དབུ་ཤོག>གསར་འགྱུར།
  • “ཡུལ་སྐོར་འགྲོ་ཞོར་དུ་ཡོང་སྒོ་གསོག་ཐུབ་པ”བདེན་པ་མིན།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ​ ཟླ་ཚེས།   |     སྤེལ་དུས།  2015-06-12

    ད་ཆ་སྐད་འཕྲིན་གྱི་གྲོགས་ཚོགས་ནང་བརྒྱུད་ཚོང་གི་བརྡ་ཁྱབ་བསྐུར་བར་ཡ་མཚན་རྒྱུ་མེད། ཡིན་ནའང་ཉེ་ཆར་དགོད་བྲོ་བ་འདི་འདྲ་ཞིག་བསྐུར་ཡོང་བ་སྟེ། “ཡུལ་སྐོར་ལ་འགྲོ་ཞོར་ཡོང་སྒོ་གསོག་པ”ཞེས་པ་དེ་ཡིན། སྨྱུག་འཛིན་པས་སྐད་འཕྲིན་གྱི་གྲོགས་པོ་རྣམས་ལ་རྣམ་དཔྱོད་མིག་གིས་ལྐོག་གཡོ་ཞིག་ཡིན་པ་མཐོང་ཐུབ་པ་དགོས་པ་ལས་དེའི་ནང་ཚུད་རྒྱུ་མེད་པའི་ངོས་འཛིན་བྱེད་ཀྱི་ཡོད།

    “ཡུལ་སྐོར་ལ་འགྲོ་ཞོར་ཡོང་སྒོ་གསོག་པ”ཞེས་པའི་གཡོ་ཇུས་དེའི་གནད་འགག་ནི་ཡོང་སྒོ་གསོག་པ་ཞེས་པའི་ཡིག་འབྲུ་དེ་ཡིན། ང་ཚོས་ཤེས་དགོས་གལ་ཞིག་ནི། སྤྱིར་ཡུལ་སྐོར་དུ་འགྲོ་རྒྱུ་ནི་འཛད་སྤྱོད་ཀྱི་བྱ་བ་ཞིག་ཡིན་པ་དེས་ཡུལ་སྐོར་བྱེད་མཁན་རང་ངོས་ནས་བཤད་ཚེ་དཔལ་འབྱོར་གྱི་འགྲོ་སོང་གཏོང་རྒྱུར་ཐུག་པར་བརྟེན་སྤྱིར་ཡུལ་སྐོར་ཐེངས་གཅིག་འགྲོ་བར་དངུལ་མང་པོ་གཏོང་དགོས་པ་སྨོས་མེད་རེད། གལ་སྲིད་དེ་ལས་ཐོབ་པའི་ཕན་པའི་སྐོར་གླེང་ཚེ། དེ་ནི་ལུས་སེམས་བདེ་ཐང་ཡོང་བ་དང་། ལྟ་རྒྱ་ཐོས་རྒྱ་ཆེ་རུ་སོང་བ། ཤེས་བྱ་མང་པོ་ཤེས་པ་དེ་ཡིན་ལགས། ཡིན་ནའང་མི་དང་དུས་ཚོད་གཉིས་ཀ་བློས་གཏོང་དགོས་པའི་ནང་ད་དུང་ཡོང་སྒོ་བྱུང་བ་དངོས་གནས་ཡིན་ཚེ་སྤགས་ལ་དགོས་རྒྱུ་སྤགས་ཁུ་ལྟ་བུ་ཡིན།

