དབུ་ཤོག>གསར་འགྱུར།
  • སློབ་སྦྱོང་ལ་ཤུགས་སྣོན་གྱིས་ཚན་རིག་གི་ནང་དོན་ལ་གོ་བ་གཏིང་ཟབ་ལེན་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  ​ བོད་ལྗོངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།   |     སྤེལ་དུས།  2015-06-09

    སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་བཏོན་གནང་བའི“ནན་གསུམ་དྲང་གསུམ”གྱི་བླང་བྱའི་ནང་རང་གཅུན་གྱིས་མི་ཡག་པོ་ཞིག་བྱེད་པའི་གཞི་རྩར་དམ་འཛིན་དང་། ལས་སྒྲུབ་ལས་གཏོད་ཀྱི་ཚད་གཞི་ཁ་གསལ། དཔོན་པོའི་དབང་ཆ་སྤྱོད་པའི་དམར་ཐིག་གཏན་འཁེལ། གུང་ཁྲན་ཏང་མིའི་རིན་ཐང་དོན་གཉེར་དང་ཆབ་སྲིད་ཀུན་སྤྱོད་མངོན་པ། ཏང་ཡོན་ལས་བྱེད་པར་མེ་ལོང་དང་ཚད་གཞི་ཞིག་མཁོ་འདོན་བཅས་གནང་ནས་དུས་བབ་གསར་པའི་འོག་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་ཐད་གལ་ཆེའི་བརྩི་སྲུང་ཞུ་ཡུལ་མཁོ་འདོན་བྱས་ཡོད། རྫོང་དང་ཁྲུའུ་རིམ་པ་ཡན་གྱི་ལས་བྱེད་པའི་ངོས་ནས་བརྗོད་ཚེ“ནན་གསུམ་དྲང་གསུམ”གྱི་ཆེད་དོན་སློབ་གསོ་སྤེལ་རྒྱུ་དེ་ནི་བསམ་བློར་ཉམས་སད་དང་བསམ་བློའི་ཆུ་ཚད་མཐོ་རུ་གཏོང་བ་ཞིག་ཡིན་ལ་སྤྱོད་ཚུལ་ལེགས་གཏོང་དང་ཏང་གཤིས་ཀྱི“རྒྱུགས་ཆེན”ཞིག་དེ་བས་ཡིན། ཡིག་རྒྱུགས་ཡག་པོ་གཏོང་བ་དང་སྐར་གྲངས་མཐོ་པོ་རག་པ་བྱེད་པར་དང་ཐོག་བསམ་བློའི་ངོས་འཛིན་བྱ་ཤུགས་ཆེ་རུ་བཏང་ནས“ནན་གསུམ་དྲང་གསུམ”གྱི་ཚན་རིག་དང་མཐུན་པའི་ནང་དོན་དང་དུས་རབས་ཀྱི་སྙིང་སྟོབས་ལ་གོ་བ་གཏིང་ཟབ་དང་སྟངས་འཛིན་ནན་པོ་ཐུབ་པ་བྱས་ཏེ་སྔར་ལས་ལྷག་པའི་ངང“ནན་གསུམ་དྲང་གསུམ”ལག་ལེན་བསྟར་བའི་བསམ་བློའི་རང་རྟོགས་དང་བྱ་སྤྱོད་ཀྱི་རང་རྟོགས་ཤུགས་ཆེར་བཏང་ཐོག“ནན་པའི”རང་རྟོགས་དང“དྲང་གཞག”གི་གོམས་གཤིས་དངོས་འབྲེལ་འཇགས་པ་བྱེད་པ་དང་སྤྱོད་གཙང་དར་སྤེལ་དང་ལས་སྒྲུབ་ལས་གཏོད་ཀྱི་སྲོལ་གསར་དང་སྤྱོད་བཟང་ཆགས་པ་བྱེད་དགོས།

    “ནན་གསུམ་དྲང་གསུམ”ནི་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་སྟངས་ཐད་བསམ་གཞིག་གཏིང་ཟབ་གནང་བ་ཞིག་རེད། སྤྱོད་ཚུལ་གནད་དོན་དེ་ཏང་གི་གཟུགས་བརྙན་དང་བློ་སེམས་གཏད་ཕྱོགས་དང་འབྲེལ་བ་ཡོད་ལ་ཏང་གི་སྲིད་འཛིན་རྨང་གཞི་དང་འཆི་གསོན་ཆགས་འཇིགས་དང་ཡང་འབྲེལ་བ་ཡོད། མིག་སྔར་རང་རེའི་ཏང་ལ་འཕྲད་པའི་རྒྱལ་ཁབ་ཕྱི་ནང་གི་ཁོར་ཡུག་ལ་འགྱུར་ལྡོག་གཏིང་ཟབ་ཕྱིན་ཡོད་པ་དང“ཚོད་བགམ་ཆེན་པོ་བཞི”དང“ཉེན་ཁ་ཆེན་པོ་བཞི”དེ་བས་མངོན་གསལ་དོད་པའི་ངང་ཏང་ཡོངས་ཀྱི་མདུན་དུ་གནས་ཡོད། “ནན་གསུམ་དྲང་གསུམ”གྱིས་གཏིང་རིམ་ནས་སྤྱོད་ཚུལ་ཐད་ཀྱི་མངོན་གསལ་དོད་པའི་གནད་དོན་ལ་དམིགས་ཏེ་སྤྱོད་ཚུལ་འཛུགས་སྐྱོང་ཐད་ཀྱི་ཞན་ཆ་གནད་ལ་འཁེལ་བའི་ངང་བཏོན་པ་དང་སྤྱོད་ཚུལ་འཛུགས་སྐྱོང་གི་སྲོག་རྩར་དམ་འཛིན་དང་སྤྱོད་ཚུལ་ལེགས་གཏོང་གི་འགག་རྩར་དམ་འཛིན་བྱས་ཡོད་པས་དེ་ནི་ཏང་གི་སྤྱོད་ཚུལ་འཛུགས་སྐྱོང་གི་གཏན་འབེབས་དང་བླང་བྱ་རབ་དང་རིམ་པར་ཞུན་བརྡར་དང་སྙིང་བསྡུས་གསར་པ་བྱས་པ་ཞིག་ཡིན་པས་མི་དམངས་མང་ཚོགས་ཀྱི་རེ་སྒུག་དང་མཐུན་ཡོད་ལ་རིགས་པའི་གཞུང་ལུགས་ཀྱི་མཛུབ་ཁྲིད་རང་བཞིན་དང་མངོན་འགྱུར་གྱི་དམིགས་སའི་རང་བཞིན་ཧ་ཅང་ཆེན་པོ་ལྡན་ཡོད། རང་ལྗོངས་ཀྱི་ངོས་ནས་བརྗོད་ཚེ“ནན་གསུམ་དྲང་གསུམ”ལག་ལེན་བསྟར་བར་རིམ་ཁག་འགོ་ཁྲིད་ལས་བྱེད་པ་ཚོས་རྒྱུན་ཆད་མེད་པར་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཆེ་རུ་གཏོང་བ་དང་། རྒྱུན་ཆད་མེད་པར་སྒྱུར་འཕེལ་བརྟན་གསུམ་གྱི་ཁ་ལོ་སྒྱུར་བའི་འཇོན་ཐང་ཆེ་རུ་གཏོང་བ། རྒྱུན་ཆད་མེད་པར་བོད་ཀྱི་ཡུན་རིང་བདེ་འཁོད་དང་སྤྱི་ཚོགས་དང་དཔལ་འབྱོར་ལེགས་ལ་མྱུར་བའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་ལས་ཀའི་འཇོན་ཐང་ཆེ་རུ་གཏོང་བ། སྲིད་བརྩོན་ལས་བཀུར་དང་འབད་འབུངས་ལྷོད་མེད། སྤྱོད་ཚུལ་འཛུགས་སྐྱོང་གི་གྲུབ་འབྲས་གསར་པ་བཅས་ཀྱི་ཐོག་ནས་ལྗོངས་ཡོངས་ཀྱི་ལས་ཀའི་ཆུ་ཚད་གསར་པ་ཞིག་ཏུ་སླེབས་པ་བྱེད་དགོས།

