དབུ་ཤོག>གསར་འགྱུར།
  • “ནག་ཆུའི་གསེར་ཤའི”ཚོང་ཁང་དང་པོ་དེ་ཧང་ཀྲོའུ་རུ་བཙུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-06-10
         ཉིན་ཤས་གོང་ཧང་ཀྲོའུ་གྲོང་ཁྱེར་ཡིའུ་ཧྲེང་ཀོན་ལམ་སྒོ་རྟགས་45རུ་བཙུགས་པའི་ནག་ཆུའི་ཁྱད་ལྡན་ཐོན་ཟོག་ཚོང་ཁང་དང་པོ་དེ་དངོས་སུ་སྒོ་ཕྱེ་བ་དང་། མིག་སྔར་གཙོ་བོ“ནག་ཆུའི་གསེར་ཤ”འཚོང་གི་ཡོད་ལ། སླད་ཕྱིན་དབྱར་རྩྭ་དགུན་འབུ་དང་། གངས་ལྷ་མེ་ཏོག སྲོ་ལོ་དམར་པོ་སོགས་ནག་ཆུའི་ཁྱད་ལྡན་ཐོན་ཟོག་དང་ཁྱད་ལྡན་ལག་ཤེས་བཟོ་རྩལ་ཐོན་ཟོག་རིམ་གྱིས་འཚོང་རྒྱུ་ཡིན་པ་རེད།

        ཀྲེ་ཅང་ཞིང་ཆེན་ཧང་ཀྲོའུ་གྲོང་ཁྱེར་གྱི་བོད་སྐྱོར་ལས་བྱེད་པ་ཁག་བདུན་པའི་རུ་དཔོན་ཝང་གཡོད་ཅན་གྱིས་ལོ་རེའི་ཟླ་བ་བདུན་པ་དང་བརྒྱད་པར་གསེར་ཤ་སྐྱེ་གི་ཡོད། གསེར་ཤ་བྲོ་བ་ཞིམ་ལ་རོ་བཅུད་ཕུན་སུམ་ཚོགས་པོ་ཡོད་པ་མ་ཟད། སྤྱི་རྒྱ་གཅིག་ནང་སྐྲན་ནད་འགོག་པའི“ཤིའི”འདུས་ཚད་ཧའོ་ཁེ་4.1ལྷག་ཙམ་ཡོད་ཅེས་ངོ་སྤྲོད་བྱས་བྱུང་། ཝང་གཡོད་ཅན་གྱིས་གསར་འགོད་པར་ཚོང་ཁང་ལ“ཡོན་གཙང་”ཞེས་མིང་འདོགས་རྒྱུ་ཡིན། ད་ཆ་ཚོང་ཁང་དེས་གསེར་ཤ་རྒྱ་མ་གཅིག་ལ་སྒོར་1500ལྷག་ཙམ་བྱས་ནས་བཙོངས་ཀྱི་ཡོད་པས་བྲིན་ཁ་རྒྱུག་པོ་འདུག་ཅེས་ངོ་སྤྲོད་བྱས་བྱུང་།

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།