ཉེ་བའི་ལོ་ཤས་རིང་། བོད་ཀྱི་ཆུ་བེད་འཛུགས་སྐྲུན་ལས་དོན་དེ་སྒྱུར་བཅོས་ཀྱི་འགྲོ་ལམ་ཐོག་འཕེལ་རྒྱས་མྱུར་པོ་བྱུང་བ་ནི་འབྲེལ་ཡོད་ཁེ་ལས་ཀྱིས་གསར་གཏོད་ཀྱི་འགྲོ་ལམ་ཐོག་སྐྱོད་རྒྱུ་མཐའ་འཁྱོངས་བྱས་པ་དང་ཁ་འབྲལ་ཐབས་མེད། ཁེ་ལས་གཙོ་གཟུགས་སུ་བྱེད་པ་དང་། ཁྲོམ་ར་ཕྱོགས་སྟོན་དུ་བྱེད་པ། ཐོན་སློབ་ཞིབ་གསུམ་ཟུང་དུ་འབྲེལ་བ་བཅས་ཀྱི་གསར་གཏོད་མ་ལག་བཙུགས་ན་གཞི་ནས་རང་རྟེན་ལས་ལམ་གསར་གཏོད་ཀྱི་གཞི་རྩའི་སྒྲིག་སྲོལ་སྒྲོམ་གཞི་ཞིག་ཆགས་ཐུབ་པ་སྨྱུག་འཛིན་པས་ངོས་འཛིན་བྱེད་ཀྱི་ཡོད།
གཅིག་ནས་རང་ངོས་གསར་གཏོད་ཀྱི་ནུས་པ་ཆེ་རུ་གཏོང་རྒྱུར་ཤུགས་སྣོན་རྒྱག་དགོས་ཤིང་། ཁེ་ལས་ཀྱི་རང་བརྟེན་ལས་ལམ་གསར་གཏོད་ཀྱི་ནུས་པ་ནི་ཕྱོགས་བསྡུས་ནུས་པ་ཞིག་རེད། དེའི་ནང་གདམ་གའི་ནུས་པ་དང་། ཞིབ་འཇུག་གསར་སྤེལ་ནུས་པ། གཅིག་སྡུད་ནུས་པ། སློབ་སྦྱོང་ནུས་པ་བཅས་ཚུད་ཡོད། གདམ་གའི་ནུས་པ་ཆེ་རུ་གཏོང་བར་ཁེ་ལས་ཀྱིས་ངེས་པར་དུ་འཚོལ་བསྡུ་དང་། ལྟ་ཞིབ་ཚད་ལེན་གྱི་ལག་རྩལ། ཁྲོམ་རའི་ཆ་འཕྲིན་བཅས་ཀྱི་ནུས་པ་ཆེ་རུ་གཏོང་བ་དང་ཁྲོམ་རའི་གོ་སྐབས་དང་ལག་རྩལ་འདེམས་པའི་ནུས་པ་ཆེ་རུ་བཏང་ནས་ཁྲོམ་ར་དང་། ཐོན་རྫས། དེ་བཞིན་གྲུབ་ཆ་བཅས་ཀྱི་ཐད་གསར་གཏོད་རང་བཞིན་གྱི་གདམ་ག་བྱེད་དགོས་པ་དང་། ཞིབ་འཇུག་གསར་སྤེལ་ནུས་པ་ཆེ་རུ་གཏོང་བར་ཁེ་ལས་ལ་ཞིབ་འཇུག་གསར་སྤེལ་བྱེད་སྒོའི་གཏོང་ཆ་དང་ཤེས་ལྡན་པའི་གྲབས་གསོག་ཐད་ལ་ཤུགས་སྣོན་བརྒྱབ་ནས་ནུས་ལྡན་གྱི་གསར་སྤེལ་དང་ལག་རྩལ་ཐོབ་ཐབས་བྱེད་པ་མ་ཟད། ཁྲོམ་རའི་མངོན་འགྱུར་ཐུབ་པ་བྱེད་པའི་ཁར་ལག་རྩལ་ནང་འདྲེན་གྱི་རྨང་གཞིའི་ཐོག་ཁོང་དུ་ཆུད་པ་དང་། བསྡུ་ལེན། གསར་གཏོད་བཅས་ལ་ཤུགས་སྣོན་བརྒྱབ་ནས་ཁྲོམ་རའི་འགྲན་རྩོད་ཁྲོད་ལེགས་ཆ་ལྡན་པའི་གནས་བབ་བཟུང་དགོས་པའི་བླང་བྱ་འདོན་དགོས། གཅིག་སྡུད་ནུས་པ་ཆེ་རུ་གཏོང་བར་ཁེ་ལས་ལ་རྩ་འཛུགས་ནང་ཁུལ་གྱི་ཐོན་ཁུངས་དང་ལག་རྩལ་གྱི་ནུས་པ་ཆེ་རུ་གཏོང་བ་མ་ཟད། ད་དུང་ཕྱི་ཕྱོགས་ཀྱི་ཐོན་ཁུངས་བསྡུ་སྒྲིལ་དང་ཕྱི་ཕྱོགས་ཀྱི་ལག་རྩལ་ནུས་པ་གཅིག་སྡུད་བྱས་ནས་ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་རིན་ཐང་མངོན