དབུ་ཤོག>གསར་འགྱུར།
  • སྟོད་ལུང་བདེ་ཆེན་རྫོང་སྒང་བདེ་གླིང་སྔོ་ཚལ་འདེབས་འཛུགས་མཉམ་ལས་ཁང་གི་མཐོང་ཐོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-05-27

    རྒྱལ་ལམ་318ཉེ་འགྲམ་གྱི་རྫོང་གྲོང་དང་བར་ཐག་སྤྱི་ལེ་3ཡོད་པའི་སྟོད་ལུང་བདེ་ཆེན་རྫོང་གནས་ཆུང་ཤང་སྒང་བདེ་གླིང་གྲོང་ཚོར་ས་རྒྱ་ཆེ་བ་དང་བཀོད་སྒྲིག་ཚད་ལྡན་གྱི་འགྱིག་ཤོག་དྲོད་ཁང་འགའ་ཞིག་ཡོད་པ་དེའི་ནང་རྟག་ཏུ་མེ་ཏོག་བཞད་པ་དང་ཤིང་འབྲས་དང་སྔོ་ཚལ་ཟམ་མི་ཆད་པར་ཐོན་གྱི་ཡོད་པ་དེ་ནི་སྟོད་ལུང་བདེ་ཆེན་རྫོང་སྒང་བདེ་གླིང་སྔོ་ཚལ་འདེབས་འཛུགས་ཀྱི་ཞིང་པའི་ཆེད་ལས་མཉམ་ལས་ཁང་རེད། མཉམ་ལས་ཁང་དེ་2008ལོའི་ཟླ་6པར་བཙུགས་པ་དང་དེ་སྔའི་སྟོད་ལུང་རྫོང་གི་སྔོ་ཚལ་དང་མེ་ཏོག་འདེབས་འཛུགས་ཀྱི་ཞིང་པའི་གཉེར་སྐྱོང་མཐུན་ཚོགས་སྣུར་སྲིང་བྱས་པ་དང་འཕེལ་རྒྱས་བཏང་བ་ཞིག་རེད། དངོས་སུ་གཉེར་སྐྱོང་བྱས་ནས་ལོ་14(2001ལོ་ནས་2014ལོ་བར)ཟིན་པ་དང་ཆུང་བ་ནས་ཆེ་བའི་བར་དང་ཉམས་ཞན་ནས་སྟོབས་ཆེའི་བར་གྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་སྤུས་འབོར་གཉིས་ལྡན་གྱི་འཕེལ་རྒྱས་ཆེན་པོ་བརྒྱུད་ཡོད། གཏན་འཇགས་རྒྱུ་ནོར་2005ལོར་སྒོར་ཁྲི་300ཡང་མ་ཟིན་པ་ནས་ད་ཆའི་སྒོར་ཁྲི་5000བར་འཕེལ་རྒྱས་ཕྱིན་ཡོད་པ་རེད།

    མཉམ་ལས་ཁང་གི་ལས་འཛིན་འགོ་གཙོ་གཞོན་པ་བློ་བཟང་ཚེ་རིང་གིས་ངོ་སྤྲོད་བྱས་པར་གཞིགས་ན། སྒང་བདེ་གླིང་སྔོ་ཚལ་འདེབས་འཛུགས་ཀྱི་ཞིང་པའི་ཆེད་ལས་མཉམ་ལས་ཁང་དེ་སྲིད་གཞུང་དང་མཉམ་ལས་ཁང་གི་ཁོངས་མིས་ཐུན་མོང་ཐོག་མ་དངུལ་བཏང་ནས་བཙུགས་པ་ཞིག་ཡིན་པ་དང་ད་ཆ་སྟོད་ལུང་བདེ་ཆེན་རྫོང་སྒང་བདེ་གླིང་སྔོ་ཚལ་འདེབས་འཛུགས་ཀྱི་ཞིང་པའི་ཆེད་ལས་མཉམ་ལས་ཁང་གིས་ཐོན་སྐྱེད་དང་། གཉེར་སྐྱོང་། དོ་དམ་བཅས་ཀྱི་འགན་འཁུར་གྱི་ཡོད། རྟེན་གཞི་དེས་ས་ཁྱོན་མུའུ་1600བཟུང་ནས་ད་ཆ་ནུས་མཐོའི་ཉི་འོད་འགྱིག་ཤོག་དྲོད་ཁང་སྟར་པ་1260ཡོད་པ་དང་། སྔོ་ཚལ་གྲང་ཉར་དང་སོས་ཉར་ཁང་ཡོད་པ། སྔོ་ཚལ་ལས་སྣོན་ཞིབ་ཚགས་བྱེད་པའི་ཐོན་སྐྱེད་འཁོར་ཁང་དང་ཐོན་སྐྱེད་སྒྲིག་ཆས་ཡོད་པ། ཆུ་དང་། གློག ལམ། གསོ་སྦྱོང་ཁང་། གཞུང་ལས་ཐོག་བརྩེགས་ཁང་། སྐྱེལ་འདྲེན་རླངས་འཁོར་སོགས་སྤྱི་པའི་སྒྲིག་ཆས་ཆ་ཚང་ཡོད་པའི་སྔོ་ཚལ་གཅིག་སྡུད་ཐོན་སྐྱེད་དང་། ལས་སྣོན། ཕྱིར་ཚོང་བཅས་བྱེད་པའི་གནོད་མེད་སྔོ་ཚལ་ཐོན་སྐྱེད་རྟེན་གཞི་ཞིག་རེད། ལོ་14ཙམ་འབད་བརྩོན་བྱས་པ་བརྒྱུད་མཉམ་ལས་ཁང་དེའི་སྔོ་ལྗང་རྒྱ་ཁྱོན་ལོ་རེ་བཞིན་ཆེ་རུ་ཕྱིན་ནས་རྒྱ་ཁྱོན་མུའུ་500ཟིན་ཡོད་པ་རེད།

