དབུ་ཤོག>གསར་འགྱུར།
  • འབྱུང་རྩ་ནས་སློབ་གསོ་ལོག་ལམ་དུ་མི་གྱར་བ་བྱེད་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  ​ ཕུང་ཅིས།   |     སྤེལ་དུས།  2015-06-12

    སློབ་གྲྭ་ནི་བོད་འཕེལ་རྒྱས་བརྟན་ལྷིང་གི་རྗེས་གྲབས་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པའི་རྟེན་གཞི་གལ་ཆེན་ཞིག་དང་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བའི་སློབ་གསོའི་འཐབ་ས་གལ་ཆེན་ཞིག་རེད།

    “སུའི་ཆེད་དུ་མི་སྣ་གསོ་སྐྱོང་དང་། མི་ཇི་འདྲ་ཞིག་གསོ་སྐྱོང་། ཇི་ལྟར་བྱས་ནས་མི་སྣ་གསོ་སྐྱོང”བཅས་བྱེད་པའི་གནད་དོན་གལ་ཆེན་དེར་སློབ་གྲྭས་ཇི་ལྟར་བྱེད་དགོས་སམ།

    དང་ཐོག་ཚན་རིག་དང་མཐུན་པའི་ངང་ཏང་རྩ་འཛུགས་བཙུགས་ནས་ཏང་རྩ་འཛུགས་ཁྱབ་པ་བྱེད་པའི་ལས་དོན་སྔར་བས་སྲ་བརྟན་དང་རྒྱ་ཆེར་གཏོང་དགོས། མུ་མཐུད་ནུས་ཤུགས་གང་མང་བཏོན་ནས་དཔེ་སྟོན་འདེམས་གཏོད་དང་ཁྲིད་སྟོན་ལ་ཤུགས་སྣོན་བརྒྱབ་སྟེ་སློབ་གྲྭའི་ཏང་རྩ་འཛུགས་ཀྱིས་ཏང་གི་སློབ་གསོའི་མཛད་ཕྱོགས་མཐའ་འཁྱོངས་དང་སྤྱི་ཚོགས་རིང་ལུགས་ཀྱི་སློབ་གཉེར་ཁ་ཕྱོགས་སྟངས་འཛིན་ནན་པོ་བྱེད་པའི་ཐད་སྲ་ཞིང་བརྟན་པའི་འགོ་ཁྲིད་ཀྱི་ལྟེ་བ་དང་རྩ་འཛུགས་ཀྱི་འགན་ལེན་བྱེད་པ་དང་ཆབས་ཅིག འགན་འཁྲི་ནན་ཏན་ཁུར་ནས་ཏང་སྲོལ་ནང་གཏན་འབེབས་བྱས་པའི་གཞི་རིམ་ཏང་རྩ་འཛུགས་ཀྱི་གཞི་རྩའི་ལས་འགན་ཁག་ལེགས་སྒྲུབ་གང་ལེགས་བྱས་ཏེ་གཞི་རིམ་ཏང་རྩ་འཛུགས་ཀྱི་དམག་འཐབ་མཁར་རྫོང་གི་ནུས་པ་དང་ཆབ་སྲིད་ཀྱི་ལྟེ་བའི་ནུས་པ་ཧུར་ཐག་འདོན་པའི་ཐད་དེ་བས་ནུས་ལྡན་གྱི་ལས་དོན་སྒྲུབ་སྟངས་ཤིག་འཚོལ་ཞིབ་བྱེད་དགོས།

    དེ་རྗེས“དྲུག་ཡོད་པའི”དམིགས་ཚད་ལ་གཞིགས་པ་དང་ཀུན་སྤྱོད་ལེགས་སུ་གཏོང་བ་དང་མི་སྣ་གསོ་སྐྱོང་གི་རྩ་བའི་ལས་འགན་ལ་དམིགས་ནས་རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭའི་གཞི་རིམ་ཏང་རྩ་འཛུགས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱ་རྒྱུར་ཁྲིད་སྟོན་ཧུར་ཐག་བྱེད་པ་དང་། བྱེད་སྒོ་སྤེལ་སྟངས་དང་བྱེད་སྒོའི་གཞི་རྟེན་གསར་གཏོད་ཀྱིས་དགེ་སློབ་དང་། སློབ་གསོ་སྒྱུར་བཅོས་འཕེལ་རྒྱས། སློབ་གྲྭ་བརྟན་ལྷིང་གི་སྤྱི་ཡོངས་བཅས་ལ་ཞབས་འདེབས་ཞུ་བའི་ཕུགས་ཕན་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་དང་ཆབས་ཅིག གཞི་རིམ་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་དང་ཏང་དོན་ལས་དོན་པའི་གསོ་སྦྱོང་ལ་སྔར་བས་ཤུགས་སྣོན་བརྒྱབ་ནས་ཁོང་ཚོའི་ཕྱོགས་བསྡུས་བྱང་ཚད་དང་ལས་སྒོའི་འཇོན་ཐང་ཆེ་རུ་ནུས་ལྡན་གཏོང་དགོས།

    མཇུག་ཏུ་ཏང་ཡོན་དཔུང་ཁག་འཛུགས་སྐྱོང་ལ་སྔར་བས་ཤུགས་སྣོན་རྒྱག་དགོས། དེ་ཡང་སློབ་གསོ་གསོ་སྦྱོང་ལ་ཤུགས་སྣོན་དང་། ཚད་གཞི་མཐའ་འཁྱོངས། སྤུས་ཚད་མཐོར་གཏོང་བཅས་ལ་སྣང་ཆེན་གྱིས་ཕུལ་བྱུང་ན་གཞོན་དགེ་རྒན་དང་སློབ་ཆེན་སློབ་མའི་ཁྲོད་ཏང་ཡོན་འཕེལ་རྒྱས་ཀྱི་ལས་དོན་ཡག་པོ་སྒྲུབ་པ་དང་མཐོ་རིམ་སློབ་འབྲིང་དང་འབྲིང་རིམ་ལས་རིགས་སློབ་གྲྭའི་ཏང་ཞུགས་ཧུར་བརྩོན་ཅན་གསོ་སྐྱོང་དང་ཏང་ཡོན་འཕེལ་རྒྱས་ཀྱི་ལས་དོན་ཡག་པོ་བསྒྲུབ་དགོས།

    མདོར་བསྡུས་ནས་བརྗོད་ན། ང་ཚོས་སློབ་གསོའི་ཁོངས་གཏོགས་ཀྱི་ཏང་འཛུགས་སྐྱོང་ལས་དོན་ལེགས་སུ་གཏོང་རྒྱུར་ཤུགས་སྣོན་བརྒྱབ་སྟེ་སློབ་གསོ་དེ་སློབ་གསོའི་འབྱུང་རྩ་དང་མཐུན་པ་དང་འབྱུང་རྩ་ནས་སློབ་གསོ་ལོག་ལམ་དུ་མི་གྱར་བ་བྱེད་དགོས། དེ་ལྟར་བྱས་ཚེ་དགེ་སློབ་མང་པོར་སློབ་གསོའི་ཁོར་ཡུག་བཟང་པོ་ཞིག་གཏོད་ཐུབ་ནས་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་སྐྲུན་མཁན་གྱི་རྗེས་གྲབས་ཤེས་ལྡན་མི་སྣ་སྐྱེད་སྲིང་ཐུབ་བོ།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།