དབུ་ཤོག>གསར་འགྱུར།
  • འགོ་ཁྲིད་ཀྱི“སྐྲག་སྣང”དང་མང་ཚོཌ་ཀྱི“གུས་བཀུར”

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  ཤའོ་ཁྲང་ཝེ་ཡིས།   |     སྤེལ་དུས།  2015-06-03

    ལོ་བཅུ་ཕྲག་ཁ་ཤས་ཉིན་གཅིག་ལྟར་བྱེ་རླུང་ཁྲོད་དཀའ་སྡུག་ལ་མི་སྐྲག་པ་དང་དཀའ་ངལ་སྣ་ཚོགས་ལས་རྒྱལ་མྱོང་ཞིང་ཕམ་པར་མི་སྐྲག་པའི་ཞུམ་མེད་ཕོ་རྒོད་ཀུའུ་ཝུན་ཁྲང་གི་མི་ཚེའི་ནང་སྐྲག་སྣང་སྐྱེ་འོས་པ་ཁ་ཤས་ཡོད་པ་དེ་ནི་ཏང་གི་གཟུགས་བརྙན་ལ་གནོད་འཚེ་ཕོག་པར་སྐྲག་སྣང་སྐྱེ་བ་དང་། མང་ཚོགས་དང་ཁ་བྲལ་བར་སྐྲག་སྣང་སྐྱེ་བ། དབང་ཚད་ལས་བརྒལ་བར་སྐྲག་སྣང་སྐྱེ་བ་བཅས་རེད།

    ཀུའུ་ཝུན་ཁྲང་གི་བསམ་པའི་འཁྱེར་སོ་ནས་བལྟས་ན་ང་ཚོས་ཏང་དང་། མི་དམངས་མང་ཚོགས། དབང་ཚད་བཅས་ལ་གུས་ཤིང་སྐྲག་སྣང་ཆེན་པོ་བྱེད་པའི་ཁོང་གི་བླ་ན་མེད་པའི་མི་ཚེའི་འཁྱེར་སོ་མཐོང་ཐུབ་ཀྱི་ཡོད།

    གུས་ཤིང་སྐྲག་པ་ནི་བླ་ན་མེད་པའི་བྱ་དངོས་མཐའ་དག་ལ་འཛིན་པའི་རྣམ་འགྱུར་ཞིག་ཡིན་པ་དང་དབང་གྲགས་དང་། སྒམ་བརླིང་ལྡན་པ། བླ་ན་མེད་པའི་བྱ་དངོས་བཅས་མདུན་གྱི་ཚོར་སྣང་དེ་ནི་གུས་བཀུར་དང་། བརྩི་འཇོག་དང་། སྐྲག་སྣང་། གཟབ་ནན་བཅས་རེད།

    ཀུའུ་ཝུན་ཁྲང་གིས་ཏང་ལ་གུས་ཤིང་སྐྲག་སྣང་སྐྱེ་བ་དེ་ནི་དང་ཐོག་དད་སེམས་བརྟན་པོ་ཡོད་པ་ལས་མཚོན་གྱི་ཡོད། ཀུའུ་ཝུན་ཁྲང་གིས་ཚེ་གང་རིང་དཀའ་སྡུག་སྣ་ཚོགས་མྱངས་པ་སྟེ། མཚོན་ནགས་མདེལ་ཆར་གྱི་དམག་འཁྲུག་ལོ་ཟླ་དང་། ཡང་ཡང་ཕམ་ཡང་དམག་འཐབ་ཡང་ཡང་བྱེད་པའི་བྱེ་བཅོས་འཐབ་རྩོད། བཀྲེས་ལྟོགས་ཀྱིས་མནར་བའི་དཀའ་སྡུག་ཆེ་བའི་ལོ་ཟླ། གཞི་རིམ་དུ་གཏོང་རིང་གི་བསམ་ཤེས་བྱེད་མཁན་མེད་པ་བཅས་མཐའ་དག་གིས་ཁོང་གི་དད་སེམས་བརྟན་པོར་གཡོ་འགུལ་ཐེབས་མེད། ཁོང་གིས“རང་ཉིད་ནི་ཀྱག་ཀྱོག་གི་འགྲོ་ལམ་སྣ་ཚོགས་བརྒྱུད་མྱོང་མཁན་ཞིག་ཡིན་མོད། འོན་ཀྱང་ངས་ཐོག་མཐའ་བར་གསུམ་དུ་དུས་གང་འདྲ་ཞིག་ཏུའང་ཏང་ལ་ཡིད་ཆེས་དང་ཏང་རྩ་འཛུགས་ལ་ཡིད་ཆེས་བརྟན་པོ་བྱེད་པ་དང་། ཏང་ལ་གུས་ཤིང་སྐྲག་སྣང་སྐྱེ་བ་དེ་ཏང་ལ་བློ་དཀར་ཚད་མེད་བྱེད་པ་ལས་མཚོན་གྱི་ཡོད”ཅེས་བཤད་མྱོང་ཡོད།

