དབུ་ཤོག>གསར་འགྱུར།
  • “དྲ་སྦྲེལ་རྒྱས་པའི”ཐབས་ལ་བརྟེན་ནས་མཛེས་པའི་བོད་ལྗོངས་དྲིལ་བསྒྲགས་བྱེད་དགོས།

  •     རྩོམ་པ་པོ།  ​ ཧྥུང་ཅིས།   |     སྤེལ་དུས།  2015-06-10

    “དྲ་སྦྲེལ་རྒྱས་པ”ཞེས་པའི་ཐ་སྙད་དེ་མིག་སྔར་ཁྱབ་ཆེ་ཤོས་ཀྱི་ཐ་སྙད་ཅིག་ཏུ་གྱུར་ཡོད། དུས་སྐབས་དེ་དང་ལྷག་པར་དུ་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་རིང་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་བཀོད་རྗེས་ཟླ་གསུམ་པར་ཐོན་པའི་བོད་ཀྱི་བརྗོད་བྱའི་སྐོར་གྱི་དཔེ་མཚོན་གཉིས་ལ་མི་རྣམས་ཀྱིས་བསམ་བློ་ཞིབ་པར་གཏོང་དགོས་བྱུང་བ་སྟེ། གཅིག་ནི་བོད་སྐད་པར་གཞི《ཁྱེད་ལ་དགའ》ཞེས་པ་བསྟན་པ་ལས“སྙིང་སྡུག་ལགས”ལ་ཞེས་པའི་གླུ་གཞས་གཏོང་མཁན་སྤེན་པ་བདེ་སྐྱིད་ལམ་འགྲོ་རྒྱུག་པ་མ་ཟད། ད་དུང་བོད་ཀྱི་འབྲེལ་ཡོད་གླེང་གཞི་ཡང་དྲ་ཚིགས་ཆེ་གྲས་ཁག་དང་། གླེང་སྟེགས། གྲོགས་ཚོགས་སོགས་སུ་དར་ཁྱབ་ཆེན་པོའང་བྱུང་བ་དང་། གཉིས་ནི་གནས་ཚུལ་དངོས་མཚོན་གློག་བརྙན་ཆེ་གྲས《མཐའ་སྣེ་གསུམ་པ》ཞེས་པ་བསྟན་རྗེས་ཚུར་སྣང་ལན་ཆ་དྲག་པོ་བྱུང་སྟེ་ཀུན་གྱིས་བསྔགས་བརྗོད་གཅིག་རྗེས་གཉིས་མཐུད་ངང་བྱས་ཡོད། ཀྲུང་གོའི་བོད་ཀྱི་རིག་གནས་གཟའ་འཁོར་རིང་ཚོང་ལས་འཁྲབ་སྟོན་བྱེད་པའི་དུས་སུའང་ལྟད་མོ་བས་ཁེངས་པ་དང་ལྟད་མོ་བ་མང་ཆེ་བ་ཕྱི་རྒྱལ་བ་རེད།

    “དྲ་སྦྲེལ་རྒྱས་པ”ཞེས་པའི་སྐོར་གླེང་སྐབས་མི་མང་ཆེ་བས་དྲ་སྦྲེལ་དང་སྲོལ་རྒྱུན་ལས་རིགས་གཉིས་མཉམ་འདྲེས་བྱུང་བའི་སྐོར་དང་། སྲོལ་རྒྱུན་ལས་རིགས་ཕྱོགས་འགྱུར་རིམ་སྤོར་བྱེད་པའི་བརྒྱུད་རིམ་ནང་གི་དྲ་སྦྲེལ་གྱི་རིན་ཐང་གལ་ཆེན། དཔལ་འབྱོར་འཕེལ་རྒྱས་གཏོང་རྒྱུ་དང་སྒྱུར་བཅོས་བྱ་རྒྱུར་བྱུང་བའི་སྒུལ་ཤུགས་ཆེན་པོ་བཅས་ཞིབ་པར་གླེང་གི་ཡོད་པ་རེད།

