དབུ་ཤོག>གསར་འགྱུར།
  • མང་ཚོགས་ཉེ་འཁོར་གྱི“སྤྱོད་ཚུལ་བཞིའི”གནད་དོན་བཅོས་སྐྱོང་ཏན་ཏིག་བྱེད་དགོས།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2015-06-10

    ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་བཏོན་པ་ནས་བཟུང་རིམ་ཁག་སྒྲིག་བཤེར་སྡེ་ཚན་གྱིས་ལྟ་སྐུལ་ལ་ཤུགས་སྣོན་བརྒྱབ་པ་དང་གང་མྱུར་ཡོ་བསྲང་ཆད་གཅོད་བྱས་པས“སྤྱོད་ཚུལ་བཞིའི”ཁྱབ་ཚུལ་བཀག་འགོག་ནུས་ལྡན་ཐུབ་སྟེ་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་མི་དམངས་མང་ཚོགས་ཀྱི་ཁས་ལེན་ཐོབ་ཡོད་པ་རེད།

    གཞི་རིམ་མང་ཚོགས་ཉེ་འཁོར་གྱི“སྤྱོད་ཚུལ་བཞིའི”གནད་དོན་དེ་སྔར་བཞིན་ཚད་མི་འདྲ་བའི་ཐོག་གནས་ཡོད་པ་མ་ཟད། ད་དུང་ས་གནས་ཁ་ཤས་སུ་ཚབས་ཧ་ཅང་ཆེ་བར་བརྟེན་བཅོས་སྐྱོང་ཏན་ཏིག་བྱེད་དགོས། ཀྲུང་དབྱང་སྒྲིག་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ལྟ་ཞིབ་པུའུ་ཡི་པུའུ་ཀྲང་ཧོང་ཧྲུའུ་ཤན་གྱིས་གཞི་རིམ་དང་མང་ཚོགས་ཉེ་འགྲམ་དུ་ཐོན་པའི“སྤྱོད་ཚུལ་བཞིའི”གནད་དོན་ཐག་གཅོད་ནན་པོ་བྱེད་དགོས་པ་དང་། རྩད་གཅོད་བྱུང་ཚེ་འགན་འཁྲི་རྩད་གཅོད་ནན་པོ་བྱེད་དགོས་པ་ལས་རྒྱ་ཡན་དུ་གཏན་ནས་གཏོང་མི་རུང་ཞེས་བསྟན་ཡོད།

    མང་ཚོགས་ཉེ་འཁོར་གྱི“སྤྱོད་ཚུལ་བཞིའི”གནད་དོན་གྱི་ཁྱབ་ཁྱོན་སྔར་བས་ཆེ་བ་དང་རྩ་བ་སྔར་བས་ཟབ་པས་བཅོས་སྐྱོང་དེ་བས་བྱེད་དཀའ། གསར་འགོད་པས་གཞི་རིམ་དུ་བརྟག་ཞིབ་བྱེད་སྐབས་ཁ་ཤས་ཀྱི་ཡ་མོན་སྤྱོད་ཚུལ་དར་བ་དང་རང་གི་བསམ་འཆར་གྱི་སླད་དུ་མང་ཚོགས་ལ་རྣམ་འགྱུར་སྡུག་པོ་སྟོན་པ་དང་ཐབས་བཏོན་ཇུས་རྗེས་ཀྱིས་འགོག་རྐྱེན་བཟོས་ཏེ་མང་ཚོགས་སྒོའི་ནང་འཛུལ་དཀའ་བ་དང་། རྣམ་འགྱུར་ངན་པོ་སྟོན་པ། དོན་དག་སྒྲུབ་དཀའ་བ་བཅས་བྱེད་པ་དང་། གཞི་རིམ་དཔོན་པོ་ཁ་ཤས་ཀྱི་སྲིད་རྗེས་ལྟ་བ་ཡ་མ་གཟུགས་ཡིན་པ་དང་མིག་ཟུང་གོང་ལ་བགྲད་ནས་གོང་རིམ་ལ་མགོ་སྐོར་གཏོང་བ་དེའི་དམིགས་ཡུལ་ནི་དཔོན་གནས་འཕར་བདེ་བའི་ཆེད་རེད།