    ལོ་མང་འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད་སྒང་བདེ་གླིང་སྔོ་ཚལ་འདེབས་འཛུགས་ཀྱི་ཞིང་པའི་ཆེད་ལས་མཉམ་ལས་ཁང་ལ་གཡུར་ཟའི་འབྲས་བུ་ཐོབ་ཡོད། མཉམ་ལས་ཁང་དེར་2009ལོར་བོད་རང་སྐྱོང་ལྗོངས་ཀྱི་ཞིང་ལས་ཕྱོགས་བསྡུས་གསར་སྤེལ་ཐོན་ལས་ཅན་གཉེར་སྐྱོང་གི་སྣེ་འདྲེན་ཁེ་ལས་ཀྱི་མཚན་སྙན་ཐོབ་པ་དང་། 2007ལོ་ནས་2010ལོ་བར་ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་ཞིང་འབྲོག་པའི་མཉམ་ལས་དཔལ་འབྱོར་རྩ་འཛུགས་ཀྱི་སྔོན་ཐོན་མཉམ་སྡེབ་ཀྱི་མཚན་སྙན་རྒྱུན་མཐུད་ངང་ཐོབ་པ། མཉམ་ལས་ཁང་གི་ལས་འཛིན་འགོ་གཙོ་ངག་དབང་ཚེ་རིང་ལ་2008ལོར་རྒྱལ་ཡོངས་ཀྱི་ཚན་རིག་ཁྱབ་གདལ་གྱི་སྔོན་ཐོན་མི་སྒེར་གྱི་མཚན་སྙན་ཐོབ་པ། 2006ལོ་ནས་2009ལོ་བར་མཉམ་ལས་ཁང་དེ་ལྷ་ས་གྲོང་ཁྱེར་གྱི་གྲོང་གསེབ་ཀྱི་ཚན་རྩལ་དཔེ་སྟོན་རྟེན་གཞི་དང་། བོད་ཀྱི་སྔོ་ཚལ་ཚན་རྩལ་དཔེ་སྟོན་རྟེན་གཞི། བོད་ཀྱི་སྤྱི་གནོད་མེད་པའི་སྔོ་ཚལ་ཚད་ལྡན་ཅན་གྱི་དཔེ་སྟོན་རྟེན་གཞི། སྟོད་ལུང་བདེ་ཆེན་རྫོང་གི་བུད་མེད་གསོ་སྦྱོང་རྟེན་གཞི་བཅས་ལ་རྒྱུན་མཐུད་ངང་གཏན་འཁེལ་བྱུང་བ། 2012ལོའི་ཟླ་7པར་རྒྱལ་ཁབ་ཞིང་ལས་པུས་རྒྱལ་ཡོངས་ཀྱི་ཞིང་པའི་ཆེད་ལས་མཉམ་ལས་ཁང་གི་དཔེ་སྟོན་ཁང་ལ་བདམས་པ་བཅས་རེད།

