དབུ་ཤོག>གསར་འགྱུར།
  • ནག་ཆུར་དབྱར་རྩྭ་དགུན་འབུ་འཐུ་འགོ་ཚུགས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2015-05-25

    ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་5ཚེས་22ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་ནག་ཆུ་ས་ཁུལ་ཞིང་འབྲོག་ཅུས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ནག་ཆུའི་དབྱར་རྩྭ་དགུན་འབུ་ཐོན་ཁུལ་གྱི་རྫོང་ཁག་ཏུ་དབྱར་རྩྭ་དགུན་འབུ་སྔོག་འཐུ་རིམ་བཞིན་འགོ་ཚུགས་པ་དང་སྔོན་དཔག་བྱས་པར་གཞིགས་ན། འདི་ལོ་ནག་ཆུར་དབྱར་རྩྭ་དགུན་འབུའི་ཐོན་ཚད་དེ་ལོ་གོང་མ་ལས་མང་བ་ཡོད་པ་རེད། ཁྲོམ་རའི་རིན་གོང་ཅུང་མཐོ་བས་དབྱར་རྩྭ་དགུན་འབུ་དེ་ས་ཆ་དེ་གའི་ཞིང་འབྲོག་མང་ཚོགས་ཀྱི་དངུལ་སྨར་ཡོང་ཁུངས་གཙོ་བོར་གྱུར་ཡོད།

    ནག་ཆུ་ས་ཁུལ་ཞིང་འབྲོག་ཅུས་ཀྱི་བརྟག་དཔྱད་ཞིབ་འཇུག་པ་གཞོན་པ་རེན་ཁྲུན་ཁྲེང་གིས་ལྷ་རི་རྫོང་སོགས་ས་བབ་བལྟོས་བཅས་ཀྱིས་ཅུང་དམའ་བའི་རྫོང་དུ་ཟླ་ལྔ་པའི་ཟླ་སྟོད་ནས་དབྱར་རྩྭ་དགུན་འབུ་སྔོན་ལ་སྔོག་འཐུ་བྱེད་ཀྱི་ཡོད། འབྲི་རུ་དང་། སོག སྦྲ་ཆེན་སོགས་དབྱར་རྩྭ་དགུན་འབུ་ཐོན་གནས་གཙོ་བོའི་རྫོང་དུ་ཡང་ཟླ་ལྔ་པའི་ཟླ་དཀྱིལ་དུ་དབྱར་རྩྭ་དགུན་འབུ་རིམ་བཞིན་སྔོག་འཐུ་བྱེད་ཀྱི་ཡོད་ཅེས་གསར་འགོད་པར་བཤད་བྱུང་། ངོ་སྤྲོད་བྱས་པར་གཞིགས་ན། མིག་སྔའི་མཁོ་འདོན་བྱས་པའི་གནས་ཚུལ་ལ་བལྟས་ན་འདི་ལོའི་ཐོན་ཚད་དེ་ལོ་གོང་མ་ལས་ཅུང་མང་བ་ཡོད་པ་དང་སྔོན་དཔག་བྱས་ན་ས་ཁུལ་དེ་ཡོངས་སུ་དབྱར་རྩྭ་དགུན་འབུ་ཐོན་ཚད་སྤྱི་རྒྱ་ཁྲི་2.5ཟིན་རྒྱུ་ཡིན་པ་རེད།

    རེན་ཁྲུན་ཁྲེང་གིས་དབྱར་རྩྭ་དགུན་འབུ“རྒྱུན་མཐུད་ངང་སྔོག་འཐུ”དང་ནག་ཆུའི་དབྱར་རྩྭ་དགུན་འབུའི་ཐོན་ལས་རྒྱུན་མཐུད་འཕེལ་རྒྱས་ལ་སྲུང་སྐྱོང་འགན་ལེན་བྱ་ཆེད། ཞིང་འབྲོག་སྡེ་ཚན་གྱིས་བྱེད་ཐབས་སྣ་ཚོགས་སྤྱད་ཡོད་པ་སྟེ། དབྱར་རྩྭ་དགུན་འབུ་ཐོན་ཁུལ་དུ་འཇུག་འཐུས་ལམ་ལུགས་ལག་བསྟར་ནན་པོ་བྱས་པ་མ་ཟད། མི་རེར་སྔོ་ཁེབས་བསྐྱར་གསོའི་གྲོན་དངུལ་འཇལ་དུ་བཅུག་པ་དང་། སྦྱག་མ་དང་འཇོར་སོགས་ལག་ཆ་སྤྱད་ནས་སྤང་བཀོག་མི་བཅུག་པ། རི་སྟེང་དུ་འགྱིག་ཤོག་དང་གད་སྙིགས་ལུས་མི་བཅུག་པ་བཅས་བྱེད་ཀྱི་ཡོད་ཅེས་བཤད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།