དབུ་ཤོག>གསར་འགྱུར།
  • བྱ་ཐབས་སྣ་ཚོགས་སྤྱད་ནས་འབབ་འཕར་ལམ་བུ་གཏོད་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  ཡན་ཏང་ཨེན་གྱིས།   |     སྤེལ་དུས།  2015-06-03

    “ལོ་ལྔ་ཚན་བཅུ་གཉིས་པ”ནས་བཟུང་། ཆབ་མདོ་གྲོང་ཁྱེར་གྱིས་ནུས་ལྡན་གྱི་བྱ་ཐབས་སྣ་ཚོགས་སྤྱད་དེ་ཞིང་འབྲོག་ལས་ཀྱི་ཐོན་སྐྱེད་རྒྱུན་ཆད་མེད་པར་མཐོ་རུ་དང་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་དང་སྟོབས་ཆེར་བཏང་བས་ཞིང་འབྲོག་མང་ཚོགས་ཀྱི་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་ཆ་སྙོམས་ལོ་རེར་16.9%འཕར་ཏེ་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆུ་ཚད་ལེགས་སུ་ཆེས་ཆེར་སོང་སྟེ་ལྗོངས་ཡོངས་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་སྐྲུན་ཐུབ་པ་བྱེད་ཆེད་རྨང་གཞི་བརྟན་པོ་བཏིང་ཡོད།

    དེ་དང་ཆབས་ཅིག་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆ་རྐྱེན་དང་ཆུ་ཚད་ཀྱི་ཚོད་འཛིན་ཕོག་སྟབས་ཆབ་མདོའི་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱི་ཡོང་འབབ་དེ་ལྗོངས་ཡོངས་དང་བསྡུར་ན་ཧེ་བག་ཆེ་ཙམ་ཡོད་ལ་འབབ་འཕར་ཕྱུག་འགྱུར་གྱི་ལས་འགན་ད་དུང་དཀའ་ཚེགས་ཆེན་པོ་ཡིན་པ་ང་ཚོས་མཐོང་ཐུབ་པ་བྱེད་དགོས། ཕྱིན་ཆད་ཞིང་འབྲོག་ལས་ཐོན་འཕར་དང་ཞིང་འབྲོག་མང་ཚོགས་འབབ་འཕར་ལ་སྐུལ་མ་གཏོང་རིང་བྱ་ཐབས་སྣ་ཚོགས་ལ་བརྟེན་ནས་ཞིང་འབྲོག་མང་ཚོགས་ལ་འབབ་འཕར་གྱི་ལམ་བུ་མང་པོ་གཏོད་དགོས་པ་སྟེ།

    ཞིང་ལས་ཐད་གཏོང་ཆ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་། ཞིང་འབྲོག་མང་ཚོགས་ཀྱི་འབབ་འཕར་གྱི་ཕུགས་ཕན་ལམ་སྲོལ་འཛུགས་པའི་ཐད་ནོར་སྲིད་ཀྱི་གཏོང་ཆའི་བསྡུར་གྲངས་མང་དུ་གཏོང་དགོས། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་ཞིང་ཕན་སྲིད་ཇུས་ནན་ཏན་ངང་དོན་འཁྱོལ་བྱས་ཏེ་ཁྱད་ལྡན་ཞིང་འབྲོག་ལས་ཆེད་ལས་ཅན་དང་། གཞི་ཁྱོན་ཅན། ཐོན་ལས་ཅན་བཅས་ཀྱི་གཉེར་སྐྱོང་ལ་སྐུལ་མ་གཏོང་བ་དང་ཞིང་འབྲོག་ལས་ཀྱི་ཕྱོགས་བསྡུས་ཕན་ནུས་ཆེ་རུ་བཏང་སྟེ་ཞིང་འབྲོག་པའི་ཡོང་འབབ་མང་དུ་གཏོང་དགོས།

