དབུ་ཤོག>གསར་འགྱུར།
  • བསམ་བློ་གཅིག་གྱུར་གྱིས་དོན་སྙིང་གལ་ཆེན་ལ་ངོས་འཛིན་ཟབ་མོ་བྱེད་དགོས།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  བོད་ལྗོངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།   |     སྤེལ་དུས།  2015-06-07

    རྫོང་དང་ཁྲུའུ་རིམ་པ་ཡན་གྱི་འགོ་ཁྲིད་ལས་བྱེད་པའི་ཁྲོད“ནན་གསུམ་དྲང་གསུམ”གྱི་ཆེད་དོན་སློབ་གསོ་སྤེལ་རྒྱུ་དེ་ནི་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་བཀོད་སྒྲིག་གལ་ཆེན་ཞིག་ཡིན་ལ་འདི་ལོའི་ཏང་འཛུགས་སྐྱོང་ལས་དོན་གྱི་ལས་འགན་གལ་ཆེན་ཞིག་ཀྱང་ཡིན། ཟླ་6ཚེས་5ཉིན་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཆོན་གོས་ནང་དོན་ཟབ་ཅིང་བློ་ཡིད་འགུགས་པའི་ཏང་གི་སློབ་ཚན་ཞིག་ཆེད་མངགས་འཚོགས་ནས་ལྗོངས་ཡོངས་སུ“ནན་གསུམ་དྲང་གསུམ”གྱི་ཆེད་དོན་སློབ་གསོ་སྤེལ་འགོ་བརྩམས་པ་རེད།

    ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་པ་ནས་བཟུང་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་ཏང་ཡོན་ལས་བྱེད་པ་དང་ལྷག་པར་དུ་འགོ་ཁྲིད་ལས་བྱེད་པར་བློ་སྦྱོང་ནན་པོ་དང་། དབང་ཆ་སྤྱོད་རྒྱུ་ནན་པོ། སྒྲིག་ཁྲིམས་ཀྱིས་རང་ཉིད་གཅུན་སྡོམ་ནན་པོ་བྱས་ཏེ་དོན་བསྒྲུབ་རྒྱུ་དང་། ལས་གཏོད་བྱ་རྒྱུ། མི་ཡག་པོ་བྱ་རྒྱུ་བཅས་དོན་དང་ལྡན་པ་ཞིག་བྱེད་དགོས་པའི་སྐོར་ནན་གསུངས་གནང་ཡོད། “ནན་གསུམ་དྲང་གསུམ”གྱི་རྒྱས་བཤད་གལ་ཆེན་དེ་མར་ཁེ་སི་རིང་ལུགས་ཀྱི་ཏང་སྲིད་འཛུགས་སྐྱོང་གི་གཞི་རྩའི་རྩ་དོན་དང་ནང་གནས་ཀྱི་བླང་བྱར་ཁྱབ་པར་བརྟེན་ཏང་འཛུགས་སྐྱོང་གི་རིགས་པའི་གཞུང་ལུགས་ཕུན་སུམ་ཚོགས་སུ་དང་འཕེལ་རྒྱས་སུ་བཏང་བས་རང་གཅུན་མི་བཟང་བྱེད་པའི་རྩ་བ་དམ་དུ་འཛིན་པ་དང་། དཔོན་གནས་ལ་བརྟེན་ནས་དབང་ཆ་སྤྱོད་པའི་དམར་ཐིག་འབྱེད་པ། ལས་སྒྲུབ་ལས་གཏོད་ཀྱི་གནད་འགག་འཛིན་ཐུབ་པ་བྱས་ནས་འགོ་ཁྲིད་ལས་བྱེད་པ་བློ་སྦྱོང་བྱེད་པའི་རྩ་བ་དང་། སྲིད་སྐྱོང་བའི་ཐབས་ལམ། བྱ་བ་ལམ་ལྷོངས་ཡོང་བའི་གནད་བཅས་གཏན་འཁེལ་གྱི་ཐོག་ནས་ཏང་ཡོན་ལས་བྱེད་པ་ཡོངས་ཀྱིས་བློ་སྦྱོང་དང་དབང་ཆ་སྤྱོད་པར་སྒྲིག་ཁྲིམས་ཀྱིས་གཅུན་པ་དང་ལས་སྒྲུབ་ལས་གཏོད་ཁྲོད་མི་ཡག་པོ་ཞིག་བྱེད་པར་ཚན་རིག་གི་ཁྲིད་སྟོན་བྱེད་པའི་ཁ་ཕྱོགས་བསྟན་ཡོད།“ནན་གསུམ་དྲང་གསུམ”གྱི་ཆེད་དོན་སློབ་གསོ་སྤེལ་རྒྱུ་ནི་ཏང་ནང་ཁུལ་གྱི་ཆབ་སྲིད་ཀྱི་འཚོ་བ་ནན་དུ་གཏོང་བ་དང་ཏང་གི་ཆབ་སྲིད་སྒྲིག་ཁྲིམས་དང་ཆབ་སྲིད་སྒྲིག་ལམ་ནན་དུ་གཏོང་བའི་དམ་འཛིན་བྱེད་གཞི་གལ་ཆེན་ཞིག་ཡིན་ལ། ཏང་གི་བསམ་བློ་ཆབ་སྲིད་འཛུགས་སྐྱོང་དང་སྤྱོད་ཚུལ་འཛུགས་སྐྱོང་ལ་སྐུལ་མ་གཏིང་ཟབ་གཏོང་བའི་བྱ་ཐབས་གལ་ཆེན་ཞིག་ཀྱང་ཡིན་པ་དེས་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གིས་ཏང་ནན་སྐྱོང་བྱེད་པའི་རྣམ་འགྱུར་ཁ་གསལ་དང་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་ཆོད་སེམས་བརྟན་པོ་ཞིག་གང་ལེགས་མཚོན་པས།“ནན་གསུམ་དྲང་གསུམ”ནན་ཏན་ངང་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དེ་བསམ་བློ་གཅིག་གྱུར་དང་ངོས་འཛིན་མཐོ་རུ་བཏང་ནས་ལྗོངས་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་རྣམས་ཀྱིས་ཧུར་བརྩོན་ཆེན་པོས་ཡུན་རིང་བདེ་འཁོད་དང་དཔལ་འབྱོར་དང་སྤྱི་ཚོགས་ལེགས་ལ་མྱུར་བའི་ངང་འཕེལ་རྒྱས་ཡོང་བར་སྐུལ་མ་གཏོང་བའི་སྟོབས་ཤུགས་ཆེན་པོ་གོང་བུ་འགྲིལ་རྒྱུར་དོན་དངོས་དང་ཕུགས་ཀྱི་ལོ་རྒྱུས་དོན་སྙིང་གལ་ཆེན་ལྡན་ཡོད།

    “ནན་གསུམ་དྲང་གསུམ”གྱི་ཆེད་དོན་སློབ་གསོ་སྤེལ་བ་དེ་ནི་ཏང་གིས་ཏང་ལ་དོ་དམ་དང་། ཏང་ནན་པོར་བསྐྱངས་ནས“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་སྒྲིག་ལ་མཐུན་སྦྱོར་སྐུལ་སྤེལ་བྱེད་པ་དང་། སློབ་གསོ་ལག་ལེན་བྱེད་སྒོའི་གྲུབ་འབྲས་ཟམ་མི་ཆད་པར་སྲ་བརྟན་དང་རྒྱ་བསྐྱེད་དེ་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་རྒྱུན་གཏན་དུ་འགྱུར་བ་བྱེད་པ། སྒྲིག་ཁྲིམས་སྲུང་བ་དང་སྒྲིམ་ལམ་ལ་སྣང་ཆེན་བྱ་རྒྱུ་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་སྟེ་སྤྱོད་ཚུལ་འཛུགས་སྐྱོང་ལས་དོན་དེ་མཐོ་ཚད་གསར་པ་དང་ཚད་གཞི་གསར་པ་ཞིག་ཏུ་སླེབས་པ་བྱས་ནས་སྤྱོད་གཙང་དྲང་བདེན་གྱི་ཆབ་སྲིད་སྣོད་བཅུད་དང་སྤྱི་ཚོགས་ཀྱི་ཁོར་ཡུག་ཅིག་གཏོད་པ།“ནན་གསུམ་དྲང་གསུམ”སློབ་སྦྱོང་དང་ལག་བསྟར་བྱས་ནས་རུལ་རྒོལ་འགྱུར་འགོག་གི་བསམ་བློའི་འཐབ་ས་སྔར་བས་བརྟན་པ་ཞིག་ཆགས་པ་བྱས་ཏེ་སྲིད་ཆེད་སྤྱོད་གཙང་ཡོང་བའི་དམར་ཐིག་དང་མཐའ་ཐིག་སྲུང་བ།“ནན་གསུམ་དྲང་གསུམ”དེ་རང་རྟོགས་ངང་ལས་ཀ་དང་རང་སོའི་ལས་གནས། བྱ་སྤྱོད་ཐོག་དོན་འཁྱོལ་གྱིས་དུས་དང་རྣམ་པ་ཀུན་ཏུ་་མངའ་ཁོངས་སྲུང་བར་འགན་འཁྲི་ཡོད་པ་དང་། མངའ་ཁོངས་སྲུང་བའི་འགན་འཁྲི་འཁུར་བ། མངའ་ཁོངས་སྲུང་བའི་འགན་འཁྲི་གཙང་སྒྲུབ་ཐོག་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་བའི་ཀྲུང་གོའི་ཕུགས་འདུན་གྱི་བོད་ཀྱི་ལེའུ་ཡག་པོ་ཞིག་རྩོམ་དགོས་པར་ཟེར་བ་ཡིན།

    ད་ཆ་རང་ལྗོངས་ཀྱི་སྒྱུར་འཕེལ་བརྟན་གསུམ་འགག་སྒྲོལ་དང་འགག་རྩའི་དུས་མཚམས་སུ་སླེབས་ལ་ཡོམ་འགོག་གེགས་སེལ་གྱི་བར་བརྒལ་བཀོད་སྒྲིག་དང་གེགས་རྗེས་བསྐྱར་སྐྲུན་གྱི་ལས་ཀའང་འགག་རྩའི་དུས་སུ་སླེབས་ཡོད། དཀའ་ཚེགས་དང་ལྗིད་རྫོབ་ཆེ་བའི་ལས་འགན་གྱིས་བསམ་བློ་དང་། ཆབ་སྲིད། སྤྱོད་ཚུལ་བཅས་ཐད་ཡོངས་སུ་ཚད་ལོན་པའི་སྲིད་འཛིན་རྐང་འཛིན་དཔུང་ཁག་ཅིག་དགོས་རྒྱུ་ཁ་ཚ་དགོས་གཏུགས་སུ་གྱུར་ལ་དཀའ་ངལ་ལ་གདོང་ལེན་བྱེད་པའི་སྙིང་སྟོབས་དང་། འགག་སྒྲོལ་གྱི་དཀའ་ངལ་ཁྱད་བསད་ཕོད་པའི་བློ་སྟོབས། བསམ་ཕོད་བྱེད་ཕོད་ཀྱི་འགན་འཁྲིའི་ཐོག་ནས་བོད་འདི་ཉིད་ཡུན་རིང་བདེ་འཁོད་དང་དཔལ་འབྱོར་དང་སྤྱི་ཚོགས་ལེགས་ལ་མྱུར་བའི་ངང་འཕེལ་རྒྱས་ཡོང་བ་བྱེད་པའི་ལོ་རྒྱུས་ཀྱི་འགན་འཁྲི་དང་ཡོམ་འགོག་གེགས་སེལ་ལ་ཁྱོན་ཡོངས་ནས་རྒྱལ་ཁ་ལེན་པའི་རླབས་ཆེན་གྱི་འགན་འཁྲི་འཁུར་ཕོད་པ་བྱ་རྒྱུ་དེ་ཡིན། དོན་སྙིང་དེའི་ཐོག་ནས་བཤད་ཚེ“ནན་གསུམ་དྲང་གསུམ”གྱི་ཆེད་དོན་སློབ་གསོ་སྤེལ་རྒྱུ་དེ་རང་ལྗོངས་ཀྱིས་ཁྱོན་ཡོངས་ནས་ཏང་འཛུགས་སྐྱོང་དང་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་དམ་འཛིན་བྱེད་གཞི་གལ་ཆེན་ཞིག་ཡིན་ལ་ལྗོངས་ཡོངས་ཀྱི་ལས་དོན་ཁག་ལ་མཐུན་སྦྱོར་ངང་སྐུལ་མ་གཏོང་བའི་སྲ་ཞིང་བརྟན་པའི་རྩ་འཛུགས་ཀྱི་འགན་ལེན་ཞིག་དེ་བས་ཡིན།

    “སེམས་ནང་ཏང་ཡོད་པས་བཀའ་དྲིན་མི་བརྗེད་པ་དང་། སེམས་ནང་མི་དམངས་ཡོད་པས་རྩ་བ་མི་བརླག་པ། སེམས་ནང་འགན་འཁྲི་ཡོད་པས་ལྷོད་གཡེང་མི་བྱེད་པ། སེམས་ནང་བག་ཡོད་པས་གང་བྱུང་མི་བྱེད་པས”དེས་ན“ནན་གསུམ་དྲང་གསུམ”དེ་གཙོ་བོ་ལག་ལེན་དང་དོན་འཁྱོལ་བྱ་རྒྱུར་ཐུག་པར་བརྟེན་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ངེས་པར་དུ“ནན་གསུམ་དྲང་གསུམ”གྱི་རིགས་པའི་གཞུང་ལུགས་གལ་ཆེན་དང་ལག་ལེན་གྱི་དོན་སྙིང་ལ་ངོས་འཛིན་གང་ལེགས་བྱས་ཏེ་ཆབ་སྲིད་ཀྱི་སྤྲོ་སྣང་ཆེན་པོས་ཆེད་དོན་སློབ་གསོ་སྤེལ་ནས་སྤྱོད་ཚུལ་འཛུགས་སྐྱོང་གི་ཕན་འབྲས་གསར་པའི་ཐོག་ནས་རང་ལྗོངས་ཀྱི་སྒྱུར་འཕེལ་བརྟན་གསུམ་གྱི་རྣམ་པ་གསར་པ་གཏོད་དེ། “ནན་གསུམ་དྲང་གསུམ”གྱི་བླང་བྱ་དེ་དོན་དམ་པའི་བྱ་སྤྱོད་དང་བྱ་ཐབས་སུ་བསྒྱུར་ནས་བོད་ཡུན་རིང་བདེ་འཁོད་དང་དཔལ་འབྱོར་དང་སྤྱི་ཚོགས་ལེགས་ལ་མྱུར་བའི་ངང་འཕེལ་རྒྱས་ཡོང་བར་སྐུལ་མ་གཏོང་རྒྱུར་སྒུལ་ཤུགས་ཆེན་པོ་དང་འགན་ལེན་ནུས་ལྡན་ཐུབ་པ་བྱས་ཏེ་གྲུབ་འབྲས་ཕུལ་དུ་བྱུང་བའི་ཐོག་ནས་བོད་རང་སྐྱོང་ལྗོངས་དབུས་བརྙེས་ནས་ལོ་50འཁོར་བར་བསུ་བ་ཞུ་དགོས།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།