ཡག་པོ་བསྒྲུབ་རྒྱུའི”ཁོར་ཡུག་བཟང་པོ་ཞིག་ཆགས་ཤིང་། ད་བར་སྤེལ་རེས་ཞིབ་བསྡུར་ཐེངས་100ལྷག་ཙམ་བྱས་ཡོད།

    “སྐུལ་འདེད་གསུམ”ལ་བརྟེན་ནས་དག་ཐེར་དོན་འཁྱོལ་ཡོང་བ་བྱས་པ།

    ལྷ་ས་གྲོང་ཁྱེར་གྱིས་གོང་གིས་འོག་འཁྲིད་པ་དང་། གོང་འོག་མཉམ་འགུལ། གཙོ་གནད་མངོན་གསལ་དོད་པ། བློ་གཤོགས་ཡངས་པ། ལྟ་སྐུལ་གནད་སྨིན་བཅས་ཡོང་བའི་ཐོག་ནས་དག་ཐེར་གྱི་བྱ་ཐབས་སྤྱོད་རྒྱུར་དམ་འཛིན་དང་དག་ཐེར་ལས་དོན་དོན་འཁྱོལ་ཡོང་བར་སྐུལ་མ་བཏང་བས་རིམ་པ་གཅིག་གིས་རིམ་པ་གཅིག་ལ་དམ་འཛིན་ཐུབ་སྟེ་རིམ་པས་གནོན་ཤུགས་ཀྱིས་དོན་འཁྱོལ་ལ་དམ་འཛིན་བྱེད་པའི་ལས་ཀའི་རྣམ་པ་ཞིག་ཆགས་ནས་དག་ཐེར་གྱི་ལས་འགན་ཁག་སྒྲུབ་མཁན་ཡོད་པ་དང་དོ་དམ་བྱེད་མཁན་ཡོད་པ་བྱུང་བ་དང་། གསར་འགྱུར་གྱི་སྨྱན་སྦྱོར་སོགས་བརྒྱུད་ཚན་ཁག་དག་ཐེར་གྱི་རྩིས་ཁྲ་དང་། མི་སྒེར་དག་ཐེར་གྱི་གསལ་ཐོ་དང་དེ་བཞིན་ཡོངས་བསྒྲགས་ངང་ཁས་བླངས་པའི་དོན་གནད་དང་དག་ཐེར་བྱས་འབྲས་ཁྱབ་བསྒྲགས་བྱས་ནས་མང་ཚོགས་བློ་ཡིད་ཚིམ་རིམ་བཞིན་ཨང་ཐོ་བསུབ་རྒྱུ་ཚད་གཞིར་བྱས་པས་མང་ཚོགས་དང་འབྲེལ་ལམ་བཟང་པོ་ཆགས་ཤིང་། ད་བར་ལྷ་ས་གྲོང་ཁྱེར་གྱིས་དག་ཐེར་བྱས་ཚུལ་ལ་མང་ཚོགས་བློ་ཡིད་ཚིམ་ཚད་98%ཟིན་ནས་རབ་དང་ཅུང་ལེགས་པ་ཐོབ་ཡོད།

    “ནན་གསུམ་དྲང་གསུམ”དང“ལྷག་བསམ་དང་སྤྱོད་གཙང་ངང་ འགན་འཁྲི་འཁུར་ཕོད་པའི”ཆེད་དོན་སློབ་སྦྱོང་དང་སྦྲེལ་ནས་ལྷ་ས་གྲོང་ཁྱེར་གྱི་རིམ་ཁག་སྡེ་ཚན་ཁག་གིས་ངོས་འཛིན་ཟབ་ཏུ་བཏང་སྟེ། རང་སྐྱོང་ལྗོངས་དང་གྲོང་ཁྱེར་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་ལག་བསྟར་ནན་ཏན་བྱས་ནས་ཟླ་བ་གསུམ་པའི་བརྟན་ལྷིང་སྲུང་སྐྱོང་ལས་ཀ་ནུས་ཤུགས་ཡོད་རྒུས་ཡག་པོ་བསྒྲུབས་ཤིང་། “ནན་གསུམ་དྲང་གསུམ”དང“ལྷག་བསམ་དང་སྤྱོད་གཙང་ངང་ འགན་འཁྲི་འཁུར་ཕོད་པའི”ཆེད་དོན་སློབ་སྦྱོང་བྱས་པ་བརྒྱུད་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་རིག་པ་དྭངས་གསལ་གྱི་སྒོ་ནས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་དུས་ཡུན་རིང་བ་དང་། རྙོག་འཛིང་ཆེ་བ། རྣོ་ངར་ལྡན་པའི་ངོས་འཛིན་ཁ་གསལ་བྱུང་སྟེ་བསམ་བློ་གཅིག་གྱུར་དང་དད་སེམས་བརྟན་དུ་སོང་ནས“ནན་གསུམ་དྲང་གསུམ”དང“ལྷག་བསམ་དང་སྤྱོད་གཙང་ངང་འགན་འཁྲི་འཁུར་ཕོད་པའི”ཟོལ་མེད་ལྷག་བསམ་ཐོག་ནས་རང་ས་སྲུང་བའི་འགལ་འཁྲི་ཡོད་པ་དང་རང་ས་སྲུང་བའི་འགལ་འཁྲི་གཙང་སྒྲུབ་ཐུབ་པ་བྱུང་ཡོད། གྲོང་ཁྱེར་འདི་ཡོངས་ཀྱི་རིམ་ཁག་སྡེ་ཚན་ཁག་གིས་ལས་མི་ཚང་མ་ལས་གནས་ཐོག་ཡོད་པ་བྱ་རྒྱུ་མཐའ་འཁྱོངས་བྱས་པས། གྲོང་ཁྱེར་བརྟན་ལྷིང་སྲུང་སྐྱོང་གི་འཐབ་ས་མདུན་མའི་བཀོད་འདོམས་པུའུ་དང་། རྫོང(ཆུས)ཁག་ལ་བཅའ་སྡོད་བརྟན་ལྷིང་སྲུང་སྐྱོང་གི་ལྟ་སྐུལ་མཛུབ་ཁྲིད་ལས་དོན་ཚོགས་ཆུང་། དགོན་སྡེར་བཅའ་སྡོད་ལས་དོན་རུ་ཁག་བཅས་ཀྱི་བསམ་པའི་ཉམས་འགྱུར་བཟང་པོ་མངོན་ནས་བརྟན་ལྷིང་སྲུང་སྐྱོང་ལས་ཀའི་ལམ་སྲོལ་དོན་འཁྱོལ་བྱུང་ཡོད། ལྷ་ས་གྲོང་ཁྱེར་གྱི་རིམ་ཁག་འགོ་ཁྲིད་ལས་བྱེད་པས་ཆེད་དོན་སློབ་གསོ་སྤེལ་རྒྱུ་གོ་སྐབས་དང་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་སློབ་སྦྱོང་ནན་ཏན་དང་། ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་བཏོན་གནང་བའི“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་སྒྲིག་ལ་གོ་བ་ཟབ་མོ་དང་ཁོང་དུ་ཆུད་པ་བྱས་པའི་ཁར་གྲོང་ཨུད་ཀྱི་སྐབས་བརྒྱད་པའི་ཨུ་ཡོན་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་དང་གྲོང་ཁྱེར་ཡོངས་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུའི་བཀོད་སྒྲིག་གི་བླང་བྱར་གཞིགས་ནས་དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱུན་རྣམ་གསར་པ་དང་རང་འགུལ་ངང་འཚམ་པ་བྱས་ཏེ་དམ་འཛིན་དང་། ཏན་ཏིག ནན་ཏན་གྱི་སྒོ་ནས་ལས་དོན་ཁག་ལེགས་པར་བསྒྲུབས་ཡོད།

    ལྷ་ས་གྲོང་ཁྱེར་གྱི་འགོ་ཁྲིད་ལས་བྱེད་པས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བྱ་རྒྱུ་གོ་སྐབས་སུ་བྱས་ཏེ་སྦྱངས་རྗེས་ངེས་པ་དང་རྙེད་པ། གོ་ཆོད་པ། དོན་ལ་འཁྱོལ་བའི་ཐོག་ནས་ཀྲུང་གོའི་ཕུགས་འདུན་གྱི་ལྷ་སའི་ལེའུ་རྩོམ་པའི་དྲང་ནུས་སྟོབས་ཆེན་ཞིག་ཆགས་པར་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།