དབུ་ཤོག>གསར་འགྱུར།
  • དུས་ཚིགས་དང་པོར་གཞིས་རྩེ་གྲོང་ཁྱེར་གྱི་འབྲོག་ལས་དཔལ་འབྱོར་གྱི་འཕེལ་རྒྱས་བཟང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-06-07

    འདི་ལོའི་དུས་ཚིགས་དང་པོར་གཞིས་རྩེ་གྲོང་ཁྱེར་གྱིས་ཞིང་འབྲོག་ལས་དེང་རབས་ཅན་ལ་དམིགས་ཏེ་ཞིང་འབྲོག་པའི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་གཏོང་རྒྱུར་འབད་བརྩོན་བྱས་པ་དང་། ཞིང་འབྲོག་པ་འབབ་འཕར་ལ་སྐུལ་འདེད་གཏོང་བ། ཞིང་འབྲོག་ལས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་ནུས་པ་ཆེ་རུ་ཧུར་ཐག་གཏོང་བ། རྨང་གཞི་བརྟན་གཏོང་དང་། སྤྱི་འབོར་མང་གཏོང་། རིགས་སྒྱུར་དམ་འཛིན། ཕན་འབྲས་མཐོར་གཏོང་། འབབ་འཕར་སྐུལ་འདེད་བཅས་མུ་མཐུད་བྱེད་པས་གྲོང་ཁྱེར་ཡོངས་ཀྱི་ཞིང་འབྲོག་ལས་དཔལ་འབྱོར་རྒྱུན་མཐུད་དང་མགྱོགས་མྱུར་ངང་འཕར་ནས་ཞིང་འབྲོག་ལས་ཀྱི་དཔལ་འབྱོར་གྱིས་འགོ་ཡག་པོ་བརྩམས་ཡོད།

    དཔྱིད་རྨོད་རྨོད་གྲབས་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་བ། འདི་ལོ་གཞིས་རྩེ་གྲོང་ཁྱེར་གྱི་མང་ཚོགས་རྒྱ་ཁྱབ་ངང་སྒྲིག་འཛུགས་སྐུལ་སློང་བྱས་ཏེ་ཆུ་བདེ་སྒྲིག་བཀོད་ཉམས་བཟོ་དང་། ཐོན་འབབ་དམའ་བའི་ཞིང་ཁ་སྒྱུར་བཀོད། རི་ལྡེབས་ཞིང་ཁ་བཅོས་སྒྲིག ཁྱིམ་ལུད་གསོག་ཉར་སོགས་ཀྱི་ལས་དོན་ལ་དམ་འཛིན་བྱས་ཏེ་ཞིང་ཁའི་རྨང་གཞིའི་སྒྲིག་བཀོད་ཉམས་གསོ་ཐུབ་ཚད་100%ཟིན་པ་དང་། ཞིང་སྤྱོད་དངོས་ཟོག་ཉོ་སྒྲུབ་དབོར་འདྲེན་ལས་དོན་ལ་དམ་འཛིན་ཡག་པོ་བྱས་ནས་རྫས་ལུད་ཏུན་28920དང་ཞིང་སྨན་ཏུན་524.03དབོར་འདྲེན་བྱས་པ། དགུན་འདེབས་སྐྱེ་དངོས་དོ་དམ་ལ་དམ་འཛིན་བྱས་ནས་ནད་འབུ་ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་གཏོང་རྒྱུར་ཤུགས་སྣོན་བརྒྱབ་སྟེ་དགུན་སྒྲོལ་ཆུ་དུས་བསྟུན་འདང་ངེས་གཏོང་བ་དང་སྔོ་ལོག་ཁ་ལུད་ཡག་པོ་བརྒྱབ་པ་བཅས་བྱས་པས་དགུན་སྒྲོལ་ཞིང་ནང་སྐྱེ་དངོས་མུའུ་ཁྲི་2.7སྐྱེས་ཚུལ་ཡག་པོ་ཡོད། འདི་ལོ་གྲོང་ཁྱེར་ཡོངས་ཀྱིས་འདེབས་ཁྱོན་མུའུ་ཁྲི་130དོན་འཁྱོལ་བྱས་པའི་ནང་འབྲུ་རིགས་འདེབས་ཁྱོན་མུའུ་ཁྲི་82.54ཟིན་ཡོད།

    འབྲོག་ལས་བརྟན་པོའི་ངང་འཕེལ་རྒྱས་ཕྱིན་པ། དུས་ཚིགས་དང་པོར་གཞིས་རྩེ་གྲོང་ཁྱེར་གྱིས་ལུག་ཕྲུག་གསོ་བ་དང་ཕྱུགས་ཕྲུག་གསོ་ཚགས་དོ་དམ་སྦྲེལ་མཐུད་ལ་ཤུགས་སྣོན་བརྒྱབ་ནས་ཕྱུགས་ཕྲུག་གསོན་ཚད་མཐོ་རུ་ནུས་ལྡན་ཕྱིན་ནས་སྔོན་དཔག་བྱས་ན་ཕྱུགས་ཕྲུག་གསོན་ཚད་མགོ་གྲངས་ཁྲི་45.9ཡི་གསོན་ཚད་87.3%དང་། ན་ལོན་ཕྱུགས་རིགས་ཤི་བའི་མགོ་གྲངས་ཁྲི་2.64ཡི་ཤི་ཚད་0.55%ནང་ཚོད་འཛིན་བྱས་པ། ཕྱུགས་རིགས་བཤས་གཏོང་ཚད་མགོ་གྲངས་ཁྲི་20.9ཟིན་པ་བཅས་རེད།

    ཐོན་ལས་ཅན་གྱི་གཉེར་སྐྱོང་སླར་ཡང་སྐས་རིམ་གསར་པར་སླེབས་པ། དུས་ཚིགས་དང་པོར་གྲོང་ཁྱེར་ཡོངས་ཀྱི་ཞིང་འབྲོག་ལས་ཐོན་ལས་ཅན་གྱི་གཉེར་སྐྱོང་སྣེ་འདྲེན་ཁེ་ལས་17གྱིས་ཐོན་རྫས་རིན་ཐང་སྒོར་ཁྲི་6668.28གཏོད་པ་དེ་དུས་མཚུངས་ལས་22.45%འཕར་བ་དང་ཆེད་ལས་མཉམ་ལས་དཔལ་འབྱོར་རྩ་འཛུགས་7གསར་དུ་སྐྱེད་སྲིང་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།