དབུ་ཤོག>གསར་འགྱུར།
  • ​ གོང་ནས་འོག་ལ་སྣེ་ཁྲིད་ཀྱིས་ཚད་རྒྱུག་ཡག་པོ་ཞིག་བྱེད་དགོས་ལ་མིག་དཔེ་ཡག་པོ་ཞིག་ཀྱང་སྟོན་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  བོད་ལྗོངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།   |     སྤེལ་དུས།  2015-06-11

    སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་བཏོན་གནང་བའི“ནན་གསུམ་དྲང་གསུམ”གྱི་བླང་བྱ་ནི་འགོ་ཁྲིད་ལས་བྱེད་པའི་བསམ་བློའི་ཐད་ཀྱི་བརྩི་སྲུང་ཞུ་ཡུལ་དང་། སྤྱོད་ཚུལ་ཐད་ཀྱི་ཕྱོགས་སྟོན། བྱ་སྤྱོད་ཐད་ཀྱི་རྩ་འཛིན་བཅས་རེད། “ནན་གསུམ་དྲང་གསུམ”ལག་ལེན་བསྟར་བའི་ཁྱད་ཆོས་མངོན་གསལ་དོད་ཤོས་ནི་འགོ་ཁྲིད་ལས་བྱེད་པས་གོང་ནས་འོག་ལ་སྣེ་ཁྲིད་ཀྱིས་དཔེ་སྟོན་སྐུལ་ཁྲིད་བྱ་རྒྱུ་དེ་རེད། དེ་ནི་རང་རེའི་ཏང་གིས་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་ཐབས་མཆོག་ཅིག་རེད་ལ་རང་རེའི་ཏང་གིས་ལས་དོན་སྤེལ་བའི་རྩ་བའི་ཉམས་མྱོང་དང་གཟི་བརྗིད་སྲོལ་རྒྱུན་ཞིག་ཀྱང་རེད།

    རང་སྡོམ་ནན་པོ་བྱས་ཏེ་ཏང་ལ་ཡིད་ཆེས་ཆེན་པོ་དང་ཏང་ལ་བློ་དཀར་སེམས་དཀར་བྱེད་མཁན་གྱི་མིག་དཔེ་ཞིག་བྱེད་དགོས་ཤིང་། རང་སྡོམ་ནན་པོ་བྱ་རྒྱུ་ནི་མི་ཡག་པོ་ཞིག་བྱེད་པའི་གཞི་རྩ་དང་དཔོན་དྲང་པོ་ཞིག་བྱེད་པའི་འགག་རྩ་རེད། རང་སྡོམ་ནན་པོ་བྱེད་དགོས་ཞེས་པ་ཞིབ་པར་བརྗོད་ན་ཕུགས་བསམ་དད་སེམས་བརྟན་དུ་གཏོང་དགོས་པ་དང་། བསམ་པ་རྣམ་དག་བྱེད་ཤུགས་ཆེ་རུ་གཏོང་དགོས་པ། ཀུན་སྤྱོད་བློ་སྦྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས་པ། བླ་ན་མེད་པའི་བསམ་ཚུལ་འཇགས་པ་བྱེད་དགོས་པ་བཅས་རེད། དུས་ཚོད་གང་འདྲ་ཞིག་ཏུ་སླེབས་ནའང་འདྲ་གནས་ཚུལ་གང་འདྲ་ཞིག་ཐོན་ནའང་འདྲ་གང་ལྟར་དུས་རྟག་ཏུ་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་ཀྱི་ཐད་