དབུ་ཤོག>གསར་འགྱུར།
  • ​ དང་བླངས་སྙིང་སྟོབས་ཟམ་མི་ཆད་པར་རྒྱུན་འཛིན་བྱེད་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  ​ ལི་ཝུན་ཅན་དང་ཚེ་སྒྲོན་གྱིས།   |     སྤེལ་དུས།  2015-06-12

    གཞོན་ནུ་དང་བླངས་པའི་ལས་ཀ་ནི་ཏང་སྲིད་ལྟེ་གནས་ཀྱི་ལས་ཀ་དང་དཔལ་འབྱོར་སྤྱི་ཚོགས་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བའི་གཞི་རྟེན་གལ་ཆེན་ཡིན་ལ་གུང་གཞོན་ཚོགས་པའི་རྩ་འཛུགས་ཀྱིས་གཞོན་ནུ་རྣམས་སྤྱི་ཚོགས་ལག་ལེན་དང་འཚར་ལོངས་སྦྱོང་བརྡར་ནང་ཞུགས་རྒྱུར་སྣེ་ཁྲིད་བྱེད་པའི་ཐབས་ལམ་གལ་ཆེན་ཞིག་ཀྱང་ཡིན། གཞོན་ནུ་དང་བླངས་པའི་ལས་དོན་ཡག་པོ་བསྒྲུབ་རྒྱུར་དོན་སྙིང་གལ་ཆེན་ལྡན། འོན་ཀྱང་ལས་དོན་དེ་ཡག་པོ་བསྒྲུབ་དགོས་ན་ཚན་རིག་དང་མཐུན་པའི་ཐབས་ལམ་ལ་བརྟེན་ནས་དོ་དམ་གྱི་ཕན་འབྲས་ཟམ་མི་ཆད་པར་བརྟན་པོ་དང་ལེགས་སུ་གཏོང་བ། ཕུན་སུམ་ཚོགས་པའི་གཞི་རྟེན་རྒྱ་བསྐྱེད་པ། གཞོན་ནུ་དང་བླངས་པའི་ལས་དོན་འཕེལ་རྒྱས་ཆེན་པོ་ཡོང་བར་སྐུལ་མ་གཏོང་བ་བཅས་ལ་སྣང་ཆེན་བྱས་ནས་དང་བླངས་པའི་སྙིང་སྟོབས་ཟམ་མི་ཆད་པར་རྒྱུན་འཛིན་བྱེད་དགོས།

    དང་བླངས་སྙིང་སྟོབས་དར་སྤེལ་གཏོང་བར་ལམ་ལུགས་ནི་འགན་སྲུང་ཡིན། དང་བླངས་སྙིང་སྟོབས་དར་སྤེལ་གཏོང་རྒྱུ་དེ་ཞབས་ཞུ་ལམ་ལུགས་ཅན་གྱི་འཕེལ་རིམ་ཞིབ་ཕྲའི་ནང་གཅིག་གྱུར་བྱེད་པ་དང་། གཙོ་གནད་ཐོག་སྡེ་ཁུལ་དང་བླངས་ཞབས་ཞུ་ལམ་ལུགས་ཅན་གྱི་འཛུགས་སྐྱོང་ལ་སྐུལ་སྤེལ་གཏོང་བ། དང་བླངས་པའི་གསོ་སྦྱོང་དོ་དམ་ལ་ཤུགས་སྣོན་རྒྱག་པ། དང་བླངས་པའི་བསྡུ་སྐོང་ཐོ་འགོད་ལམ་ལུགས་ཁྱོན་ཡོངས་ནས་ཁྱབ་གདལ་གཏོང་བ་བཅས་བྱས་ནས་དང་བླངས་པའི་ཞབས་ཞུའི་འདུ་ཤེས་དང་། ཞབས་ཞུའི་ནུས་པ། ཞབས་ཞུའི་ཆུ་ཚད་བཅས་མཐོ་རུ་གཏོང་དགོས་པ་དང་། དང་བླངས་ཞབས་ཞུའི་སྐུལ་ལྕག་ལམ་སྲོལ་འཐུས་ཚང་དུ་བཏང་ནས་ལུགས་མཐུན་གྱི་དང་བླངས་ཞབས་ཞུའི་བྱེད་སྒོའི་གདེང་འཇོག་དམིགས་ཚད་བཟོ་བ་དང་། ཚན་རིག་དང་མཐུན་པའི་ངང་དང་བླངས་ཞབས་ཞུའི་སྤྱི་ཚོགས་རིན་ཐང་ངོས་འཛིན་པ། དང་བླངས་པའི་ཧུར་བརྩོན་རང་བཞིན་དང་། རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་སྲུང་སྐྱོང་དང་འདོན་སྤེལ་གང་ལེགས་བྱེད་དགོས། དང་བླངས་ཞབས་ཞུ་ནི་སྤྱི་ཕན་ཞབས་ཞུ་ཡིན་པས་ངེས་པར་དུ་དེ་མཚུངས་ཀྱི་སྲིད་ཇུས་རྒྱབ་སྐྱོར་དང་འཐུས་ཚང་གི་འགན་སྲུང་མ་ལག་ཅིག་དགོས། དང་བླངས་ཞབས་ཞུ་དེ་ཉིད་ཤེས་དཔལ་གྲོང་ཁྱེར་དང་། ཤེས་དཔལ་གྲོང་ཚོ་དང་གྲོང་རྡལ། ཤེས་དཔལ་ལས་རིགས། ཤེས་དཔལ་ཚན་པ་བཅས་གཏོད་པའི་ནང་དོན་གལ་ཆེན་དུ་བརྩིས་ནས་ཚད་ལེན་དཔྱད་དཔོག་གི་མ་ལག་དང་དཔྱད་ཞིབ་དམིགས་ཚད་ནང་འཇུག་དགོས།

