དབུ་ཤོག>གསར་འགྱུར།
  • སྲིད་ཇུས་གསར་པ་ལག་བསྟར་བྱས་རྗེས་རང་ལྗོངས་ཀྱི་ཉིས་བརྒྱུད་ཁང་པ་བྲིན་ཁ་རྒྱུག་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-05-27

    འདི་ལོའི་ཟླ་3ཚེས་31ཉིན་ནས་བཟུང་རང་རྒྱལ་གྱི་མི་སྒེར་གྱི་ཁང་པ་ནང་བཤུག་གཏོང་བའི་གཉེར་སྐྱོང་དཔྱ་ཁྲལ་སྲིད་ཇུས་ཀྱི་དཔྱ་ཁྲལ་རྩ་ཆག་ལོ་ཚད་ལོ་5ནས་ལོ་2སུ་ལེགས་སྒྲིག་བྱས་ཡོད། སྲིད་ཇུས་ཚན་གྱི་ལག་བསྟར་བྱས་པ་བརྒྱུད་རང་ལྗོངས་ཀྱི་ཉིས་བརྒྱུད་ཁང་པའི་ཁྲོམ་ར་བསྐྱར་དུ་འཕེལ་རྒྱས་འགྲོ་བའི་རྣམ་པ་མངོན་གསལ་དོད་པོ་ཞིག་ཐོན་ཞིང་། སྲིད་ཇུས་གསར་པ་ལག་བསྟར་བྱས་པའི་ཟླ་བ་ཐོག་མར་ཚོང་འགྲིག་པའི་ཁང་པ་340ཟིན་པ་དེ་ཟླ་བ་གོང་མ་དང་བསྡུར་ན་བཙོངས་འབོར་27%འཕར་ཡོད། རང་ལྗོངས་ཀྱིས་ཁང་པ་177ལ་གཉེར་སྐྱོང་དཔྱ་ཁྲལ་རྩ་ཆག་ལས་སྒོ་གཉེར་བ་དང་དཔྱ་ཁྲལ་རྩ་ཆག་བཏང་འབོར་སྒོར་ཁྲི་183ཟིན་པ་དེ་ཟླ་བ་གོང་མ་དང་བསྡུར་ན་དཔྱ་ཁྲལ་རྩ་ཆག་བཏང་འབོར་43%འཕར་ཡོད་པ་རེད།

    གསར་འགོད་པར་རང་སྐྱོང་ལྗོངས་རྒྱལ་ཁབ་དཔྱ་ཁྲལ་ཅུས་ནས་ཤེས་རྟོགས་བྱུང་བར། སྲིད་ཇུས་གསར་པ་ཁྱབ་བསྒྲགས་བྱས་རྗེས་ཅུས་དེས་ཚོམས་ཆེན་ནང་རྩ་ཚིག་སྦྱོར་བ་དང་། གློག་རྡུལ་བརྙན་ཤེལ་ཐོག་རྒྱུན་མི་ཆད་པར་སྟོན་པ། གཙོ་ཆེའི་དྲ་ཚུགས་བརྒྱུད་དྲིལ་བསྒྲགས་བྱེད་པ་སོགས་ཀྱི་བྱེད་སྟངས་སྤྱད་དེ་སྲིད་ཇུས་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་ཞིང་། ཚོམས་ཆེན་ནང་ཁྲིད་སྟོན་ཁྲལ་དོན་མི་སྣ་མང་དུ་བཏང་སྟེ་ཁྲལ་འཇལ་བའི་བློ་འདྲིའི་དགོས་མཁོ་བསྐངས་པ་དང་། འབྲེལ་ཡོད་སྲིད་ཇུས་གསལ་འགྲེལ་བྱས་པ་མ་ཟད། ད་དུང་འབྲེལ་ཡོད་གཞི་གྲངས་བསྡོམས་རྩིས་ལས་དོན་ཡག་པོ་སྤེལ་ནས་ཕན་ནུས་དབྱེ་ཞིབ་ཀྱང་བྱས་ཡོད། བསྡོམས་རྩིས་ལྟར་ན་སྲིད་ཇུས་གསར་པ་ལག་བསྟར་བྱས་པའི་ཟླ་བ་ཐོག་མར་ལྗོངས་ཡོངས་སུ་ཉིས་བརྒྱུད་ཁང་པ་340བཙོངས་པར་བདག་སྤྲོད་བྱས་པ་དང་། ཚོང་འགྲིག་ཁང་པའི་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་4ཟིན་པ། བཙོངས་འབོར་སྒོར་ཁྲི་8993ཟིན་པ་དེ་ཟླ་བ་གོང་མ་དང་བསྡུར་ན་བྲིན་ཚོང་དངུལ་འབོར་82%འཕར་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།