་འགྱུར་བྱེད་རྒྱུའི་བླང་བྱ་འདོན་དགོས། སློབ་སྦྱོང་གི་ནུས་པ་ཆེ་རུ་གཏོང་བར་ཁེ་ལས་ལ་ལག་རྩལ་འཕེལ་རྒྱས་ཡོང་བ་དང་ཁེ་ལས་ལ་གཏན་འཁེལ་ཐོན་ཁུངས་ཀྱི་གནས་ཐང་འཕར་བའི་རང་བཞིན་གྱི་གསར་སྤེལ་ཐུབ་པར་བྱས་ནས་ཁེ་ལས་ཀྱི་གསོན་ཤུགས་དང་ཕན་འབྲས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་པ་བཅས་དང་།
གཉིས་ནས་ཕན་ཡོད་གསར་གཏོད་ཀྱི་ཡར་སྐུལ་སྒྲིག་སྲོལ་ཤུགས་ཆེར་གཏོང་དགོས་ཤིང་། ལུགས་དང་མཐུན་ལ་ཕན་འབྲས་ཆེ་བའི་མི་ཤུགས་ཐོན་ཁུངས་ཀྱི་གསར་སྤེལ་དོ་དམ་སྒྲིག་སྲོལ་གང་མགྱོགས་བཙུགས་ཏེ་ཚན་རྩལ་ཤེས་ལྡན་པ་འཚར་ལོངས་ཡོང་རྒྱུར་ཁོར་ཡུག་ཡག་པོ་ཞིག་གཏོད་པ་དང་ཚན་རིག་ཤེས་ལྡན་པའི་གདེང་འཇོག་མ་ལག་དང་དེ་བཞིན་དོན་དངོས་དང་མཐུན་ལ་གཞུང་དྲང་བའི་ཁེ་ཕན་བགོ་བཤའ་དང་ཡར་སྐུལ་སྒྲིག་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་ཚད་གཞི་མཐོ་ཤོས་ཀྱི་ཐོག་ནས་ཚན་རྩལ་མི་སྣའི་གསར་གཏོད་བྱེད་སེམས་དང་གསོན་ཤུགས་འཕེལ་བར་བྱས་ནས་ཁོང་ཚོའི་ཧུར་བརྩོན་རང་བཞིན་དང་གསར་གཏོད་རང་བཞིན་སྐོང་འཐེན་གང་ལེགས་བྱེད་པར་ངེས་པར་དུ་མི་རྩ་བར་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་དགོས་མཁོ་ཆེ་ཤོས་དང་ལུགས་དང་མཐུན་ཤོས་ཀྱི་ལས་གནས་ཐོག་མཐོ་རིམ་ཤེས་ལྡན་པའི་ནུས་པ་འདོན་སྤེལ་བྱེད་དགོས་པ།
གསུམ་ནས་ཁེ་ལས་ཀྱི་གསར་གཏོད་རིག་གནས་སྐྱེད་སྲིང་བྱེད་དགོས་ཤིང་། ཁེ་ལས་ཀྱི་རིག་གནས་སྐྱེད་སྲིང་དང་གསར་གཏོད་བྱེད་པར་དང་ཐོག་ངེས་པར་དུ་གསར་གཏོད་རྣམ་པའི་ཁེ་ལས་ཀྱི་མཐོ་རིམ་དོ་དམ་པ་སྐྱེད་སྲིང་བྱས་ནས་དེ་དག་ཁེ་ལས་ཀྱི་རིག་གནས་ཀྱི་སྤྱི་ཁྱབ་ཇུས་འགོད་པར་འགྱུར་བ་བྱེད་དགོས་པ་དང་ཆབས་ཅིག་ཁེ་ལས་ཀྱིས་མི་སྣ་གསོ་སྦྱོང་དང་། ལམ་ལུགས་ལག་བསྟར། དཔེ་མཚོན་གཏོད་པ། དབྱེ་བ་མེད་པར་འབྲེལ་གཏུག་སོགས་ཀྱི་བྱེད་སྟངས་བརྒྱུད་ཁོང་ཚོས་ཁེ་ལས་ལ་བཅངས་པའི་བསམ་འདུན་དེ་ཁེ་ལས་ཀྱི་དམིགས་ཡུལ་དང་། འཐབ་ཇུས། འདུ་ཤེས། རིན་ཐང་སོགས་ལ་སྒྱུར་བ་དང་མཐར་གསར་གཏོད་ལ་ཡར་སྐུལ་དང་། ཕམ་ཉེས་ལ་གུ་ཡངས། འགྲན་རྩོད་ནང་ཞུགས་པ་བཅས་ཀྱི་གསར་གཏོད་ཀྱི་རིག་གནས་རྣམ་པ་ཞིག་ཆགས་པ་བྱེད་དགོས་པ་བཅས་རེད།