དབུ་ཤོག>གསར་འགྱུར།
  • སྔོ་ཚལ་ཐོན་སྐྱེད་ཀྱི་འགག་སྒོ་ནན་པོ་སྲུང་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  ​ སུན་ཝུན་ཅོན་གྱིས།   |     སྤེལ་དུས།  2015-06-12

    “ཤ་ཚལ་སྒོང་གསུམ”གྱི་འདུ་འགོད་དེ་མང་ཚོགས་ཀྱི་འཚོ་བའི་སྤུས་ཚད་དང་འབྲེལ་བ་དམ་ཟབ་ཡོད། ཚལ་གོང་བརྟན་པོ་ཡོང་བ་བྱེད་པར་འགག་རྩ་ནི་ཐོན་སྐྱེད་ལ་སྐུལ་མ་གཏོང་བ་དང་མཁོ་འདོན་འགན་ལེན་བྱེད་དགོས། ས་གནས་དེ་གའི་དུས་ཚིགས་སྔོ་ཚལ་རང་མཁོ་རང་སྤྲོད་བྱེད་ནུས་ཆེ་རུ་གཏོང་བ་དང་། གནད་ཆེའི་སྔོ་ཚལ་ཐོན་སྐྱེད་རྟེན་གཞིར་མ་དངུལ་དང་སྲིད་ཇུས་ཀྱི་ཐོག་ནས་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། སྔོ་ཚལ་བདེ་འཇགས་ཐོན་སྐྱེད་ལག་རྩལ་ཁྱབ་སྤེལ་གཏོང་བ་བཅས་བྱེད་དགོས། ཐོན་སྐྱེད་ལྷུ་ཚིགས་ཀྱི་འགག་སྒོ་ནན་པོ་སྲུང་ཚེ་མི་སེར་ཚོའི“ཤ་ཚལ་སྒོང་གསུམ”གཞི་ནས་སྔར་བས་ཕུན་སུམ་ཚོགས་སུ་འགྲོ་ཐུབ།

    ས་གནས་དེ་གའི་དུས་ཚིགས་སྔོ་ཚལ་རང་མཁོ་རང་སྤྲོད་བྱེད་ནུས་ཆེ་རུ་གཏོང་བར་ས་ཁམས་ཀྱི་ཆ་རྐྱེན་དང་ཟུང་འབྲེལ་བྱས་ནས་སྔོ་ཚལ་རྟེན་གཞི་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ་དང་འདེབས་འཛུགས་གཞི་ཁྱོན་ཆེ་རུ་གཏོང་དགོས། “ཤ་ཚལ་སྒོང་གསུམ”འདུ་འགོད་ཀྱི་ཐོན་སྐྱེད་རྟེན་གཞི་འཛུགས་སྐྲུན་བྱེད་པ་དང་། ཐོན་སྐྱེད་ཀྱི་གཞི་ཁྱོན་ཆེ་རུ་གཏོང་བ། གྲགས་ལྡན་དང་། སྤུས་ལེགས། ཁྱད་ལྡན་བཅས་ཀྱི་སྤྱི་གནོད་མེད་པའི་སྔོ་ཚལ་དང་། དུས་ཚིགས་ལས་ལྡོག་པའི་སྔོ་ཚལ། སྤྱི་གནོད་མེད་པའི་སྔོ་ཚལ་བཅས་ཐོན་སྐྱེད་བྱས་ནས”ཤ་ཚལ་སྒོང་གསུམ”འདུ་འགོད་དེ་ཐོན་ལས་ཅན་དུ་འགྱུར་བའི་གཉེར་སྐྱོང་རྣམ་པ་ཞིག་རིམ་གྱིས་ཆགས་པ་བྱེད་དགོས། ལྗོངས་ཡོངས་ཀྱི་འབྲེལ་ཡོད་སྡེ་ཚན་གྱིས“ཤ་ཚལ་སྒོང་གསུམ”ཀྱི་འདུ་འགོད་དེ་ཞིང་འབྲོག་ལས་ཀྱི་དཔལ་འབྱོར་གྲུབ་ཆ་ལེགས་སྒྲིག་བྱེད་པ་དང་ཞིང་འབྲོག་པའི་ཡོང་འབབ་འཕར་བ་བྱེད་པའི་དོན་ཆེན་ཞིག་ཏུ་བརྩིས་ཏེ་དམ་འཛིན་བྱེད་པ་མ་ཟད་ལས་དོན་དེ་ཞིང་འབྲོག་ལས་ཐོན་སྐྱེད་དང་། ཞིང་འབྲོག་ལས་ཕྱོགས་བསྡུས་གསར་སྤེལ། ཞིང་འབྲོག་ལས་གླིང་ཁུལ་འཛུགས་སྐྲུན། ཐོན་ལས་ཅན་གྱི་གཉེར་སྐྱོང་བཅས་དང་ཟུང་འབྲེལ་བྱས་ནས་ལྗོངས་ཡོངས་ཀྱི“ཤ་ཚལ་སྒོང་གསུམ”གྱི་འདུ་འགོད་ཐོན་ལས་དེ་ཐོན་སྐྱེད་གཞི་ཁྱོན་ཅན་དང་། ས་ཁོངས་ཁྱད་ལྡན་ཅན། སྤུས་ཚད་ཚད་ལྡན་ཅན། ཐོན་རྫས་བདེ་འཇགས་ཅན། གཉེར་སྐྱོང་ཁྲོམ་ར་ཅན་བཅས་སྤྱིར་ན་མངོན་འགྱུར་ཐུབ་པ་བྱེད་པ་དང“ཤ་ཚལ་སྒོང་གསུམ”གྱི་འདུ་འགོད་དེ་རྒྱུན་སྲིང་ངང་ཐོན་སྐྱེད་བྱེད་པ་དང་བརྟན་པོའི་ངང་འཕེལ་རྒྱས་གཏོང་ཐུབ་པ་བྱེད་དགོས།

