དབུ་ཤོག>གསར་འགྱུར།
  • རྒྱུན་འཁྱོངས་ལྷོད་མེད་ཀྱིས་ཚོང་འདུས་གྲོང་སྡེ་སྐྲུན་རྒྱུར་དམ་འཛིན་བྱེད་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  ​ ལི་ཝུན་ཅུས་དང་ཚེ་སྒྲོལ་གྱིས།   |     སྤེལ་དུས།  2015-05-29

    ཚོང་འདུས་གྲོང་སྡེ་སྐྲུན་པ་ནི་ནང་མཁོ་ཆེ་རུ་གཏོང་རྒྱུ་དང་། གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པར་བསྒྱུར་རྒྱུ། གྲོང་ཁྱེར་དང་གྲོང་གསེབ་གཞི་གཅིག་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ། མཐར“ཞིང་གསུམ”གྱི་གནད་དོན་ཐག་གཅོད་བྱ་རྒྱུ་བཅས་ཀྱི་ནང་དོན་གལ་ཆེན་ཞིག་རེད་ལ་ལྡན་དགོས་པའི་དོན་སྙིང་ཞིག་ཀྱང་རེད། དེས་ན་ཚོང་འདུས་གྲོང་སྡེ་སྐྲུན་པར་རྒྱུན་འཁྱོངས་ལྷོད་མེད་ཀྱི་སྒོ་ནས་དམ་འཛིན་བྱེད་དགོས་ཏེ།

    གཅིག་ནས་ཚོང་འདུས་གྲོང་སྡེ་སྐྲུན་པའི་ལས་དོན་སྤེལ་སྐབས་རང་ངོས་ཀྱི་འཕེལ་རྒྱས་ཁ་ཕྱོགས་གཏན་འཁེལ་ཁ་གསལ་དང་། འཆར་གཞི་བཟོ་འགོད་ཡང་དག་དང་ངེས་གནས་གཏན་འཁེལ་ཡང་དག གྲོང་ཁྱེར་དང་གྲོང་རྡལ་གྱི་ཁྱད་ཆོས་འབུར་དུ་ཐོན་པ་བཅས་བྱེད་དགོས། ཚོང་འདུས་གྲོང་སྡེ་འཛུགས་སྐྲུན་བྱ་རྒྱུ་དེ་སྟབས་བདེ་པོའི་ལད་མོ་དང་འདྲ་བཟོ་བྱ་རྒྱུ་ཞིག་མིན་པར་ས་གནས་དེ་གའི་དོན་དངོས་དང་མཐུན་པར་བྱས་ནས་ཁྱད་ཆོས་འབུར་དུ་ཐོན་པར་བྱེད་དགོས།

    གཉིས་ནས་ཚོང་འདུས་གྲོང་སྡེ་སྐྲུན་པའི་ལས་དོན་སྤེལ་སྐབས་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་རྒྱག་དགོས། ཁྱོན་ཡོངས་ནས་བརྗོད་ན་དངོས་པོ་དང་རིག་གནས་ཐད་ཚོང་འདུས་གྲོང་སྡེའི་གྲོང་མིའི་དགོས་མཁོ་ཞིང་འབྲོག་ཁུལ་གྱི་ཞིང་འབྲོག་པའི་དགོས་མཁོ་ལས་ཆེ་བ་ཡོད་པས། ཚོང་འདུས་གྲོང་སྡེ་འཛུགས་སྐྲུན་བྱེད་རིང་མང་ཚོགས་ཀྱི་འཚོ་བའི་དགོས་མཁོ་སྐོང་རྒྱུའི་ཐད་ཤུགས་མང་ཙམ་རྒྱག་དགོས། རྟ་སྒ་ཆ་སྒྲིག་གི་སྒྲིག་བཀོད་སྣ་ཚོགས་སྐྲུན་པའི་ལས་དོན་ལ་གཙིགས་ཆེན་བྱས་ནས་སྤྱི་པའི་འཕྲོད་བསྟེན་དང་། སྤྲོ་སྐྱིད། འགྲོ་ལམ་འགྲིམ་འགྲུལ་སོགས་རྨང་གཞིའི་སྒྲིག་བཀོད་སྐྲུན་པའི་མྱུར་ཚད་སྔར་བས་མགྱོགས་སུ་བཏང་ནས་གྲོང་མིར་སྔར་བས་བག་ཕེབས་ཀྱི་འཚོ་བའི་ཁོར་ཡུག་ཅིག་གཏོད་དགོས།

    གསུམ་ནས་ཚོང་འདུས་གྲོང་སྡེ་སྐྲུན་པའི་ལས་དོན་སྤེལ་སྐབས་ཁྱད་ཆོས་ལ་སྣང་ཆེན་བྱེད་དགོས། ང་ཚོས་སྐྲུན་དངོས་ཀྱི་ཁྱད་ཆོས་འབུར་དུ་ཐོན་པ་དང་། ཡུལ་བབ་དང་བསྟུན་དགོས་པའི་རྩ་དོན་མཐའ་འཁྱོངས། སྔོན་མའི་རྣམ་པ་དང་རིག་གནས་ཁྱད་ཆོས་སོར་འཇོག་གང་ཐུབ། གདོད་མའི་སྣོད་བཅུད་ཁོར་ཡུག་དང་སྔར་ཆགས་གྲོང་མིའི་ཁྱད་ཆོས་སོར་འཇོག་བཅས་བྱེད་པའི་རྨང་གཞིའི་ཐོག་རིག་གནས་དང་སྣོད་བཅུད་ཀྱི་ཁྱད་ཆོས་མངོན་གསལ་དོད་པའི་ཚོང་འདུས་གྲོང་སྡེ་ཁག་གཅིག་སྐྲུན་དགོས། ས་གནས་ཀྱི་ཐོན་ལས་ཁྱད་ཆོས་འབུར་དུ་ཐོན་པར་བྱེད་དགོས་ཤིང་། ཐོན་ལས་ཀྱི་ཁྱད་ཆོས་དང་ཁེ་ལས་ཀྱི་གྲུབ་ཆ་མི་འདྲ་བ་གཞིར་བཟུང་གྲོང་ཁྱེར་དང་གྲོང་རྡལ་སོ་སོའི་ཁྱད་ཆོས་དང་། ནུས་པ། སྲོལ་རྒྱུན་བཅས་ལ་གཞིགས་ནས་ཞིང་ལས་གྲོང་རྡལ་ཆེ་མོ་དང་། བཟོ་ལས་གྲོང་རྡལ་སྟོབས་ཆེན། ཚོང་དོན་གྲོང་རྡལ་གལ་ཆེན། ཡུལ་སྐོར་དར་ཆེའི་གྲོང་རྡལ། ལོ་རྒྱུས་རིག་གནས་ཀྱི་གྲགས་ཆེའི་གྲོང་རྡལ་བཅས་འཛུགས་སྐྲུན་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།