    ས་ཆ་དེ་རང་དང་ཉེ་འདབས་སུ་ཞིང་འབྲོག་པ་གནས་སྤོ་དང་ངལ་ནུས་ཕྱིར་གཏོང་བྱས་ཏེ་ཞིང་འབྲོག་པའི་མི་འབོར་ཉུང་དུ་དང་ཞིང་འབྲོག་པའི་ཁུར་པོ་ཡང་དུ་གཏོང་དགོས། ཕྱོགས་གཅིག་ནས་ཕྱི་ལ་གླ་པར་བཏང་སྟེ་འབབ་འཕར་ལ་སྐུལ་མ་གཏོང་བ་དང་ངལ་ནུས་ཕྱིར་གཏོང་དང་དེའི་གཞི་ཁྱོན་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་བ་དང་། ཕྱོགས་གཞན་ཞིག་ནས་ས་ཆ་དེ་རང་གི་འབབ་འཕར་ཡོང་རྒྱུར་སྐུལ་མ་དང་ས་ཆ་དེ་རང་དུ་ཞིང་འབྲོག་པ་ལས་ཞུགས་ལས་གཏོད་ལ་སྐུལ་མ་བཏང་སྟེ་ཞིང་འབྲོག་ཁུལ་གྱི་ངལ་རྩོལ་ནུས་ཤུགས་ལྷག་འཕྲོར་ལས་ཞུགས་ལས་གནས་བརྟན་པོ་ཞིག་མཁོ་འདོན་བྱེད་དགོས།

    བཟོ་ལས་ཅན་དང་གྲོང་ཁྱེར་ཅན་གྱི་འཕེལ་རིམ་མགྱོགས་སུ་གཏོང་བ་དང་ཐོན་ལས་འདེགས་སྐྱོར་ལེགས་པར་བྱས་ནས་ཞིང་འབྲོག་པའི་ཡོང་འབབ་བརྟན་པོའི་ངང་མཐོ་རུ་གཏོང་དགོས། ཆུ་གློག་དང་། གཏེར་རྫས། ཡུལ་སྐོར་སོགས་ཁྱད་ལྡན་ལེགས་ལྡན་ཐོན་ལས་འཕེལ་རྒྱས་མགྱོགས་སུ་བཏང་ནས་ཐོན་ལས་གཉིས་པ་དང་གསུམ་པར་ལས་ཞུགས་མང་དུ་དང་ཡོང་འབབ་འཕར་བའི་ནུས་པ་ཆེ་རུ་གཏོང་དགོས།

    སྒྲིག་སྲོལ་དང་ལམ་སྲོལ་གྱི་འགལ་རྐྱེན་སེལ་བ་དང་། འགལ་བ་ཐག་གཅོད་བྱེད་པ། ཞིང་འབྲོག་ཁུལ་གྱི་འཕེལ་རྒྱས་ཀྱི་གསོན་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་གྲོང་ཁྱེར་དང་གྲོང་གསེབ་ཐུན་མོང་ཐོག་དར་རྒྱས་ཡོང་རྒྱུར་སྐུལ་མ་གཏོང་དགོས། ཞིང་འབྲོག་ལས་དང་ཞིང་འབྲོག་ཁུལ་གྱི་འཕེལ་རྒྱས་འགལ་རྐྱེན་སེལ་ཆེད། ཆབ་མདོའི་གྲོང་གསེབ་ཀྱི་རྒྱུ་ནོར་བདག་དབང་ལམ་ལུགས་སྒྱུར་བཅོས་ལ་སྐུལ་འདེད་མགྱོགས་པོ་གཏོང་བ་དང་གྲོང་གསེབ་ཀྱི་ས་ཆ་འགན་གཙང་སྤྲོད་དབང་ཐོ་འགོད་དང་ལག་ཁྱེར་སྤྲོད་པའི་ལས་དོན་ལ་སྐུལ་མ་བཏང་སྟེ་གྲོང་གསེབ་ཀྱི་རྨོ་ཞིང་དང་། རྩྭ་ར། ནགས་ས་སོགས་འགན་གཙང་གཉེར་སྐྱོང་དབང་ཆ་སྲུང་སྐྱོང་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས། གྲོང་གསེབ་ཀྱི་ཕྱོགས་བསྡུས་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་སྟེ་གྲོང་གསེབ་ཀྱི་རྒྱུ་ནོར་བདག་དབང་ལམ་ལུགས་ཀྱི་སྒྱུར་བཅོས་དང་འཚམས་པའི་སློབ་གསོ་དང་། འཕྲོད་བསྟེན། སྤྱི་ཚོགས་འགན་སྲུང་། ལས་ཞུགས་སོགས་ཐད་ཀྱི་ལྷན་སྦྱར་སྲིད་ཇུས་མགྱོགས་པོ་འཛུགས་དགོས་པ་བཅས་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།