    གནད་ཆེའི་སྔོ་ཚལ་ཐོན་སྐྱེད་རྟེན་གཞི་འཛུགས་སྐྲུན་བྱེད་པར་མ་དངུལ་དང་སྲིད་ཇུས་ཀྱི་ཐོག་ནས་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས། “ཐོན་འབོར་མང་བ་དང་། སྤུས་ཀ་ལེགས་པ། ཕན་འབྲས་ཡག་པོ། བདེ་འཇགས་ཡིན་པ”བཅས་ཀྱི་སྤྱིའི་བླང་བྱ་གཞིར་བཟུང་འདུས་གྲུབ་ལག་རྩལ་དང་། ཞིབ་གཉེར་འཕེལ་རྒྱས། སྟོབས་ཤུགས་གཅིག་སྡུད་བཅས་བརྒྱུད་སྔོ་ཚལ་གྱི་ཐོན་སྐྱེད་ཁྱབ་ཚུལ་དང་རྣམ་གྲངས་གྲུབ་ཆ་དང་དེ་བཞིན་འཕེལ་རྒྱས་གཏོང་སྟངས་དང་གཉེར་སྐྱོང་བྱེད་སྟངས་སྔར་བས་བཟང་སྒྲིག་བྱེད་པ་དང་འགྱུར་ལྡོག་བཏང་ནས་ལྗོངས་ཡོངས་ཀྱི་སྔོ་ཚལ་ཐོན་ལས་ལེགས་ལ་མྱུར་བའི་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པ་དང་སྔོ་ཚལ་ཐོན་སྐྱེད་ཀྱི་གོམ་སྟབས་མགྱོགས་སུ་གཏོང་དགོས།

    སྤུས་ཚད་བདེ་འཇགས་ལ་ཚད་མཐོའི་སྣང་ཆེན་བྱས་ནས་སྔོ་ཚལ་བདེ་འཇགས་ཐོན་སྐྱེད་ཀྱི་ལག་རྩལ་ཁྱབ་སྤེལ་གཏོང་དགོས། སྔོ་ཚལ་ཐོན་སྐྱེད་བྱེད་རིང་ནད་དང་འབུའི་གནོད་འཚེ་གཅིག་གྱུར་ཐོག་འགོག་བཅོས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། འདེབས་འཛུགས་དུད་ཚང་ལ་སྤྱི་གནོད་མེད་པའི་སྔོ་ཚལ་འདེབས་འཛུགས་ལག་རྩལ་དང་། འདེབས་འཛུགས་ཁོར་ཡུག་བླང་བྱ། བདེ་འཇགས་ངང་ཞིང་སྨན་བེད་སྤྱོད་གཏོང་བ་དང་ལུད་རྒྱག་པ། ནད་དང་འབུའི་གནོད་འཚེ་འགོག་བཅོས་སོགས་ཐད་ཀྱི་ལག་རྩལ་གསོ་སྦྱོང་བྱེད་ཤུགས་ཆེ་རུ་གཏོང་བ། བེད་སྤྱོད་ཀྱི་འགག་སྒོ་ནན་སྲུང་བྱེད་པ། “ཤ་ཚལ་སྒོང་གསུམ”ཐོན་རྫས་ཀྱི་སྤུས་ཚད་ཐད་ཁྲིམས་ལྟར་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ། སྔོ་ཚལ་ཐོན་རྫས་ལ་འཆར་ཅན་གྱི་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་སྔོ་ཚལ་གྱི་སྤུས་ཚད་འགན་ལེན་བྱེད་པ་དང་མི་དམངས་མང་ཚོགས་བློ་བདེ་པོ་ཡོང་བ་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།