    དང་བླངས་སྙིང་སྟོབས་དར་སྤེལ་གཏོང་བར་རྒྱུན་འཛིན་ནི་དམིགས་ཡུལ་ཡིན། གཞོན་ནུ་དང་བླངས་པའི་ཞབས་ཞུའི་ཐད་རང་ངོས་ཀྱི་ཁྱད་ཆོས་ལྡན་པ་དང་དང་བླངས་ཞབས་ཞུ་བྱེད་པར་ངེས་པར་དུ་ཆོས་ཉིད་སྟངས་འཛིན་དང་ཆོས་ཉིད་ལ་བརྩི་འཇོག་བྱེད་དགོས། ཕན་ཚུན་གཅེས་སྐྱོང་དང་སྤྱི་ཚོགས་ཞབས་ཞུ་གཙོ་གནད་ཐོག་མཐའ་འཁྱོངས་ཀྱིས་སྤྱི་ཕན་རང་བཞིན་དེ་གཙོ་བོར་འཇོག་དགོས། དང་བླངས་སྙིང་སྟོབས་ཀྱིས་རང་དབང་རང་མོས་དང་། ཐོབ་ཆར་མི་རེ་བ། གཞན་ཕན་བཅས་ཀྱི་རྩ་དོན་རྒྱུན་འཛིན་བྱེད་པ་མ་ཟད། དེ་བས་ཀྱང་ཚན་རིག་དང་མཐུན་པའི་འཇིག་རྟེན་ལྟ་བ་དང་བརྟག་ཐབས་སྨྲ་བ་དེ་མཛུབ་ཁྲིད་དུ་བྱས་ནས་སྒྱུར་བཅོས་སྒོ་དབྱེའི་ལག་ལེན་ལ་རམ་འདེགས་བྱས་ཐོག་ཚད་མཐོའི་དངོས་པོའི་དཔལ་ཡོན་དང་། བསམ་པའི་དཔལ་ཡོན། སྣོད་བཅུད་ཤེས་དཔལ་བཅས་སྐྲུན་རྒྱུ་གཅིག་གྱུར་ཡོང་བ་བྱེད་དགོས། ཕུགས་ལ་དམིགས་པ་དང་བརྒྱུད་རིམ་ལ་སྣང་ཆེན་གྱིས་ཕན་འབྲས་དངོས་དངོས་རྗེན་རྗེན་ཐོབ་པར་བརྩོན་ལེན་བྱེད་པ་དང་། དང་བླངས་ཞབས་ཞུའི་བྱེད་སྒོ་དེ་ཡུན་རིང་ཏན་ཏིག་ངང་སྤེལ་རྒྱུར་སྐུལ་མ་བཏང་སྟེ་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་དང་སྤྱི་ཚོགས་རིང་ལུགས་ཀྱི་ཞི་མཐུན་སྤྱི་ཚོགས་བསྐྲུན་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།