དབུ་ཤོག>གསར་འགྱུར།
  • ས་མཐོའི་ཁྱད་ལྡན་སྤུས་རྟགས་ཡག་པོ་གཏོད་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  ​ ཝང་ཅེ་ཡིས།   |     སྤེལ་དུས།  2015-05-27

    གཙང་གི་ས་གཞི་ཆེན་པོའི་ཐོག་བཅར་འདྲིར་སྐྱོད་སྐབས་གམ་པའི་ལུག་གི་ཐོན་ལས་འཕེལ་རྒྱས་ཀྱིས་གསོ་སྤེལ་དུད་ཚང་མང་པོ་ཞིག་ལ་འབབ་འཕར་ཕྱུག་འགྱུར་ཡོང་བར་སྐུལ་ཁྲིད་བྱས་པ་མཐོང་བྱུང་། གམ་པའི་ལུག་དང་འདྲ་བའི་ཐོན་ལས་མང་ཙམ་ཡོད་ཚེ་གཞིས་རྩེའི་འབྱོར་འབྲིང་སྤྱི་ཚོགས་མངོན་འགྱུར་ཡོང་བ་བྱེད་པའི་དམིགས་ཚད་དེ་ཐག་རིང་པོ་མིན།

    དེང་རབས་ཞིང་འབྲོག་ལས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བར་ཁྱད་ཆོས་དང་ལེགས་ཆ་མངོན་གསལ་དོད་པོ་ཡོང་བ་བྱེད་དགོས། སྐྱེ་ལྡན་སྣོད་བཅུད་ནི་ས་མཐོའི་ཁྱད་ལྡན་ཞིང་ལས་ཀྱི་མངོན་གསལ་དོད་པའི་ཁྱད་ཆོས་དང་འཕེལ་རྒྱས་ཀྱི་ལེགས་ཆ་ཞིག་ཡིན་པ་དང་ཁྱད་ཆོས་ལྡན་ཚེ་ཁྲོམ་ར་དང་། ཕན་འབྲས། མདུན་ལམ་བཅས་ཡོད། ས་མཐོའི་ཞིང་ལས་ཐོན་རྫས་ཀྱི་ཕུན་སུམ་ཚོགས་པ་དང་། སྣོད་བཅུད་དང་ཁོར་ཡུག་སྲུང་སྐྱོང་། བདེ་འཇགས་སྤུས་ལེགས་བཅས་ཀྱི་ཁྱད་ཆོས་དང་ལེགས་ཆར་བརྟེན་ནས“ཤིང་འབྲས་དང་སྔོ་ཚལ་གྱི་སྤུས་རྟགས”ཡག་པོ་གཏོད་པ་དང་། ཁྲོམ་རའི་དགོས་མཁོར་དམིགས་པ། འཛད་སྤྱོད་པའི་གདམ་ག་དང་འཚམ་པ་བཅས་བྱས་ནས་དེང་རབས་ཞིང་འབྲོག་ལས་འཕེལ་རྒྱས་གཏོང་བའི་གཞིས་རྩེའི་ཁྱད་ཆོས་དངོས་འབྲེལ་སྔོག་འདོན་དང་ལེགས་ཆ་འདོན་སྤེལ་བྱེད་དགོས།

    དེང་རབས་ཞིང་འབྲོག་ལས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བར་ཐོན་ལས་སྟོབས་ཆེར་གཏོང་བ་དང་སྤུས་རྟགས་མང་དུ་གཏོང་དགོས། ཞིང་འབྲོག་ལས་རིམ་སྤོར་དང་ཐོན་སྐྱེད་གྲུབ་ཆ་ལེགས་སུ་གཏོང་རྒྱུ་དེ་མི་བྱེད་ཐབས་མེད་ཅིག་ཡིན། ཞིང་འབྲོག་ལས་ཀྱི་གྲུབ་ཆ་ལེགས་སྒྲིག་བྱ་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་བ་དང་། སྤུས་ཀ་ལེགས་པ་དང་། ཟུར་སྣོན་རིན་ཐང་མཐོ་བ། ལེགས་བསྡུས་ཞིབ་གཉེར་ཅན་གྱི་ཞིང་འབྲོག་ལས་འཕེལ་རྒྱས་གཏོང་བ། ཞིང་འབྲོག་ལས་ཀྱི་སྤྱི་ཡོངས་ཀྱི་འགྲན་རྩོད་ནུས་པ་ཆེ་རུ་གཏོང་བ་བཅས་བྱེད་དགོས་པ་དང་། ཞིང་འབྲོག་ལས་འཕེལ་རྒྱས་གཏོང་སྟངས་བསྒྱུར་མགྱོགས་སུ་གཏོང་བ་དང་། ཞིང་པ་གསར་པ་དང་ཞིང་འབྲོག་ལས་ཀྱི་གཉེར་སྐྱོང་གཙོ་གཟུགས་གསར་པ་གསོ་སྤེལ་མགྱོགས་སུ་གཏོང་བ། ཞིང་འབྲོག་ལས་ཀྱི་དེང་རབས་ཅན་གྱི་ཆུ་ཚད་དང་། ཐོན་ལས་ཅན་གྱི་གཉེར་སྐྱོང་ཆུ་ཚད། ཐོན་ལས་ཀྱི་སྤུས་ཀའི་བདེ་འཇགས་ཆུ་ཚད་བཅས་ཁྱོན་ཡོངས་ནས་མཐོ་རུ་གཏོང་བ་བཅས་བྱེད་དགོས་པ། སྤུས་རྟགས་ཞིང་འབྲོག་ལས་འཕེལ་རྒྱས་གཏོང་བ་དང་། ཐོན་རྫས་ཀྱི་སྤུས་རྟགས་གསར་གཏོད་དང་ཁྲོམ་ར་གསར་འབྱེད་ལ་སྐུལ་འདེད་གཏོང་བ། སྤུས་རྟགས་རྩེ་གྲ་ཁག་གཅིག་གཏོད་པ། སྤུས་ཀར་བརྟེན་ནས་སྤུས་རྟགས་གཏོད་པ། སྤུས་རྟགས་ལ་བརྟེན་ནས་ཁྲོམ་ར་གསར་འབྱེད་བྱེད་པ། ས་མཐོའི་ཁྱད་ལྡན་ཞིང་འབྲོག་ལས་ཤུགས་ཆེ་ལ་སྟོབས་དང་ལྡན་པ་ཞིག་ཡོང་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།