    “ནན་གསུམ་དྲང་གསུམ”ནི་རང་རེའི་ཏང་གི་ཕུལ་བྱུང་སྲོལ་རྒྱུན་གྱི་གཅིག་སྡུད་མཚོན་ཚུལ་ཞིག་ཡིན་པས་རྒྱལ་ཁབ་སྐྱོང་བར་སྔོན་ལ་ཏང་སྐྱོང་དགོས་པ་དང་ཏང་སྐྱོང་བར་དམ་འཛིན་ནན་པོ་བྱེད་དགོས། “དམ་ནན”ནི་སྤྱོད་ཚུལ་འཛུགས་སྐྱོང་གི་རྨང་གཞི་ཡིན་པ་དང་། “དྲང་བདེན”ནི་སྤྱོད་ཚུལ་འཛུགས་སྐྱོང་ལ་ཞིབ་དཔྱད་བྱེད་པའི་ཚད་གཞི་ཞིག་ཡིན། “དམ་ནན”དང“དྲང་བདེན”གྱི་གཉིས་ནི་རང་རེའི་ཏང་གི་བྱ་གཞག་ལ་གྲུབ་འབྲས་ཐོབ་པའི་འགན་ལེན་ཞིག་ཡིན། དུས་ཡུན་རིང་པོའི་གསར་བརྗེ་དང་། འཛུགས་སྐྲུན། སྒྱུར་བཅོས་སྒོ་དབྱེ་བཅས་ཀྱི་རླབས་ཆེའི་ལག་ལེན་ཁྲོད་རང་རེའི་ཏང་གིས“དམ་ནན”དང“དྲང་བདེན”གྱི་ཕུལ་བྱུང་སྲོལ་རྒྱུན་སྐྱེད་སྲིང་བྱས་ཡོད། “ནན་གསུམ་དྲང་གསུམ”ལས་ཏང་འཛུགས་སྐྱོང་གི་རིགས་པའི་གཞུང་ལུགས་ཕུན་སུམ་ཚོགས་སུ་དང་འཕེལ་རྒྱས་ཕྱིན་ཡོད་པས་དེ་ནི་རང་རེའི་ཏང་གི་ཕུལ་བྱུང་སྲོལ་རྒྱུན་རྒྱུན་འཛིན་དང་དར་སྤེལ་བཏང་བ་ཞིག་དང་། མདུན་སྐྱོད་ལམ་བུའི་ཁྲོད་ཀྱི་ཉེན་ཁ་དང་འགྲན་སློང་ལས་རྒྱལ་བའི་གལ་ཆེའི་ཐབས་མཆོག་ཅིག སྔ་བར་ཕྱི་གསུམ་དུ་མར་ཁེ་སི་རིང་ལུགས་སྲིད་ཏང་གི་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་རྒྱུན་འཁྱོངས་བྱེད་པའི་གལ་ཆེའི་བྱ་ཐབས་ཤིག སྔར་ལས་ལེགས་པའི་ངང་ཏང་གི་སྲིད་འཛིན་རྨང་གཞི་བརྟན་གཏོང་དང་སྲིད་འཛིན་འཇོན་ཐང་ཆེར་གཏོང་གི་གལ་ཆེའི་འགན་ལེན་ཞིག་བཅས་ཡིན།

    “ནན་གསུམ་དྲང་གསུམ”དེ་གཙོ་བོ་ལག་ལེན་བསྟར་རྒྱུ་དང་དོན་ཐོག་ཏུ་འཁྱོལ་རྒྱུར་ཐུག་ཡོད་པས་ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་དོན་དངོས་དང་ཟུང་འབྲེལ་དམ་ཟབ་ཀྱིས“ནན་གསུམ་དྲང་གསུམ”སློབ་སྦྱོང་དང་ལག་ལེན་ནན་པོ་བསྟར་ནས“དམ་ནན་”གྱི་སྙིང་སྟོབས་དང“དྲང་བདེན”གྱི་བླང་བྱ་དེ་ཀྲུང་དབྱང་གི་བོད་སྐྱོང་ཐབས་ཇུས་དང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པའི་བྱ་སྤྱོད་དངོས་སུ་འགྱུར་བ་བྱས་ཐོག“ནན་མེད་དྲང་མེད”ཀྱི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་ནུས་ལྡན་དང་དམ་ནན་གྱི་སྙིང་སྟོབས་ལ་བརྟེན་ནས་ཏང་ལ་དོ་དམ་དང་ཏང་ནན་པོ་སྐྱོང་བ་དང་དམ་པ་དོན་གཉེར་གྱི་སྤྱོད་ཚུལ་ཐོག་ནས་ལས་སྒྲུབ་ལས་གཏོད་ཀྱིས་ལག་ལེན་དང་། མི་དམངས། ལོ་རྒྱུས་བཅས་ཀྱི་ཞིབ་དཔྱད་ཐེག་པའི་གྲུབ་འབྲས་དངོས་ཧུར་ཐག་གཏོད་དགོས།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།