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་བྱེད་དགོས་པ་དང་། བསླད་སྐྱོན་འགོག་ཐབས་དང་ངོ་འགྱུར་སྔོན་འགོག་གི་བསམ་བློ་ཀུན་སྤྱོད་ཀྱི་འགོག་སྲུང་འཛིང་རགས་བརྟན་པོ་ཞིག་སྐྲུན་དགོས། ཆབ་སྲིད་ཐད་ཀྱི་དད་ཕྱོགས་མི་འགྱུར་བ་དང་། ཆབ་སྲིད་ཐད་ཀྱི་ལངས་ཕྱོགས་མི་འཕོ་བ། ཆབ་སྲིད་ཐད་ཀྱི་ཁ་ཕྱོགས་མི་འཁྱོག་པ་བཅས་བྱ་རྒྱུ་མཐའ་འཁྱོངས་བྱེད་དགོས། ཀུན་སྤྱོད་བཟང་པོ་དང་ཡིད་དབང་འཕྲོག་ཤུགས་ལ་བརྟེན་ནས་སྤྱི་ཚོགས་ཀྱི་ཡིད་ཆེས་དང་མང་ཚོགས་ཀྱི་རྒྱབ་སྐྱོར་ཐོབ་པ་བྱེད་དགོས།

    དབང་ཆ་ནན་པོས་སྤྱད་དེ་རང་འགན་གཙང་སྒྲུབ་དང་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་མཁན་མིག་དཔེ་ཞིག་བྱེད་དགོས་ཤིང་། དབང་ཆ་ནི་མི་དམངས་ཀྱིས་སྤྲད་པ་ཞིག་ཡིན་པས་དབང་ཆ་དེ་མི་དམངས་ལ་ཞབས་འདེགས་ཞུ་རྒྱུར་སྤྱོད་པ་ལས་སྒེར་སྤྱོད་གཏན་ནས་བྱེད་མི་རུང་། དབང་ཆ་དྲང་གཞག་ངང་སྤྱོད་པ་དང་། དབང་ཆ་ཁྲིམས་ལུགས་ལྟར་སྤྱོད་པ། དབང་ཆ་དམངས་ཀྱི་ཆེད་དུ་སྤྱོད་པ་བཅས་བྱེད་དགོས་པ་དང་། མི་རིགས་ཁག་གི་མང་ཚོགས་ཀྱི་རྩ་བའི་ཁེ་ཕན་མངོན་འགྱུར་ཡག་པོ་བྱ་རྒྱུ་དང་། སྲུང་སྐྱོང་ཡག་པོ་བྱ་རྒྱུ། འཕེལ་རྒྱས་ཡག་པོ་གཏོང་རྒྱུ་བཅས་ཨང་དང་པོར་བཞག་ནས་དབང་ཆ་དམངས་ཀྱི་ཆེད་དུ་སྤྱོད་པ་དང་། བརྩེ་སེམས་དམངས་ལ་འཆང་བ། ཁེ་ཕན་དམངས་ལ་གཏོད་པ་བཅས་བྱེད་ཐུབ་པ་བྱེད་དགོས།

    རང་གཅུན་ནན་པོ་བྱས་ཏེ་རང་གཅུན་སྤྱི་གཅེས་དང་སྤྱོད་གཙང་གཞུང་དྲང་བྱེད་མཁན་མིག་དཔེ་ཞིག་བྱེད་དགོས་ཤིང་། རང་གཅུན་ནན་པོ་བྱ་རྒྱུ་ནི་གཞི་བརྟན་པོར་ཚུགས་པའི་རྩ་བ་དང་སྲིད་དྲང་པོར་སྐྱོང་བའི་རྨང་གཞི་རེད། སྒྲིག་བཀུར་ཁྲིམས་སྲུང་བྱེད་དགོས་ཤིང་། སྤྱི་ཚོགས་རིང་ལུགས་ཁྲིམས་བཞིན་སྐྱོང་བའི་བློ་དཀར་སྤྱི་བཀུར་བ་དང་། རང་རྟོགས་བརྩི་སྲུང་བ། གཡོ་མེད་སྲུང་སྐྱོང་བ་བཅས་བྱེད་དགོས་པ་དང་། སྤྱོད་གཙང་རང་གཅུན་བྱེད་དགོས་ཤིང་། གནས་ཚུལ་གང་འདྲ་ཞིག་འཕྲད་ནའང་རྟག་ཏུ་སེམས་ཤུགས་མི་ཆག་པ་དང་། བསླུ་བྲིད་འོག་ཏུ་མ་ཚུད་པ། ཁེར་མ་ཟླ་མེད་དུ་སྡོད་བཟོད་པ། དབུལ་པོའི་གནས་ལ་ཆགས་ཐུབ་པ་བཅས་བྱས་ནས་གཡོ་མེད་བྲག་རྡོ་བཞིན་བརྟན་པོར་གནས་པར་བྱེད་དགོས། མཐའ་ཚད་བརྟན་པོར་སྲུང་དགོས་ཤིང་། དབང་ཆའི་འགག་སྒོ་དང་། རྒྱུ་ནོར་གྱི་འགག་སྒོ གཟུགས་བཟང་གི་འགག་སྒོ དགའ་ཉེའི་འགག་སྒོ དགའ་སྣང་འདོད་ཕྱོཌ་ཀྱི་འགག་སྒོ་བཅས་ཡག་པོ་བསྲུངས་ནས་ཆབ་སྲིད་ཐད“ལངས་ཕྱོགས་བརྟན་པ”དང་། དཔལ་འབྱོར་ཐད“དྭངས་ཤིང་གཙང་བ” སྤྱོད་ཚུལ་ཐད“ཚུལ་དང་མཐུན་པ”བཅས་ཀྱི་མི་ཞིག་བྱེད་ཐུབ་པ་བྱེད་དགོས།

    བྱ་བ་དྲང་པོས་བསྒྲུབས་ཏེ་ཆོས་ཉིད་ལ་བརྩི་སྲུང་དང་དམ་པ་དོན་གཉེར་བྱེད་མཁན་མིག་དཔེ་ཞིག་བྱེད་དགོས་ཤིང་། རང་རེའི་ཏང་གིས“མི་དྲང་པོ་ཞིག་བྱ་རྒྱུ་དང་། སྐད་ཆ་དྲང་པོ་ཤོད་རྒྱུ། བྱ་བ་དྲང་པོས་བསྒྲུབ་རྒྱུ”བཅས་སྔ་ཕྱི་བར་གསུམ་དུ་དར་སྤེལ་གཏོང་གི་ཡོད། བརྟག་ཞིབ་གཏིང་ཟབ་དང་གནས་ཚུལ་མཐིལ་རྟོགས་བྱས་ནས་བཟོ་འགོད་བྱས་པའི་ཐབས་ཇུས་ཡང་དག་དང་། གཏན་ལ་ཕབ་པའི་སྲིད་ཇུས་དགོས་མཁོ་དང་མཐུན་པ། མང་ཚོགས་ཀྱི་བློ་ལ་བབ་ཚད་མཐོ་པོ་བཅས་ཡོང་བའི་འགན་ལེན་བྱེད་དགོས་པ་དང་། ཆོས་ཉིད་ལ་བརྩི་སྲུང་དང་ཚན་རིག་དང་མཐུན་པའི་སྒོ་ནས་ཐབས་ཇུས་གཏན་འབེབས་བྱས་ཏེ་ཐབས་ཇུས་ཚན་རིག་ཅན་དང་། དམངས་གཙོ་ཅན། ཁྲིམས་སྐྱོང་ཅན་བཅས་ཀྱི་ཆུ་ཚད་མཐོ་རུ་ཏན་ཏིག་གཏོང་དགོས། གོང་འོག་ཟུང་འབྲེལ་དང་ཐུན་མོང་ཐོག་སྐུལ་འདེད་གཏོང་དགོས་ཤིང་། ཀྲུང་དབྱང་གི་ལམ་ཕྱོགས་དང་། བྱེད་ཕྱོགས། སྲིད་ཇུས། མཐའ་སྐྱོང་བོད་བརྟན་འཐབ་ཇུས་བཅས་བོད་ཀྱི་དམིགས་བསལ་གནས་ཚུལ་དང་ཟུང་འབྲེལ་བྱེད་པ་དང་། ཡུལ་བབ་དང་བསྟུན་ནས་སྦྲེལ་མཐུད་བྱེད་ས་འཚོལ་བ། གསར་གཏོད་རང་བཞིན་གྱི་སྒོ་ནས་ལས་དོན་སྤེལ་བ་བཅས་ཀྱི་ཐོག་ནས་ཀྲུང་གོའི་ཁྱད་ཆོས་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་ལམ་བུ་ཡག་པོ་ཞིག་གཏོད་དགོས།