    གོང་གསལ་དཔེ་མཚོན་གཉིས་ལ་སླར་ཡང་ཕྱིར་མིག་ལྟ་སྐབས་དེ་གཉིས་པོར་ཚད་བརྒལ་དང་གསར་གཏོད་མི་འདྲ་བ་བྱུང་ཡོད་ཅིང་། “དྲ་སྦྲེལ་རྒྱས་པ་བོད་ལྗོངས་དྲིལ་བསྒྲགས”ལྟར་གཅིག་གི་ཐོག་གཅིག་བསྡོམས་ན་གཉིས་ཁོ་ན་མིན་པར་གཉིས་ལས་ཆེ་བ་ཡོད་པ་རེད། དྲ་གྲོགས་མང་པོ་ཞིག་གིས་ངོས་འཛིན་བྱས་དོན། 《མཐའ་སྣེ་གསུམ་པ》ཞེས་པ་དང་སྔོན་མའི་པར་དུ་བརྐོས་པའི་བོད་དང་འབྲེལ་བ་ཡོད་པའི་བརྗོད་གཞི་དྲིལ་བསྒྲགས་ཀྱི་པར་གཞི་གཉིས་མི་འདྲ་བ་སྟེ། རང་བྱུང་དང་། རིག་གནས། དམངས་འཚོ་སོགས་ནང་གསེས་ཁ་བྱང་ཇུས་འགོད་བྱེད་པའི“སྲོལ་རྒྱུན་གྱི་བསམ་བློ་གཏོང་སྟངས”ལ་འགྱུར་བ་བྱུང་ཞིང་། གནས་ཚུལ་དངོས་མཚོན་གློག་བརྙན་དེའི་ནང་གི་སྐད་ཆ་གོ་བདེ་ལ་བབ་ཆགས་པ་ཞིག་ཡོད། དེ་ནི་ལོ་མང་རིང་བོད་ཀྱི་སྐོར་པར་ལེན་བྱས་པའི་ནང་གི་ཚད་བརྒལ་ཞིག་རེད། དེ་དང་དུས་མཚུངས“སྙིང་སྡུག་ལགས”ཞེས་པར་ཆ་མཚོན་ན་ཡིད་ཀྱི་དབང་པོ་འཕྲོག་ཡུལ་ནི་གླུ་གཞས་མིན་པར་སེམས་པ་རེད། མི་མང་པོ་ཞིག་གིས་བོད་སྐད་མི་གོ་རུང་གངས་ལྗོངས་ས་མཐོའི་མི་སེམས་འགུལ་བའི་སྒྲ་ཞིག་ཐོས་ལ་ཕྱི་ཕྱོགས་ཀྱིས་ལོ་ན་གཞོན་ཞིང་རང་ཡིད་རང་ཆེས་ཀྱི་བོད་ལྗོངས་ཀྱང་མཐོང་ཡོད།

    དོན་དངོས་ཐོག་དྲ་སྦྲེལ་དེ་ཉིད་ང་ཚོའི་འཚོ་བའི་ནང་སྔ་ས་ནས་འཇུག་ཅིང་། གློག་རྡུལ་ཚོང་དོན་དང་། དྲ་ཐོག་བརྡ་སྦྱོར། དྲ་ཐོག་གདན་ཞུ་ལ་སོགས་གང་ས་གང་དུ་སྤྱད་དང་སྤྱོད་བཞིན་ཡོད། དེས་ན་བོད་ཀྱི་སྒྲུང་ཡག་པོ་ཤོད་པ་དང་བོད་ཀྱི་གཟུགས་བརྙན་ཇེ་ལེགས་སུ་གཏོང་བའི་ལམ་བུའི་ཐོག《མཐའ་སྣེ་གསུམ་པ》དང“སྙིང་སྡུག་ལགས”ཞེས་པ་སོགས་ལས་བྱུང་བའི་གྲུབ་འབྲས་ཐོན་པའི་མྱོང་བ་དེས་ཕལ་ཆེར་ང་ཚོའི་བློ་སྒོ་འབྱེད་ཐུབ་པ་སྟེ། “རྒྱས་པ”ཞེས་པར་བསམ་བློ་གཏོང་སྟངས་དང་། བསམ་པས་ཚོད་དཔག་བྱེད་པའི་བར་ཁམས་སྔར་བས་མང་པོ། དེ་བཞིན་བྱེད་སྟངས་གསར་རྐྱང་སོགས་སྤྱད་ནས་ཕྱི་ཕྱོགས་ལ་སྲོལ་རྒྱུན་དང་དེང་རབས་ཀྱི་བོད་ལྗོངས་དྲིལ་བསྒྲགས་བྱས་ན་ནུས་པ་ཡག་པོ་ཞིག་ཐོན་རྒྱུ་ཡིན་པ་སྨོས་ཅི་དགོས།

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།