དབུ་ཤོག>གསར་འགྱུར།
  • ཆབ་མདོ་གྲོང་ཁྱེར་གྱི་ཞིང་འབྲེལ་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་50ལས་བརྒལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-05-31

    ཉེ་ཆར་གསར་འགོད་པས་རང་སྐྱོང་ལྗོངས་འབྲེལ་ཡོད་སྡེ་ཚན་ནས་ཤེས་རྟོགས་བྱས་པར་གཞིགས་ན། ད་ཕན་ལོ་གཉིས་རིང་ཆབ་མདོ་གྲོང་ཁྱེར་གྱིས་བྱ་ཐབས་སྣ་ཚོགས་སྤྱད་ནས་ཞིང་འབྲོག་ཁུལ་གྱི་དངུལ་རྩའི་ཞབས་ཞུ་ལེགས་སུ་དང་འཐུས་ཚང་དུ་གཏོང་བ་དང་། གྲོང་གསེབ་གསར་པ་འཛུགས་སྐྲུན་ལ་རྒྱབ་སྐྱོར་ཧུར་ཐག་བྱས་ནས་རང་ངོས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ཐོག་ཞིང་འབྲོག་ཁུལ་གྱི་ཐོན་སྐྱེད་དང་འཚོ་བ་དང་། ཞིང་འབྲོག་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། རྫོང་ཁོངས་ཁེ་ལས་སོགས་ལ་ཡིད་རྟོན་དངུལ་བུན་གྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་བས་ཞིང་འབྲེལ་དངུལ་བུན་གྱི་ལྷག་གྲངས་མགྱོགས་མྱུར་ངང་འཕར་ཡོད། 2015ལོའི་ཟླ་3པའི་ཟླ་མཇུག་བར་ཆབ་མདོ་གྲོང་ཁྱེར་གྱི་ཞིང་འབྲེལ་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་51.99ལོན་པ་དེ2012ལོའི་ལོ་མཇུག་ལས་སྒོར་དུང་ཕྱུར་38.02འཕར་བ་དང་འཕར་ཚད་272.15%རེད།

    གཟིགས་སྐྱོང་སྲིད་ཇུས་ལེགས་པར་སྤྱད་ནས་ཞིང་འབྲོག་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་དེ་བཞིན་རྫོང་ཁོངས་ཁེ་ལས་ལ་ཡིད་རྟོན་དངུལ་བུན་གྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། 2015ལོའི་ཟླ་གསུམ་པའི་ཟླ་མཇུག་བར་ཆབ་མདོ་གྲོང་ཁྱེར་གྱི་ཞིང་འབྲེལ་རྣམ་གྲངས་ཀྱི་དངུལ་བུན་དང་དེ་བཞིན་རྫོང་ཁོངས་ཁེ་ལས་ཀྱི་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་30.01ལོན་པ་དེ་2012ལོའི་ལོ་མཇུག་ལས་སྒོར་དུང་ཕྱུར་28.71འཕར་བ་དེའི་ནང་གྲོང་གསེབ་ཀྱི་གཞུང་ལམ་འཛུགས་སྐྲུན་ལ་སྤྱད་པའི་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་22.62ཡིན་པ་དང་། ཁྱོན་བསྡོམས་གཞུང་ལམ་སྤྱི་ལེ་3341དང་ལམ་བུ་298འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱས་པས་ཞིང་འབྲོག་མང་ཚོགས་ཀྱི་ཕྱིར་འགྲོ་སྐྱོད་བྱ་རྒྱུ་སྟབས་བདེ་རུ་ཕྱིན་པ་རེད།