    བྱ་གཞག་དྲང་པོས་བསྒྲུབས་ཏེ་འགན་འཁུར་ཕོད་པ་དང་གསར་གཏོད་གསར་འབྱེད་བྱེད་མཁན་མིག་དཔེ་ཞིག་བྱེད་དགོས་ཤིང་། བྱ་གཞག་དྲང་པོས་སྒྲུབ་དགོས་པ་ནི་སྤྱོད་ཚུལ་འཛུགས་སྐྱོང་གི་ལྡོག་མེད་བླང་བྱ་ཞིག་རེད་ལ། ཕྱོགས་ཡོངས་ནས་སྒྱུར་བཅོས་བྱེད་པའི་དགོས་མཁོ་དངོས་ཀྱང་རེད། དངོས་འཛིན་དངོས་སྒྲུབ་བྱེད་དགོས་ཤིང་། གནད་དོན་རེ་རེ་བཞིན་ཐག་གཅོད་བྱེད་དགོས་པ་དང་། ལྷུ་ཚིགས་རེ་རེ་བཞིན་དམ་པོར་བཟུང་དགོས། གོམ་སྟབས་རེ་རེ་བཞིན་སྐུལ་འདེད་གཏོང་དགོས། ལས་འགན་རེ་རེ་བཞིན་ལེགས་པར་སྒྲུབ་དགོས། འགན་ཁུར་ཕོད་པ་བྱེད་དགོས་ཤིང་། ཡིན་མིན་ཆེན་པོའི་གནད་དོན་མདུན་དུ་རལ་གྲི་འདོན་ཕོད་པ་དང་། འགལ་བའི་མདུན་དུ་དཀའ་ངལ་ཤེས་བཞིན་དུ་མདུན་སྐྱོད་བྱེད་ཕོད་པ། ཉེན་ཁའི་མདུན་དུ་དཔའ་ངར་ཆེན་པོས་ཕྱིར་དོན་ཕོད་པ། བྱ་ངན་སྤྱོད་ངན་མདུན་དུ་འཐབ་རྩོད་མཐའ་གཅིག་ཏུ་བྱེད་ཕོད་པ་བཅས་བྱེད་དགོས། གསར་འབྱེད་གསར་གཏོད་བྱེད་དགོས་ཤིང་། ཀུན་གྱི་སྣེ་ཁྲིད་ནས་སྒྱུར་བཅོས་ཀྱི་སྙིང་སྟོབས་དར་སྤེལ་དང་གསར་གཏོད་ཀྱི་འདུ་ཤེས་ཟབ་ཏུ་བཏང་སྟེ་སྒྱུར་བཅོས་དང་གསར་གཏོད་དག་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཧྲིལ་པོའི་ནང་ཁྱབ་པར་བྱས་ནས་མཐའ་སྐྱོང་བོད་བརྟན་གྱི་རྣམ་པ་གསར་པ་ཧུར་ཐག་གཏོད་དགོས།

    མི་དྲང་པོ་ཞིག་བྱས་ཏེ་ཁ་གསལ་གཏིང་གསལ་དང་གཞུང་དྲང་ཚུལ་མཐུན་གྱི་མིག་དཔེ་ཞིག་བྱེད་དགོས་ཤིང་། དཔོན་པོ་བྱེད་པའི་སྔོན་ལ་མི་ཡག་པོ་ཚུལ་ལྡན་ཞིག་བྱེད་དགོས་པ་དང་མི་ཚུལ་ལྡན་ཞིག་བྱེད་པའི་སྔོན་ལ་ཀུན་སྤྱོད་བཟང་པོ་ཞིག་འཇགས་པར་བྱེད་དགོས། འགོ་ཁྲིད་ལས་བྱེད་པས་མི་ཚུལ་ལྡན་ཞིག་བྱ་རྒྱུ་དེ་མི་སྒེར་གྱི་བློ་སྦྱོང་གི་གནད་དོན་ཞིག་རེད་ལ་སྲིད་སྐྱོང་དབང་སྤྱོད་དང་བྱ་གཞག་འཕེལ་རྒྱས་དང་འབྲེལ་བ་ཡོད་པའི་ཚོད་བགམ་ཆེན་པོ་ཞིག་ཀྱང་རེད། བསམ་པ་རྣམ་དག་དང་དྲང་པོ་དྲང་བཞག་བྱེད་དགོས་ཤིང་། ཐོག་མཐའ་བར་གསུམ་དུ་ཏང་འདི་ཉིད་སེམས་ནང་གི་གནས་བབ་མཐོ་ཤོས་ཐོག་འཇོག་པ་དང་ཏང་དང་མི་དམངས་ཀྱི་ཁེ་ཕན་ཨང་དང་པོར་འཇོག་དགོས། ཁ་གསལ་གཏིང་གསལ་ཡོང་བ་བྱེད་དགོས་ཤིང་། ཕྱི་གསལ་ནང་གསལ་གྱི་ཁོར་ཡུག་འོག་ཏུ་ལས་དོན་སྤེལ་ཕོད་པར་བྱེད་དགོས་པ་དང་། དྲང་པོ་དྲང་བཞག་དང་། ཕྱི་ནང་གཅིག་མཚུངས། ཁ་ཞེ་གཉིས་མེད་བཅས་ཡོང་བར་བྱེད་དགོས། གཞུང་དྲང་ཚུལ་མཐུན་ཡོང་བ་བྱེད་དགོས་ཤིང་། ཏང་གི་རྩ་དོན་དང་སྲིད་ཇུས་གཞིར་བཟུང་བྱ་བ་སྒྲུབ་དགོས་པ་དང་། བྱ་ངན་སྤྱོད་ངན་མཐའ་དག་བཀག་འགོག་མཐའ་གཅིག་ཏུ་བྱེད་དགོས། སྐྱེ་སྟོབས་ཀྱི་དཔའ་འབར་བ་དང་། སེམས་ཤུགས་རབ་ཏུ་འཕེལ་བ། གཞུང་སེམས་རྣམ་པར་དག་པ་བཅས་ཐོག་མཐར་བར་གསུམ་དུ་ཡོང་བར་བྱེད་དགོས། གུང་ཁྲན་ཏང་ཡོན་གྱི་བསམ་པའི་གཡུལ་ས་བརྟན་པོར་སྲུང་དགོས།

    “ནན་གསུམ་དྲང་གསུམ”ལན་ལེན་བསྟར་ཏེ་ཤེས་པ་བྱ་རྒྱུར་བརྩི་མཐོང་བྱེད་དགོས་ལ། བྱ་སྤྱོད་སྤེལ་རྒྱུར་དེ་བས་ཀྱང་བརྩི་མཐོང་བྱེད་དགོས་ཤིང་། “བོད་སྐྱོད་པ་རྒན་གྲས”ཀྱི་སྙིང་སྟོབས་དང“ལམ་གཉིས”ཀྱི་སྙིང་སྟོབས་ཀྱིས“ནན་གསུམ་དྲང་གསུམ”ལག་ལེན་བསྟར་རྒྱུར་བསམ་པའི་འཚོ་བཅུད་མཁོ་འདོན་བྱས་ཡོད། ཅའོ་ཡུས་ལུའུ་དང་། ཁུང་ཕན་སེན། ཀུའུ་ཝུན་ཁྲང་བཅས་ནི་ང་ཚོས་རང་སྡོམ་བྱས་ནས་མི་ཚུལ་ལྡན་ཞིག་བྱེད་པ་དང་ལས་ཀ་བྱས་ནས་བྱ་གཞག་གཏོད་སྐབས་མིག་དཔེར་འཛིན་འོས་པའི་དཔེ་མཚོན་རེད། འགོ་ཁྲིད་ལས་བྱེད་པར་དམ་འཛིན་ཡག་པོ་བྱེད་སྐབས་རིམ་པ་གཅིག་གིས་གཅིག་ལ་སྟོན་པ་དང་རིམ་པ་གཅིག་གིས་གཅིག་ལ་སྣེ་ཁྲིད་བྱས་ན་གཞི་ནས་ཆེད་དོན་སློབ་གསོའི་བྱེད་སྒོ་ཕྱི་ཚུལ་ཙམ་དུ་མི་འགྱུར་བའི་འགན་ལེན་བྱེད་ཐུབ།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།