དབུ་ཤོག>གསར་འགྱུར།
  • དུས་ཚིགས་དང་པོར་ཆུ་གསུམ་རྫོང་གི་དཔལ་འབྱོར་འཁོར་སྐྱོད་ཀྱི་འགོ་ཡག་པོ་བཙུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-05-27


     2015ལོར་ཆུ་གསུམ་རྫོང་གིས་དཔལ་འབྱོར་འཕེལ་རྒྱས་དང་། དུས་བདེ་གཏོད་རྒྱུ་ཚད་ལྡན། དམངས་འཚོ་ལེགས་གཏོང་བཅས་བྱ་ཆེད་འཆར་འགོད་སྔ་ཙམ་བྱེད་པ་དང་། རང་འགུལ་ངང་ལས་དོན་སྤེལ་བ། བྱ་སྤྱོད་སྔ་ཙམ་སྤེལ་བ་བཅས་བྱས་པས་དུས་ཚིགས་དང་པོའི་དཔལ་འབྱོར་འཁོར་སྐྱོད་ཀྱི་འགོ་ཡག་པོ་ཞིག་འཛུགས་ཐུབ་པ་བྱུང་ཡོད།
    ཆུ་གསུམ་རྫོང་གིས་དུས་ཚིགས་དང་པོར་ཁྱོན་ཨར་ལས་རྣམ་གྲངས་48ལག་བསྟར་བྱས་པར་བསྡོམས་མ་དངུལ་སྒོར་ཁྲི་45952གཏོང་རྩིས་ཡོད་པ་དང་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་ཁྲི་3399བཏང་བ་དེ་ལོ་གོང་མའི་དུས་མཚུངས་ལས་སྒོར་ཁྲི་968དང་39.8%འཕར་ནས་མ་འཇོག་མགྱོགས་མྱུར་འཕར་ཡོད། འཛད་སྤྱོད་ཁྲོམ་ར་རྒྱུན་མཐུད་ངང་འཕེལ་རྒྱས་བྱུང་བ་དང་དུས་ཆེན་དང་ངལ་གསོའི་རིང་ཁྲིད་སྟོན་ནུས་ལྡན་བྱས་པའི་འོག་སྤྱི་ཚོགས་ཀྱི་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་ཁྲི་1165ཟིན་པ་དེ་ན་ནིང་གི་དུས་མཚུངས་ལས་17.2%འཕར་ཡོད། ཐོན་ལས་རྣམ་གྲངས་ལ་དུས་ཚིགས་དང་པོར་ཐོན་རྫས་རིན་ཐང་བསྡོམས་འབོར་སྒོར་ཁྲི་9983བྱུང་བ་དེ་དུས་མཚུངས་ལས་12%འཕར་ནས་ལོ་འཁོར་མོའི་དམིགས་ཚད་ཀྱི་18.1%ལེགས་གྲུབ་བྱུང་བ་དང་ནོར་ཁྲལ་གྱི་ཡོང་འབབ་དང་འགྲོ་སོང་འཁོར་སྐྱོད་བརྟན་པོ་བྱུང་ཡོད། དུས་ཚིགས་དང་པོར་རྫོང་དེ་ཡོངས་ཀྱི་ནོར་སྲིད་ཡོང་འབབ་སྒོར་ཁྲི་765བྱུང་ནས་ལོ་འགོའི་དམིགས་ཚད་ཀྱི་18.6%ལེགས་གྲུབ་བྱུང་བ་དེ་དུས་མཚུངས་ལས་25.4%འཕར་ཡོད། རྫོང་དེ་ཡོངས་སུ་ཁྲལ་བསྡུའི་ཡོང་འབབ་སྒོར་ཁྲི་1423བྱུང་ནས་ལོ་འཁོར་མོའི་ཁྲལ་བསྡུའི་དམིགས་ཚད་ལས་འགན་གྱི་41%ལེགས་གྲུབ་བྱུང་བ་དེ་དུས་མཚུངས་ལས་25.66%འཕར་ཡོད།
    ཆུ་གསུམ་རྫོང་གིས་རྣམ་གྲངས་དང་། སྲིད་ཇུས། ཞིང་འབྲོག་ལས། ངལ་ནུས་སོགས་མང་ཚོགས་ཀྱི་འབབ་འཕར་ཐབས་ལམ་རྒྱ་ཆེར་ཧུར་ཐག་བཏང་སྟེ་མི་རེའི་ཆ་སྙོམས་ཡོང་འབབ་འཕར་མགྱོགས་པོ་ཡོང་བ་བྱས་ཡོད། དུས་ཚིགས་དང་པོར་ཞིང་འབྲོག་པ་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་1417ཟིན་པ་དེ་དུས་མཚུངས་ལས་13%འཕར་ནས་ལོ་འཁོར་མོའི་འབད་འཐབ་དམིགས་ཚད་ཀྱི་15.1%ལེགས་གྲུབ་བྱུང་བའི་ནང་ཞིང་འབྲོག་པ་མི་རེའི་ཆ་སྙོམས་དངུལ་སྨར་ཡོང་འབབ་སྒོར་610ཟིན་པ་དེ་དུས་མཚུངས་ལས་8.2%འཕར་ནས་ལོ་འཁོར་མོའི་འབད་འཐབ་དམིགས་ཚད་ཀྱི་14.7%ལེགས་གྲུབ་བྱུང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།