    མཉམ་ལས་ཁང་གི་འགན་ནུས་སྡེ་ཚན་ཁག་གིས་རང་འཁྲིའི་ལས་འགན་ནན་ཏན་ངང་འཁུར་ནས་འགན་ནུས་ཀྱི་དམིགས་ཚད་ལེགས་སྒྲུབ་བྱས་འབྲས་ལ་གཞིགས་ཏེ་གྲུབ་འབྲས་དཔྱད་བསྡུར་གཏན་འབེབས་བྱས་ནས་རྟེན་གཞིའི་ཐོན་སྐྱེད་དང་གཉེར་སྐྱོང་ཐད་གཅིག་གྱུར་གྱི་ཞིང་སྤྱོད་དངོས་རྫས་ཉོ་སྒྲུབ་མཁོ་འདོན་བྱས་པ་དང་། གཅིག་གྱུར་གྱི་སྔོ་ཚལ་འདེབས་འཛུགས་ཚད་གཞི་བཟོས་པ། གཅིག་གྱུར་གྱི་ལག་རྩལ་དང་གསོ་སྦྱོང་ཞབས་ཞུ་བྱས་པ། གཅིག་གྱུར་གྱི་སྤུས་རྟགས་བཏོད་པ་དང་ཕྱིར་ཚོང་བཅས་བྱས་ཡོད། ཞིང་དུད་ཀྱིས་མཉམ་ལས་ཁང་གི་མངགས་ཐོའི་ཐོན་སྐྱེད་གཞིར་བཟུང《ཞིང་པའི་ཆེད་ལས་མཉམ་ལས་ཁང་གི་བཅའ་ཁྲིམས》ཁྲོད་ཀྱི་འབྲེལ་ཡོད་ཁྲིམས་སྲོལ་ལག་བསྟར་ནན་པོ་བྱས་ཏེ་ཞིང་དུད་ལ་མཉམ་ལས་ཁང་གི་ཉོ་ཚོང་དངུལ་འབོར་མང་ཉུང་གཞིར་བཟུང་ཁེ་སྤོགས་སྤྲོད་ཀྱི་ཡོད། ཀུང་སིས་སྔོ་ཚལ་ཕྱིར་ཚོང་དང་ལས་སྣོན་དང་དེ་བཞིན་འབྲེལ་ཡོད་ལས་སྒོ་གཉེར་སྐྱོང་གཙོ་བོར་བྱས་ནས་ཁེར་རྐྱང་ཐོག་ཞིབ་རྩིས་བརྒྱབ་པ་དང་མཉམ་ལས་ཁང་གིས་འབྲེལ་ཡོད་གན་རྒྱ་གཞིར་བཟུང་ཁེ་སྤོགས་མཉམ་སྤྱོད་དང་ཉེན་ཁ་མཉམ་འཁུར་གྱི་ལམ་སྲོལ་ལག་བསྟར་བྱེད་ཀྱི་ཡོད་པ་རེད།

    2008ལོའི་ལོ་མཇུག་ཏུ་མཉམ་ལས་ཁང་གིས་མངགས་ཐོ་བཟོ་བ་དང་ཞིང་ལས་ཉོ་ཚོང་ཁྲོམ་རར་ཐད་གཏོང་བྱེད་པའི་རྨང་གཞིའི་ཐོག་རྒྱལ་ཁབ་ཚོང་དོན་པུའི་འབྲེལ་ཡོད་བླང་བྱ་གཞིར་བཟུང་། “ཞིང་དུད་དང་སྒོ་རྩིས་ཚོང་ཁང་སྦྲེལ་མཐུད་བྱེད་པའི”ཚོད་ལྟ་བྱས་ནས་ལྷ་ས་གྲོང་ཁྱེར་གྱི“ལེ་པའེ་ལུང”སྒོ་རྩིས་ཚོང་ཁང་དང་མཉམ་ལས་དམ་ཟབ་བྱས་པས་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་ཕན་འབྲས་ལེགས་པོ་བྱུང་ཡོད། མཉམ་ལས་ཁང་གི་ཐོན་སྐྱེད་རྟེན་གཞི་མིག་སྔར་ལྷ་ས་གྲོང་ཁྱེར་གྱི“ལེ་པའེ་ལུང”སྒོ་རྩིས་ཚོང་ཁང་གི་སྔོ་ཚལ་མཁོ་འདོན་རྟེན་གཞིར་གྱུར་ནས་ལོ་ལྟར་སྒོ་རྩིས་ཚོང་ཁང་ལ་སྔོ་ཚལ་སྣ་ཁ་26ཙམ་དང་ཉིན་ལྟར་སྔོ་ཚལ་སོས་པ་སྤྱི་རྒྱ་3000ལྷག་ཙམ་མཁོ་འདོན་བྱེད་ཀྱི་ཡོད། གཞན་ཡང་ད་དུང་སློབ་གྲྭ་དང་བཅའ་སྡོད་དཔུང་སྡེ་ཁག་གཅིག་ལ་མཁོ་འདོན་བྱེད་ཀྱི་ཡོད་པས་སྔོ་ཚལ་ཐོན་སྐྱེད་ཐད་མཁོ་མང་ཐོན་ཉུང་གི་རྣམ་པ་ཐོན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།