དབུ་ཤོག>གསར་འགྱུར།
  • མང་ཚོགས་ལ་འབྲེལ་གཏུག་བྱ་རྒྱུ་དེ་རྒྱུན་གཏན་དང་ཡུན་རིང་མཐའ་འཁྱོངས་ བྱ་རྒྱུར་རག་ལུས་ཡོད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  ཡན་ཏང་ཨེན་གྱིས།   |     སྤེལ་དུས།  2015-06-03

    རང་ལྗོངས་སུ་རྨང་བརྟན་དམངས་ཕན་བྱེད་སྒོ་སྤེལ་བ་ནས་བཟུང་ཞིང་འབྲོག་ཁུལ་གྱི་བརྟན་ལྷིང་སྲུང་སྐྱོང་ཏན་ཏིག་བྱས་པ་དང་། ཞིང་འབྲོག་པའི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་བཏང་བ། གྲོང་ཚོ་རིམ་པའི་ཏང་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། ཞིང་པ་མང་ཚོགས་ཀྱི་འཕེལ་རྒྱས་ཁྲོད་ཀྱི་ཡིད་ཆེས་ཆེ་རུ་ཕྱིན་པ། ལས་བྱེད་པ་འབོར་ཆེན་ཞིག་སྦྱོང་བརྡར་དང་གསོ་སྐྱོང་བྱས་པ། ཏང་དང་མང་ཚོགས་དབར་གྱི་ཤ་ཁྲག་འདྲེས་པ་ལྟ་བུའི་འབྲེལ་བ་ཟབ་ཏུ་སོང་བ་བཅས་བྱུང་ནས་ཆབ་སྲིད་དང་། དཔལ་འབྱོར། སྤྱི་ཚོགས་བཅས་ཀྱི་ཕན་འབྲས་བཟང་པོ་ཐོན་ཡོད་པ་རེད།

    མང་ཚོགས་ཀྱི་ལས་དོན་ནི་རྒྱུན་གཏན་རང་བཞིན་གྱི་ལས་དོན་ཞིག་ཡིན་ཞིང་། དེང་སྐབས་རྩ་བར་གཞི་ཚུགས་པ་དང་ཕུགས་ལ་དམིགས་ནས་ཚན་རིག་དང་མཐུན་ལ་སྤྱོད་གོ་ཆོད་པའི་མང་ཚོགས་ལས་ཀའི་ལམ་ལུགས་མ་ལག་འཛུགས་པ་དང་འཐུས་ཚང་དུ་བཏང་ཐོག་མང་ཚོགས་ལམ་ཕྱོགས་ལག་བསྟར་དང་། མང་ཚོགས་དང་འབྲེལ་བ་དམ་ཟབ་བྱེད་པ། མང་ཚོགས་ལས་དོན་སྤེལ་བ་བཅས་ཐད་གཞི་རྩའི་འགན་ལེན་བྱེད་དགོས།

    དྲིལ་བསྒྲགས་སློབ་གསོར་ཤུགས་སྣོན་བརྒྱབ་ནས་ཏང་དང་མང་ཚོགས་ཀྱི་འབྲེལ་བ་ཟབ་ཏུ་གཏོང་བའི་བསམ་བློའི་རྨང་གཞི་བརྟན་དུ་གཏོང་དགོས་ཤིང་། མཐའ་མཚམས་མི་རིགས་ས་ཁུལ་ཡིན་པའི་རང་ལྗོངས་སུ་ཏང་དང་མི་དམངས་མང་ཚོགས་དབར་གྱི་འབྲེལ་བ་ཟབ་ཏུ་གཏོང་བར་ངེས་པར་དུ་དྲིལ་བསྒྲགས་དང་བསམ་བློའི་ལས་ཀའི་ནུས་པ་གལ་ཆེན་ལ་ཚད་མཐོའི་མཐོང་ཆེན་དང་འདོན་སྤེལ་བྱས་ཏེ་བསམ་བློའི་འཁྱེར་སོའི་ཁྱབ་ཁོངས་ཀྱི་ཏང་གི་སྲིད་སྐྱོང་ནུས་པ་མཐོ་རུ་བཏང་ཐོག་མི་དམངས་མང་ཚོགས་ཀྱི་བསམ་བློ་གཅིག་གྱུར་དང་སྟོབས་ཤུགས་གཅིག་སྒྲིལ་བྱེད་དགོས། རིགས་པའི་གཞུང་ལུགས་དྲིལ་བསྒྲགས་དང་དངོས་ཡོད་འཚོ་བའི་ཟུང་འབྲེལ་བྱེད་ས་འཕྱུགས་མེད་བཙལ་ནས་མང་ཚོགས་ཀྱི་བསམ་བློའི་གནད་དོན་ཐག་གཅོད་བྱ་རྒྱུ་དེ་དངོས་ཡོད་གནད་དོན་ཐག་གཅོད་བྱ་རྒྱུ་དང་ཟུང་འབྲེལ་བྱེད་པ་དང་མང་ཚོགས་ལ་དྲིལ་བསྒྲགས་སློབ་གསོ་རྒྱག་རྒྱུ་དེ་མང་ཚོགས་ལ་ཞབས་ཞུ་ཏན་ཏིག་བསྒྲུབས་པ་དང་ཟུང་འབྲེལ་བྱས་ནས་རིགས་པའི་གཞུང་ལུགས་དེ་དངོས་ཡོད་དང་ཁ་བྲལ་བ་དང་མང་ཚོགས་དང་ཁ་བྲལ་བའི་གནད་དོན་ཐག་གཅོད་ཏན་ཏིག་བྱེད་དགོས།

