དབུ་ཤོག>གསར་འགྱུར།
  • ཁེ་ལས་ཆུང་གྲས་དང་ཤིན་ཏུ་ཆུང་གྲས་འཕེལ་རྒྱས་འགྲོ་ཚུལ་སྤྱིར་ན་ཅུང་ཡག་པོ་ཡོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-05-27

    ཁེ་ལས་ཆུང་གྲས་དང་ཤིན་ཏུ་ཆུང་གྲས་ནི་ལས་ཞུགས་དང་། དམངས་འཚོ། བོད་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་བཅས་དང་ འབྲེལ་བ་ཡོད་པ་ཞིག་ཡིན་པ་དང་། དེས་རང་ལྗོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཁྲོད་ནུས་པ་གལ་ཆེན་འདོན་གྱི་ཡོད་པ་རེད། ཡོངས་བཤེར་བྱས་པའི་གྲུབ་འབྲས་ཐོག་ནས་བལྟས་ན། རང་ལྗོངས་ཀྱི་ཁེ་ལས་ཆུང་གྲས་དང་ཤིན་ཏུ་ཆུང་གྲས་འཕེལ་རྒྱས་འགྲོ་ཚུལ་སྤྱིའི་ཆ་ནས་ཅུང་ཡག་པོ་ཡོད་ལ་གཤམ་གྱི་ཁྱད་ཆོས་འགའ་མངོན་ཡོད་པ་སྟེ།

    གཅིག་ནས་ཚན་པའི་གྲངས་འབོར་མང་བ། 2013ལོའི་ལོ་མཇུག་ཏུ་ལྗོངས་ཡོངས་སུ་ཐོན་ལས་གཉིས་པ་དང་ཐོན་ལས་གསུམ་པའི་ཁེ་ལས་ཆུང་གྲས་དང་ཤིན་ཏུ་ཆུང་གྲས་ཀྱི་ཁྲིམས་ཚན་གྱི་ཚན་པ་ཁྱོན་6809ཡོད་པ་དེས་ཁེ་ལས་ཀྱི་ཁྲིམས་ཚན་གྱི་ཚན་པ་ཡོངས་ཀྱི་93.8%བཟུང་ཡོད་པ་རེད། གཉིས་ནས་ལས་རིགས་ཁྱབ་ཚུལ་ཅུང་གཅིག་སྡུད་ཆེ་བ། ཁེ་ལས་ཆུང་གྲས་དང་ཤིན་ཏུ་ཆུང་གྲས་ཁག་གཙོ་བོ་ལས་རིགས་གསུམ་གྱི་ཁྱབ་ཁོངས་སུ་གཅིག་སྡུད་བྱས་ཡོད་པའི་ནང་འཛུགས་སྐྲུན་ལས་རིགས་ཁོངས་ཀྱི་ཁེ་ལས་ཆུང་གྲས་དང་ཤིན་ཏུ་ཆུང་གྲས་ཀྱི་གྲངས་འབོར་ཆེས་མང་བ་དེས་ཁེ་ལས་ཡོངས་ཀྱི་26.8%དང་། སིལ་ཚོང་ལས་རིགས་ཀྱིས་15.6% བོགས་གཏོང་དང་ཚོང་དོན་ཞབས་ཞུ་ལས་རིགས་ཀྱིས་12.8%བཅས་སོ་སོར་བཟུང་ཞིང་། ལས་རིགས་གསུམ་པོ་དེ་དག་གིས་ཁེ་ལས་ཡོངས་ཀྱི་55.2%ཟིན་ནས་བཟུང་ཚད་ཕྱེད་ཀ་ལས་བརྒལ་ཡོད་པ་རེད། གསུམ་ནས་ལས་ཞུགས་ཐད་ལེགས་སྐྱེས་ཕུལ་མང་བ། 2013ལོའི་ལོ་མཇུག་ཏུ་ཁེ་ལས་ཆུང་གྲས་དང་ཤིན་ཏུ་ཆུང་གྲས་སུ་ལས་ཞུགས་བྱེད་མཁན་མི་གྲངས་ཁྲི་16.23ཟིན་ནས་ཁེ་ལས་ཀྱི་ཁྲིམས་ཚན་གྱི་ཚན་པར་ལས་ཞུགས་བྱེད་མཁན་མི་འབོར་ཡོངས་ཀྱི་69.7%བཟུང་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།