    གཟིགས་སྐྱོང་སྲིད་ཇུས་ལེགས་པར་སྤྱད་ནས་དབུལ་སྐྱོར་སྐྱེད་གསབ་ཀྱི་དངུལ་བུན་གཏོང་ཤུགས་ཆེ་རུ་གཏོང་བ། ཁོངས་གཏོགས་ཁུལ་གྱི་དངུལ་རྩའི་སྒྲིག་གཞིས་རང་ཉིད་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་པ་དང་དངུལ་རྩའི་དབུལ་སྐྱོར་དང་གསར་སྤེལ་གྱི་ལས་དོན་ནང་ཧུར་ཐག་ཞུགས་ཏེ་རང་སྐྱོང་ལྗོངས་ཀྱི་ཆབ་མདོའི་ལས་དོན་ཚོགས་འདུའི་ཐོག་བཏོན་པའི་དེ་བས་གཟིགས་སྐྱོང་གི་དབུལ་སྐྱོར་སྐྱེད་གསབ་ཀྱི་དངུལ་བུན་སྲིད་ཇུས་ནན་ཏན་ངང་དོན་འཁྱོལ་དང་རྫོང་དང་རྫོང་མན་ཆད་ཀྱི་ཁེ་ལས་འབྲིང་གྲས་དང་། ཆུང་གྲས། ཆེས་ཆུང་གྲས་བཅས་དབུལ་སྐྱོར་སྐྱེད་གསབ་ཀྱི་དངུལ་བུན་གཏོང་བའི་ནང་བཅུག་སྟེ་གཅིག་སྡུད་ཡུག་འབྲེལ་གྱི་ས་ཁུལ་དབུལ་པོར་ཡིད་རྟོན་དངུལ་བུན་གྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་བས་སྨར་ཁམས་གནོད་མེད་ཟས་རིགས་ཚད་ཡོད་འགན་འཁྲི་ཀུང་སི་དང་། བོད་ཤར་རྩ་ཆེའི་ཨར་ལས་ཚད་ཡོད་འགན་འཁྲི་ཀུང་སི། སྟེང་ཆེན་དཀར་ཆུའི་ཐོན་རྫས་བཟོ་གྲྭ་སོགས་ཁེ་ལས་འབྲིང་གྲས་དང་ཆུང་གྲས་ཀྱི་ཡིད་རྟོན་དངུལ་བུན་གྱི་དགོས་མཁོ་ལེགས་ཙམ་སྐོང་བ་དང་སྨར་ཁམས་ཀྱི་བེ་སྣ་དང་བདག་མེད་གཡང་དགུན་ཆང་སོགས་མི་རིགས་ཀྱི་ཁྱད་ལྡན་སྤུས་རྟགས་གཏོད་རྒྱུར་རྒྱབ་སྐྱོར་བྱས་ཡོད། 2015ལོའི་ཟླ་གསུམ་པའི་ཟླ་མཇུག་བར་ཆབ་མདོ་གྲོང་ཁྱེར་གྱི་དབུལ་སྐྱོར་སྐྱེད་གསབ་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་44.85ཟིན་པ་དེ་2012ལོའི་ལོ་མཇུག་ལས་སྒོར་དུང་ཕྱུར་40.54འཕར་བ་དང་འཕར་ཚད་940.60%ཟིན་ཡོད།

