དབུ་ཤོག>གསར་འགྱུར།
  • ཟླ་བ་དང་པོ་ནས་བཞི་པ་བར་བོད་ལྗོངས་སུ་ཀྲུང་དབྱང་གི་ཆུ་བེད་ཐད་ཀྱི་མ་འཇོག་སྒོར་དུང་ཕྱུར་40ཙམ་དོན་འཁྱོལ་བྱུང་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2015-05-26

    ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་5ཚེས་24ཉིན་གློག་འཕྲིན་འབྱོར་གསལ། ཉེ་དུས་གསར་འགོད་པར་བོད་རང་སྐྱོང་ལྗོངས་ཆུ་བེད་ཐིང་ནས་ཤེས་རྟོགས་བྱུང་བར། ད་ལོའི་ཟླ་བ་དང་པོ་ནས་བཞི་པའི་ཟླ་མཇུག་བར་བོད་ལྗོངས་ཆུ་བེད་སྡེ་ཚན་གྱིས་ཀྲུང་དབྱང་གི་ཆུ་བེད་ཐད་ཀྱི་མ་འཇོག་སྒོར་དུང་ཕྱུར་39.7དོན་འཁྱོལ་བྱས་པ་དེ་ལོ་འཁོར་མོའི་སྒོར་དུང་ཕྱུར་35ཡི་ལས་འགན་ལས་ཚད་བརྒལ་ལེགས་གྲུབ་བྱུང་ནས་ལས་འགན་སྒྲུབ་ཚད་113%ཟིན་ཡོད་པ་རེད།

    བོད་རང་སྐྱོང་ལྗོངས་ཆུ་བེད་ཐིང་ཞིང་ཆུ་ཁྲུའུ་ཡི་འགན་ཁུར་བ་ཡེ་ཤེས་སྒྲོལ་དཀར་གྱིས་བོད་ཀྱི་ཆུ་བེད་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་པ་དང་ཆུའི་ཐོན་ཁུངས་ལུགས་མཐུན་གསར་སྤེལ་དང་སྤྱོད་ཚད་མཐོ་རུ་གཏོང་རྒྱུ་དེ་བོད་ལྗོངས་འཕེལ་རྒྱས་དང་མི་སེར་གྱི་འཚོ་བ་དང་འབྲེལ་བ་ཡོད། 2014ལོར་བོད་ཀྱིས་ཀྲུང་དབྱང་གི་ཆུ་བེད་ཐད་ཀྱི་མ་འཇོག་སྒོར་དུང་ཕྱུར་35དོན་འཁྱོལ་བྱེད་རྒྱུའི་ལས་འགན་ལེགས་གྲུབ་ཟིན་པ་དང་ཞིང་ནང་ཆུ་འདྲེན་ཁྱོན་མུའུ་ཁྲི་30ལྷག་ཙམ་གསར་སྣོན་དང་ལེགས་གཏོང་བྱས་ནས་བོད་ཀྱི་ཞིང་ཁུལ་གྱི་ཞིང་ཆུ་འདྲེན་པའི་གནོན་ཤུགས་ཆེས་ཆེར་ཆུང་དུ་བཏང་ཡོད་ཅེས་བཤད་པ་རེད།

    2014ལོར་བོད་ཀྱིས་ལ་ལྷོ་ཆུ་བེད་ལྟེ་བའི་གཙོ་གཟུགས་ལས་གྲྭ་སྐྲུན་འགོ་ཚུགས་པ་དང་སྔོན་དཔག་བྱས་ན་2020ལོར་སླེབས་སྐབས་བསྐྲུན་ཟིན་རྒྱུ་ཡིན་པ་རེད།

    མིག་སྔར་ལ་ལྷོ་ཆུ་བེད་ལྟེ་བའི་ལས་གྲྭའི་2015ལོའི་རྣམ་གྲངས་ཁག་དང་པོའི་འོས་སྐུལ་འོས་དཔོད་ལས་དོན་དེ་མཇུག་འགྲིལ་ཉེར་ཡོད་པ་དང་། འོས་ཐོན་བྱུང་བའི་ཚན་པས་རྣམ་གྲངས་ཁག་གཉིས་པ་དང་གསུམ་པའི་འོས་སྐུལ་འོས་དཔོད་ལས་དོན་སྤེལ་བཞིན་ཡོད་པ་དང་། སྔོན་དཔག་བྱས་ན་ཟླ་བ་དྲུག་པའི་གོང་དུ་ལེགས་སྒྲུབ་བྱ་རྒྱུའི་སྤྱི་བསྒྲགས་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།