དབུ་ཤོག>གསར་འགྱུར།
  • གཞིས་རྩེ་གྲོང་ཁྱེར་གྱི་དུས་ཚིགས་དང་པོའི་ཁྲལ་འབབ་སྒོར་དུང་ཕྱུར་2ལས་བརྒལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-05-25

    ཉེ་ཆར། གཞིས་རྩེ་གྲོང་ཁྱེར་རྒྱལ་ཁྲལ་ཅུས་ནས་གསར་འགོད་པས་ཤེས་རྟོགས་བྱས་པར། འདི་ལོའི་དུས་ཚིགས་དང་པོར་གྲོང་ཁྱེར་དེ་ཡོངས་ཀྱི་ཁྲལ་འབབ་སྣ་ཚོགས་སྒོར་ཁྲི་22489ཟིན་པ་དེ་དུས་མཚུངས་ལས་33%འཕར་ཡོད་པ་རེད།

    གཞིས་རྩེ་གྲོང་ཁྱེར་རྒྱལ་ཁྲལ་ཅུས་ཀྱི་ཅུས་ཀྲང་ཕུན་ཚོགས་རྒན་པས་དུས་ཚིགས་དང་པོར་ཁྲལ་འབབ་མང་དུ་སོང་བའི་རྒྱུ་རྐྱེན་ནི། བོགས་གཏོང་དང་ཚོང་དོན་ཞབས་ཞུའི་ལས་རིགས་དང་། སྡེབ་ཚོང་སིལ་ཚོང་ལས་རིགས། ས་ཁང་ཐོན་ལས་བཅས་ཀྱི་ཁྲལ་འཇལ་མང་དུ་སོང་ནས་སྒོར་ཁྲི་13044མཛོད་འཇུག་དང་ཁྲལ་འཕར་སྒོར་ཁྲི་9967ཟིན་པ་དེས་ཁྲལ་འབབ་ཡོངས་ཀྱི་བརྒྱ་ཆ་དྲུག་ཅུ་ཟིན་ནས་བརྒྱ་ཆའི་གྲངས་59སྐུལ་ཁྲིད་ཐུབ་པ་དང་། “ཁྲིམས་བཞིན་ཁྲལ་བསྡུས”ནས་ཁྲལ་བསྡུའི་དོ་དམ་ལ་ཤུགས་སྣོན་རྒྱག་པར་ཕན་འབྲས་ཐོན་པ། དུས་ཚིགས་དང་པོར“འཛིན་ཉོའི་ཁྲལ་བསྡུ”བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་བ་དང་ཁྲལ་བསྡུའི་འཕྲུལ་ཆས་ཀྱིས་འཛིན་བཤེར་བྱས་པ་ལས་ཁྲལ་འཇལ་སྒོར་ཁྲི་808ཁ་གསབ་བྱས་པ། ཁྲལ་འཇལ་མཁན་ཁ་ཐོར་ནས་ཁྲལ་འབབ་སྒོར་ཁྲི་4010བྱུང་ནས་ཁྲལ་འབབ་འཕར་མ་སྒོར་ཁྲི་748ཟིན་ཡོད་ཅེས་དབྱེ་ཞིབ་བྱས་ནས་བཤད།

    ཕུན་ཚོགས་རྒན་པས་དུས་ཚིགས་དང་པོའི་ཁྲལ་འབབ་ལ་ཁྱད་ཆོས་ཆེན་པོ་འགའ་ཡོད་པ་སྟེ། རྫོང་རིམ་པའི་ཁྲལ་འབབ་སྒོར་ཁྲི་8535ཟིན་པ་དེས་ས་གནས་རིམ་པའི་ཁྲལ་འབབ་ཀྱི་71.7ཟིན་ནས་རྫོང་རིམ་པའི་ཁྲལ་འབབ་ཀྱི་བརྒྱ་ཆ་བདུན་ཅུ་ས་གནས་ནས་བྱུང་བ་དང་། སྒེར་གྱི་ཐོབ་ཁྲལ་སྒོར་ཁྲི་8404ཟིན་པ་དེ་དུས་མཚུངས་ལས་222%མང་དུ་སོང་བ་དེས་ཁྲལ་འཇལ་བསྡོམས་འབོར་གྱི་37%ཟིན་པ། ལས་རིགས་ཆེན་པོ་གསུམ་གྱིས་འཇལ་བའི་ཁྲལ་འབབ་བསྡོམས་འབོར་ལས། ཐོན་ལས་དང་པོ་དང་། གཉིས་པ། གསུམ་པ་བཅས་ལ་སྒོར་ཁྲི་10དང་། ཁྲི་4994 ཁྲི་17475བཅས་སོ་སོར་ཟིན་པ་དེས་ཁྲལ་འབབ་བསྡོམས་འབོར་གྱི་0.1%དང་། 22.2% 77.7%སོ་སོར་ཟིན་ནས“གསུམ་གཉིས་གཅིག”གི་གྲུབ་ཆ་མངོན་པ། སྤྱི་དབང་མིན་པའི་དཔལ་འབྱོར་ལམ་ལུགས་ཀྱིས་གྲོང་ཁྱེར་དཔལ་འབྱོར་ལ་འདེགས་སྐྱོར་ཐུབ་པའི་ནང་། དུས་ཚིགས་དང་པོར་སྤྱི་དབང་མིན་པའི་ལམ་ལུགས་དཔལ་འབྱོར་གྱི་ཁྲལ་འབབ་སྒོར་ཁྲི་21020ལོན་པ་དེ་དུས་མཚུངས་ལས་34%ཟིན་པ་དེས་93.5%ཟིན་ཡོད་ཅེས་ངོ་སྤྲོད་བྱས།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།