    མང་ཚོགས་ཉེ་འཁོར་གྱི“སྤྱོད་ཚུལ་བཞིའི”གནད་དོན་གྱི་ཐོག་ནས་གཞི་རིམ་ལས་བྱེད་པའི་སྲིད་སྐྱོང་ལྟ་ཚུལ་གྱི་གནད་དོན་མཚོན་གྱི་ཡོད། ཕྱོགས་གཅིག་ནས་གཞི་རིམ་དཔོན་པོ་ཁ་ཤས་གོང་དུ་མཐོན་པོར་སྡོད་པའི་བསམ་བློ་འདུ་ཤེས་དེ་གོམས་གཤིས་སུ་འཇགས་ནས“སྤྱོད་ཚུལ་བཞིར་ངོ་རྒོལ་བྱེད་པའི”བཀག་རྒྱ་དེ“རྣ་རྒྱབ་ཀྱི་ལྷགས་པར”བཏང་སྟེ། གང་འདོད་ཅི་དྲན་བྱེད་པ་དང་། ཕྱོགས་ཅིག་ཤོས་ནས་གཞི་རིམ་དཔོན་པོ་དག་དབང་ཤུགས་ཀྱི་མཐའ་རུ་གནས་པ་དང་ལྟ་སྐུལ་ནུས་ལྡན་མེད་པའི་རྐྱེན་གྱིས་འགོ་ཁྲིད་ལས་བྱེད་པ་ཁ་ཤས་ཀྱིས་གོ་སྐབས་འཚོལ་མཁས་བྱས་ཏེ“དབང་ཤུགས་ཁྱབ་ཁོངས”སུ་དམངས་དང་ཁེ་ཕན་རྩོད་རེས་བྱེད་པ་སོགས་རེད།

    མང་ཚོགས་ནི“སྤྱོད་ཚུལ་བཞིའི”གནད་དོན་ཆེས་ཐད་ཀར་མྱོང་མཁན་ཡིན་ལ་མྱོང་བ་ཟབ་ཤོས་ཀྱང་ཡིན། མང་ཚོགས་ཀྱི་ཁེ་ཕན་ལ་གནོད་འཚེ་ཕོག་པ་དང་ལུགས་མཐུན་གྱི་ཞུ་གཏུག་མཚོན་ཐབས་ཁག་པོ་ཡིན་སྐབས་འཁང་ར་ཆེ་བ་མ་ཟད། ཏང་ཡོན་དང་། མང་ཚོགས། ལས་བྱེད་པ་བཅས་དབར་གྱི་འབྲེལ་བར་གནོད་འཚེ་ཚབས་ཆེན་བཟོས་ནས་ཏང་དང་སྲིད་གཞུང་ལ་ཀུན་གྱིས་ཡིད་ཆེས་བྱེད་ཚད་དམའ་རུ་འགྲོ་ངེས་རེད།

    སྤྱོད་ཚུལ་གྱི་གནད་དོན་ནི་དོན་དག་ཆུང་ངུ་མིན། མང་ཚོགས་ཉེ་འཁོར་གྱི“སྤྱོད་ཚུལ་བཞིའི”གནད་དོན་རྩ་བ་ནས་སེལ་དགོས་ན། ཕྱོགས་གཅིག་ནས་ངེས་པར་དུ་སྤྱོད་ཚུལ་བསྒྱུར་བ་དང་འཕྲལ་དུ་བཅོས་སྐྱོང་དང་ཡོ་བསྲང་བྱེད་པ་དང་། མང་ཚོགས་ཧ་ཅང་ཡིད་མ་རངས་སར་དམིགས་ཏེ་ལྟ་སྟངས་ནན་པོ་འཛིན་དགོས། མང་ཚོགས་ཀྱི་ཁེ་ཕན་དེ་གལ་ཆེན་ནང་གི་འགངས་ཆེར་བརྩིས་ནས་འགན་འཁྲི་ནར་འགྱངས་གཏོང་མི་རུང་ལ་ཁྲལ་སེལ་དང་དྲག་ཤུགས་དེ་བས་ཀྱང་སྤྱོད་མི་རུང་། ཕྱོགས་ཅིག་ཤོས་ནས་གཞི་རིམ་གྱི་དམངས་གཙོ་དར་སྤེལ་གཏོང་བ་དང་། ལྟ་སྐུལ་ནུས་ལྡན་ལ་ཤུགས་སྣོན་རྒྱག་པ། རེ་འབོད་ཐབས་ལམ་རྒྱ་ཆེར་གཏོང་བ། འགན་འཁྲི་རྩད་གཅོད་ཀྱི་ལམ་སྲོལ་འཐུས་ཚང་བཟོ་བ། ཡོངས་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱེད་དགོས།

    “སྤྱོད་ཚུལ་བཞི”ནི་ང་ཚོ་དང་རྒྱང་ཐག་ཇི་ཙམ་རིང་ན་ང་ཚོ་དེ་ཙམ་གྱིས་མི་དམངས་དང་ཐག་ཉེ། “ལྔ་གཅིག”དང་ལྔ་པའི་ཚེས་ལྔའི་དུས་ཆེན་སླེབས་ལ་ཉེ་བས་ས་གནས་ཁག་དང་སྡེ་ཚན་ཁག་གིས་མར་བསྒུར་ནས་མང་ཚོགས་ཉེ་འགྲམ་གྱི“སྤྱོད་ཚུལ་བཞིའི”གནད་དོན་གསེད་བཀྲོལ་དང་བཅོས་སྐྱོང་ནན་ཏན་གྱིས“སྤྱོད་ཚུལ་བཞི”དེ་དུས་ཆེན་དང་བསྟུན་ནས་སླར་ཡང་མངོན་རྒྱུར་གཏན་འགོག་བྱེད་དགོས། (ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་འབྱོར་བའི་གློག་འཕྲིན)

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།