    འབྲེལ་གཏུག་སྤེལ་རེས་བྱེད་ཤུགས་ཆེ་རུ་བཏང་ནས་ཏང་དང་མང་ཚོགས་དབར་འབྲེལ་གཏུག་བྱེད་པའི་ལམ་སྲོལ་བཟང་པོ་འཛུགས་པ་དང་འཐུས་ཚང་དུ་གཏོང་དགོས་ཤིང་། ཏང་དང་མང་ཚོགས་དབར་གྱི་འབྲེལ་བ་འཛུགས་རྒྱུ་དེ་ཕྱོགས་གཉིས་སྤེལ་རེས་བྱེད་པའི་འབྲེལ་བ་ཞིག་ཡིན་པས་ཕྱོགས་གཅིག་ནས་ཏང་གི་ལམ་ཕྱོགས་དང་། བྱེད་ཕྱོགས། སྲིད་ཇུས་བཅས་རྒྱ་ཆེའི་མང་ཚོགས་ཀྱིས་དུས་ཐོག་ཏུ་ཤེས་རྟོགས་དང་དང་ལེན་ཐུབ་པའི་འགན་ལེན་བྱེད་དགོས་པ་དང་ཕྱོགས་གཞན་ཞིག་ནས་མི་དམངས་མང་ཚོགས་ཀྱིས་རེ་འབོད་བྱས་ཚེ་ཏང་ཡོན་དང་འགོ་ཁྲིད་ལས་བྱེད་པས་ཨ་ལན་སློག་ཐུབ་པའི་འགན་ལེན་བྱེད་དགོས།

    སྤྱི་ཚོགས་དོ་དམ་གསར་གཏོད་ཧུར་ཐག་བྱེད་པའི་སྒྲིག་སྲོལ་ལེགས་ཆ་ཞིབ་འཇུག་གཏིང་ཟབ་བྱེད་དགོས་ཤིང་། སྤྱི་ཚོགས་དོ་དམ་གྱི་སྒྲིག་སྲོལ་དང་ལམ་སྲོལ་གསར་གཏོད་ཧུར་ཐག་བྱས་ནས་འགན་འཁྲིའི་ལམ་སྲོལ་དང་། ལས་སྒྲུབ་ལམ་སྲོལ། མཉམ་འགུལ་ལམ་སྲོལ། ཏང་ཡོན་ལས་བྱེད་པས་མང་ཚོགས་ལ་འབྲེལ་གཏུག་དང་ཞབས་ཞུ་བྱེད་པའི་ལས་ཀའི་ལམ་སྲོལ་སོགས་ཀྱི་ནང་དོན་ཚུད་པའི་ཕུགས་ཕན་ལམ་སྲོལ་བཟོས་ཏེ་ལམ་ལུགས་ཐོག་ནས་མང་ཚོགས་ལས་དོན་དོན་ཐོག་ཏུ་འཁྱོལ་བའི་འགན་ལེན་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།