    མང་ཚོགས་ལ་གུས་ཤིང་སྐྲག་པ་ཞེས་པ་དེ་ནི་མི་དམངས་མང་ཚོགས་གནས་བབ་མཐོ་ཤོས་སུ་འཇོག་པ་དང་མི་དམངས་མང་ཚོགས་ཀྱི་བདེ་སྡུག་སེམས་སུ་འཇོག་པ་དང་བྱ་སྤྱོད་ཐོག་མཚོན་པར་བྱ་རྒྱུ་དེ་རེད། ཕྱི་ཕྱོགས་སུ་ལྟོ་སློང་བའི་མི་ཚོགས་མཐོང་སྐབས་ཁོང་ལ་གནོང་འགྱོད་ཆེན་པོ་སྐྱེ་བ་དང་རྫོང་དཔོན་ཞིག་ཡིན་པའི་ངོས་ནས་ངས་མང་ཚོགས་ལ་དགོངས་དག་ཐུགས་བདེན་ཞུ་རྒྱུ་ཡིན་ཞེས་དང་། ནད་ཀྱིས་མནར་བའི་ཀུའུ་ཝུན་ཁྲང་གིས་སྐུ་སྲུང་པས་བག་ལེབ་སྐམ་པོ་རྒྱ་མ་གང་ཉོས་པ་མཐོང་སྐབས་མང་ཚོགས་བཀྲེས་ལྟོགས་ཀྱིས་མནར་ཡོད་པས་ངའི་མིད་པར་འགྲོ་སྲིད་དམ་ཞེས་རླུང་འཚུབ་འཚུབ་ཀྱིས་སྐུ་སྲུང་པར་ཕྱིར་སློག་བྱེད་དུ་བཅུག་མྱོང་ཡོད། དཀའ་ངལ་ཁྲོད་ཀྱི་མི་དམངས་མང་ཚོགས་མདུན་དུ་ཁོང་གིས་མི་དམངས་དཀའ་སྡུག་ལས་སྒྲོལ་མ་ཐུབ་ཚེ་གུང་ཁྲན་ཏང་ཡོན་དེ་གར་ཅི་ཞིག་བྱེད་དུ་ཡོང་བ་ཡིན་ནམ་ཞེས་ངར་ཤུགས་ཆེན་པོས་བཤད། དམ་བཅའ་སྒྲུབ་ཆེད་ཁོང་གིས“ཧུའུ་ཐའུ་རི་བོར་འཛེགས་པ་དང་བྱེ་ཐང་དུ་བསྐྱོད”ཅིང་ཕམ་ཐེངས་རེ་རེ་བཞིན་མི་མང་པོ་ཞིག་ཡིད་ཐང་ཆད་སྐབས་ཁོང་གིས་བྱེ་རླུང་བཅོས་མ་ཐུབ་ཚེ་རང་ཉིད་བྱེ་རླུང་ཁྲོད་སྦ་རྒྱུ་ཡིན་ཞེས་དམ་བཅའ་བཞག

    ཀུའུ་ཝུན་ཁྲང་གིས་མི་དམངས་ཀྱིས་དཀྲིས་པའི་དབང་ཆར་སྔ་ཕྱི་བར་གསུམ་དུ་གུས་ཤིང་སྐྲག་སེམས་བཅངས་པ་དང་དབང་ཆ་ནན་པོ་སྤྱོད་པ་ལས་དམིགས་བསལ་བྱེད་ཀྱི་མེད། གཞུང་དངུལ་ཆུད་ཟོས་འགྲོ་དོགས་ཀྱིས་ཕྱི་ཕྱོགས་སུ་ལས་དོན་སྒྲུབ་སྐབས་ཆེད་མངག་གོང་ཁེ་བའི་འགྲུལ་ཁང་འཚོལ་བ་དང་། གྲོང་ཁྱེར་དུ་ལས་སྒྱུར་བྱེད་སྐབས་ཤིང་སྒམ་རྙིང་པ་གཉིས་དང་རང་ཉིད་ཀྱིས་བསྙལ་བའི་བསྙལ་ཚལ་ཁོག་མ་གཉིས་ལས་མེད་པ། ཁྱིམ་ཚང་གི་ཀུན་སྤྱོད་ལ་སྣང་ཆེན་བྱེད་པ་དང་གཞུང་སྒེར་དབྱེ་བ་གསལ་པོ་འབྱེད་ཀྱི་ཡོད།

    “དཔོན་པོ་ཞིག་གི་སེམས་སུ་སྐྲག་སྣང་ཡོད་ཚེ་གཞི་ནས་མི་སེར་གྱི་གུས་བཀུར་ཐོབ་ཀྱི་ཡོད” ཀུའུ་ཝུན་ཁྲང་གིས་ཏང་དང་། མི་དམངས། དབང་ཆ་བཅས་ལ་གུས་ཤིང་སྐྲག་སྣང་བྱེད་པས་མི་དམངས་མང་ཚོགས་ཀྱི་དགའ་བཀུར་ཟབ་མོ་ཐོབ་ཡོད། ལོ་34སོང་རྗེས་ས་ཆ་དེ་གའི་མི་དམངས་ཀྱིས་ཁོང“མེས་པོར”བཀུར་ནས་དྭངས་གསལ་དུས་ཚིགས་སྐབས“མེས་པོར་ཕྱག་མཆོད”བྱ་རྒྱུ་དེ་གོམས་སྲོལ་ཞིག་ཏུ་གྱུར་བ་དང“ཡོད་པ་བཞིའི་ཧྲུའུ་ཅི”དེ་ནི་རྒྱལ་ཡོངས་ཀྱི་ཏང་ཡོན་དང་ལས་བྱེད་པས་སློབ་སྦྱོང་བྱེད་པའི་མིག་དཔེ་ཞིག་རེད།

    ཀུའུ་ཝུན་ཁྲང་གི་སྙིང་སྟོབས་ཀྱི་དེང་དུས་རིན་ཐང་ཆེན་པོ་དེ་ལས་ཕུགས་འདུན་དོན་གཉེར་བྱེད་མཁན་ཁྲི་སྟོང་མང་པོའི་མི་ཚེའི་བགྲོད་ལམ་ལ་ཤུགས་རྐྱེན་ཆེན་པོ་ཐེབས་པ་དང་ལམ་སྟོན་བྱེད་བཞིན་མཆིས།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།