    དངུལ་རྩའི་ཞབས་ཞུ་ལེགས་སུ་བཏང་ནས་ཞིང་འབྲོག་མང་ཚོགས་ཀྱི་ཐོན་སྐྱེད་གཉེར་སྐྱོང་རང་བཞིན་གྱི་ཡིད་རྟོན་དངུལ་བུན་གྱི་དགོས་མཁོ་ནུས་ལྡན་ངང་སྐོང་བ། ཁོངས་གཏོགས་ཁུལ་གྱི་ཚོང་ལས་དངུལ་ཁང་གིས་ཞིང་འབྲོག་ཁུལ་གྱི་དངུལ་རྩའི་ཞབས་ཞུ་ལེགས་སུ་ཧུར་ཐག་དང་འཐུས་ཚང་དུ་གཏོང་བ་དང་ཡིད་རྟོན་དངུལ་བུན་གཏོང་ཤུགས་ཆེ་རུ་བཏང་ནས་ཞིང་འབྲོག་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་རྒྱུན་ཆད་མེད་པར་ལེགས་སུ་འགྲོ་རྒྱུར་རྒྱབ་སྐྱོར་ནུས་ལྡན་བྱས་ཡོད། 2015ལོའི་ཟླ་གསུམ་པའི་ཟླ་མཇུག་བར་ཆབ་མདོ་གྲོང་ཁྱེར་གྱི་ཞིང་དུད་ཀྱི་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་21.99ཟིན་པ་དེ་2012ལོའི་ལོ་མཇུག་ལས་སྒོར་དུང་ཕྱུར་9.31འཕར་བ་དང་འཕར་ཚད་73.42%ལོན་པ་དེའི་ནང་ཞིང་འབྲོག་དུད་ཚང་གི་འདེབས་འཛུགས་ལས་རིགས་ལ་སྤྱད་པའི་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་17.97ཟིན་པ་དེ་2012ལོའི་ལོ་མཇུག་ལས་སྒོར་དུང་ཕྱུར་9.5འཕར་བ་དང་འཕར་ཚད་112.16%རེད། འདི་ལོའི་ཟླ་དང་པོ་ནས་གསུམ་པའི་བར་ཞིང་འབྲོག་དུད་ཚང་གི་འདེབས་འཛུགས་ལས་རིགས་ལ་དངུལ་བུན་སྒོར་དུང་ཕྱུར་3.80བཏང་ནས་ཞིང་འབྲོག་ཁུལ་གྱི་དཔྱིད་རྨོད་དཔྱིད་འདེབས་ཀྱི་ལས་ཀ་བསྒྲུབ་རྒྱུར་འགན་ལེན་བྱས་ཡོད།

    ཁོངས་གཏོགས་ཁུལ་གྱི་དོན་དངོས་ལ་གཞི་ཚུགས་ཏེ་ཞིང་འབྲོག་ཁུལ་གྱི་ཡིད་རྟོན་མ་ལག་འཛུགས་སྐྱོང་ལ་བརྟན་པོའི་ངང་སྐུལ་མ་གཏོང་བ། ཆབ་མདོའི་ལས་དོན་ཚོགས་འདུ་འཚོགས་ཚུན་ཆབ་མདོའི་དངུལ་རྩའི་སྒྲིག་གཞིས་ཡིད་རྟོན་ཤང(གྲོང་རྡལ)དཔྱད་འདེམས་གཏན་འཁེལ་བྱེད་ཤུགས་ཆེ་རུ་བཏང་ཡོད། 2015ལོའི་ཟླ་གསུམ་པའི་ཟླ་མཇུག་བར་ཡིད་རྟོན་ཤང(གྲོང་རྡལ)32དང་ཡིད་རྟོན་གྲོང་ཚོ་649ཟིན་ཏེ་2012ལོའི་ལོ་མཇུག་ལས་13དང་340སོ་སོར་མང་དུ་ཕྱིན་ཡོད། དེ་དང་ཕྱོགས་མཚུངས“རྡོ་རྗེ་ཕ་ལམ་དང་། གསེར། དངུལ། ཟངས”བཅས་གཱ་བཞི་སྤྲོད་པའི་ལས་ཀར་མུ་མཐུད་སྐུལ་མ་བཏང་བ་དང་ཟླ་གསུམ་པའི་ཟླ་མཇུག་བར་ཆབ་མདོའི་ཁྱབ་ཁོངས་ནང་གི་གཱ་བཞིའི་ལྷག་གྲངས་84123ལོན་པ་དེ་2012ལོའི་ལོ་མཇུག་ལས་7310མང་དུ་ཕྱིན་པ་དང་འཕར་ཚད་9.51%རེད། གཱ་བཞིའི་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་18.29ལོན་པ་དེ་2012ལོའི་ལོ་མཇུག་ལས་སྒོར་དུང་ཕྱུར་9.06འཕར་བ་དང་འཕར་ཚད་98.16%དང་སྤྱོད་ཚད་95%ཟིན་ཏེ་ཞིང་འབྲོག་མང་ཚོགས་ཀྱི་ལུགས་མཐུན་ཡིད་རྟོན་དངུལ་བུན་གྱི་དགོས་མཁོ་སྤྱིར་ན་སྐོང་ཐུབ་པ་བྱུང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།