དབུ་ཤོག>གསར་འགྱུར།
  • བོད་ལྗོངས་ཀྱི་ཞིང་དུད་ཀྱི་ཡིད་རྟོན་དངུལ་བུན་ཁྱབ་ཚད་རྒྱལ་ཡོངས་ཀྱི་མཐོ་ཤོས་སུ་སླེབས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-05-23

    གསར་འགོད་པས་ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་ནས་ཤེས་རྟོགས་བྱས་པར་གཞིགས་ན། 2015ལོའི་ཟླ་3པའི་ཟླ་མཇུག་བར་ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གི“ཕ་ལམ་དང་། གསེར། དངུལ། ཟངས”བཅས་ཀྱི་གཱ་བཞིའི་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་114.21ཟིན་ནས་དངུལ་ཁང་དེ་ཡོངས་ཀྱི་ཞིང་འབྲེལ་དངུལ་བུན་གྱི་59.43%བཟུང་ཡོད་པ་དང་། ཚུལ་མིན་དངུལ་བུན་གཡར་ཚད་0.28%དང་ལྗོངས་ཡོངས་ཀྱི་90%ཡན་གྱི་ཞིང་འབྲོག་དུད་ཚང་དུ་གཱ་དེ་དག་ཁྱབ་ཡོད་པ་རེད། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས་མཁོ་འདོན་བྱས་པ་དང་ཁྱབ་རྒྱ་ཆེ་བའི“གཱ་བཞི”ཞིང་འབྲོག་དུད་ཚང་ཡིད་རྟོན་དངུལ་བུན་གཏོང་ཡུལ་དུ་བྱས་པ་དང་མིག་སྔར་བོད་ལྗོངས་དེ་ཉིད་རྒྱལ་ཡོངས་སུ་ཡིད་རྟོན་དངུལ་བུན་ཁྱབ་ཆེ་ཤོས་ཀྱི་ས་ཁུལ་ཞིག་ཏུ་གྱུར་ཡོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། 2015ལོར་དངུལ་ཁང་དེའི“ཞིང་འབྲོག་དུད་ཚང་གི་ཡིད་རྟོན་དངུལ་བུན”ལ་རྒྱལ་ཡོངས་དངུལ་ཁང་ལས་རིགས་ཀྱི“2014ལོའི་ཞིང་གསུམ་ལ་ཞབས་འདེགས་ཞུ་མཁན་གྱི་དངུལ་རྩའི་ཚན་པའི”མཚན་སྙན་ཐོབ་པ་དང་དེ་ནི་རྒྱལ་ཡོངས་ཞིང་ལས་དངུལ་ཁང་དང་ལྗོངས་ཡོངས་ཀྱི་ཚོང་ལས་དངུལ་ཁང་ཁྲོད་མཚན་སྙན་དེ་ཐོབ་མཁན་གྱི་དངུལ་རྩའི་སྒྲིག་གཞི་འབའ་ཞིག་དེ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།