དབུ་ཤོག>གསར་འགྱུར།
  • ཛ་དྲག་ངང་ཨར་སྐྲུན་བྱེད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-06-10

    ལྷ་ཉིང་རིམ་པ་མཐོ་བའི་གཞུང་ལམ་གྱིས་རང་ལྗོངས་འདི་ཉིད་འཛམ་གླིང་གི་ཡུལ་སྐོར་བྱ་ཡུལ་དང་། ལྷ་ས་རྒྱལ་སྤྱིའི་ཡུལ་སྐོར་གྲོང་ཁྱེར། ཉིང་ཁྲིའི་སྣོད་བཅུད་ཡུལ་སྐོར་ཁུལ་ཆེན་བཅས་སུ་བསྐྲུན་རྒྱུར་ནུས་པ་གལ་ཆེན་ཐོན་ཡོད་ཅིང་། ཉེ་ཆར་གསར་འགོད་པས་ཤེས་རྟོགས་བྱུང་བར་གཞིགས་ན། ལྷ་ཉིང་རིམ་པ་མཐོ་བའི་གཞུང་ལམ་ལྷ་ས་ནས་མལ་གྲོ་གུང་དཀར་བར་གྱི་ལམ་དུམ་རྨང་གཞི་གཞི་རྩའི་ཆ་ནས་ལེགས་གྲུབ་ཟིན་པ་དང་ལམ་དུམ་ཁག་གཅིག་ལ་སྣུམ་ནག་བཏིང་ཚར་བ་དང་། ངོ་སྤྲོད་བྱས་པར་གཞིགས་ན། ལྷ་ཉིང་རིམ་པ་མཐོ་བའི་གཞུང་ལམ་ལྷ་ས་ནས་མལ་གྲོ་གུང་དཀར་བར་གྱི་ལམ་དུམ་ཟླ་དྲུག་པའི་ཟླ་མཇུག་ཏུ་ལས་མཇུག་འགྲིལ་རྒྱུ་ཡིན་ཞིང་། རང་སྐྱོང་ལྗོངས་འགྲིམ་འགྲུལ་ཐིང་གིས་ལྷ་ཉིང་རིམ་པ་མཐོ་བའི་གཞུང་ལམ་འཛུགས་སྐྲུན་ནང་ཞུགས་པའི་ཨར་སྐྲུན་ཚན་ཁག་ལ་ཕྱིར་འབུད་བྱེད་པའི་ལམ་ལུགས་ལག་ལེན་བསྟར་ཏེ་་སྤུས་ཚད་མི་ལོན་པ་དང་། འཕེལ་རིམ་གྱི་རྗེས་མི་ཟིན་པ། བདེ་འཇགས་ཡག་པོ་མེད་པ་བཅས་ཀྱི་ཚན་པ་འོས་སྐུལ་ནང་གདན་ཞུ་བྱ་རྒྱུ་མིན་ཞིང་། འདི་ནི་བཟོ་པས་ཛ་དྲག་ངང་ཨར་སྐྲུན་བྱེད་པའི་གནས་ཚུལ་ཡིན་པ། 

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།