    སྨྱུག་འཛིན་པར་ཤེས་རྟོགས་བྱུང་བ་ནི། “ཡུལ་སྐོར་ལ་འགྲོ་ཞོར་ཡོང་སྒོ་གསོག་པ”ཞེས་པའི་ཤོད་སྟངས་ནི། སྐད་འཕྲིན་གྲོགས་ཚོགས་ནང་ཞུགས་ནས་ཁོང་ཚོའི་ཁོངས་མིར་འགྱུར་རྗེས་གོང་ཆུང་ཤོས་ཀྱི་ཡུལ་སྐོར་བཟའ་བཅའ་དང་། གནམ་གྲུའི་སྤ་སེ། འགྲུལ་ཁང་། རྒྱས་སྤྲོས་གྲུ་གཟིངས། རླངས་འཁོར་གླ་བ་སོགས་ཀྱི་ཞབས་ཞུ་ལོངས་སུ་སྤྱོད་རྒྱུ་ཡོད་པའི་ཁར་ཡོང་སྒོ་ཡང་རག་ཐུབ་པར་བཤད་པས་བལྟས་པ་ཙམ་གྱིས་ཡིད་དབང་འཕྲོག་པ་ཞིག་ཡོད།

    འོན་ཀྱང་སེམས་ལ་གཡོ་སྒུལ་ཐེབས་ཞོར་སེམས་རྣལ་དུ་ཕབ་ནས་བསམ་བློ་ཞིབ་ཕྲ་བཏང་བ་བརྒྱུད་ཡོང་སྒོ་གསོག་རྒྱུ་ཞེས་པ་ནི་སྔོན་ལ་དེའི་ནང་ཞུགས་པའི་འགྲོ་གྲོན་སྤྲོད་དགོས་པ་མ་ཟད། ལས་འགན་ཞིག་སྟེ་ཁོངས་མི་མང་པོ་འཇུག་རོགས་བྱས་ཏེ་མི་རེ་ནས་གླས་གླ་བླངས་རྒྱུ་དེ་ཡིན་པ་གསར་འགོད་པས་ཤེས་བྱུང་། དེ་འདྲ་ཡིན་ན་རྣམ་དཔྱོད་དང་ལྡན་པའི་མིག་གིས་དེ་ནི་ངོ་བོ་འགྱུར་པའི་བརྒྱུད་ཚོང་ཞིག་ཡིན་པ་གསལ་པོར་མཐོང་།

    ང་ཚོའི་རྒྱལ་ཁབ་ཀྱིས་སྔོན་ནས་གཏན་འབེབས་ཁ་གསལ་འདི་ལྟར་བྱས་ཡོད་པ་སྟེ། ཁོངས་མི་འཕེལ་རྒྱས་གཏོང་རིང་། ཐོན་ཟོག་ངོ་མ་སྟོན་རྒྱུ་མེད་པར་ཁེ་བཟང་ལེན་ཐབས་བྱེད་པ་ནི་བརྒྱུད་འཚོང་ཞིག་ཡིན་པས་བཀག་སྡོམ་བྱེད་དགོས་པ་འཁོད་ཡོད།

    ཉེ་བའི་ལོ་ཤས་རིང་། འབྲེལ་ཡོད་སྡེ་ཚན་གྱིས་རྡུང་རྡེག་བྱ་ཤུགས་ཆེ་རུ་བཏང་བས་ཁྲིམས་འགལ་གྱི་བརྒྱུད་ཚོང་བྱ་བ་སྤྱིར་ན་ཐོས་རྒྱུ་མེད་པ་ཆགས་ནའང“ཡུལ་སྐོར་བྱེད་ཞོར་ཡོང་སྒོ་གསོག་པའི”“ངོ་བོ་སྒྱུར་བའི་བརྒྱུད་ཚོང”དེ་རིགས་སྐབས་རེ་ཐོན་པར་བརྟེན་རྒྱ་ཆེའི་འཛད་སྤྱོད་པས་རྣམ་དཔྱོད་མིག་གིས་ཁེ་ཆུང་ལ་བསམས་ནས་གྱོང་ཆེན་པོ་རག་གི་ཡོད་པ་གསལ་པོར་མཐོང་དགོས་པའི་དྲན་སྐུལ་བྱ་རྒྱུ་ཡིན།

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།