དབུ་ཤོག>གསར་འགྱུར།
  • 《བོད་རང་སྐྱོང་ལྗོངས་ཀྱི་ཁྱད་ལྡན་ཚོང་འདུས་གྲོང་སྡེའི་དཔེ་སྟོན་ས་ཚིགས་འཛུགས་སྐྲུན་ལས་དོན་ལག་བསྟར་ཇུས་གཞི》པར་འགྲེམས་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-05-23
               རང་སྐྱོང་ལྗོངས་སྲིད་གཞུང་གཞུང་དོན་ཐིང་གིས《བོད་རང་སྐྱོང་ལྗོངས་ཀྱི་ཁྱད་ལྡན་ཚོང་འདུས་གྲོང་སྡེའི་དཔེ་སྟོན་ས་ཚིགས་འཛུགས་སྐྲུན་ལས་དོན་ལག་བསྟར་ཇུས་གཞི》(གཤམ་དུ《ལག་བསྟར་ཇུས་གཞི》ཞེས་བསྡུས་རྒྱུ)པར་འགྲེམས་བྱས་པའི་ནང་ཁྱད་ལྡན་ཚོང་འདུས་གྲོང་སྡེའི་དཔེ་སྟོན་ས་ཚིགས་འཛུགས་སྐྲུན་གྱི་མཛུབ་ཁྲིད་བསམ་བློ་དང་། རྩ་བའི་རྩ་དོན། དམིགས་ཚད་གཙོ་བོ། ལས་འགན་གཙོ་བོ། ཞིབ་ཕྲའི་བླང་བྱ་བཅས་གསལ་པོར་བསྟན་ཡོད་པ་རེད།

    《ལག་བསྟར་ཇུས་གཞི》ཡི་ནང་ཁྱད་ལྡན་ཚོང་འདུས་གྲོང་སྡེའི་དཔེ་སྟོན་ས་ཚིགས་འཛུགས་སྐྲུན་བྱེད་པར་མི་རྩ་བར་འཛིན་དགོས་པ་དང་། དམངས་འཚོར་སྣང་ཆེན་བྱེད་དགོས་པ། འཆར་གཞི་སྔོན་ལ་འགོད་དགོས་པ། ཁྱད་ཆོས་འབུར་དུ་ཐོན་པར་བྱེད་དགོས་པ། སྣོད་བཅུད་སྲུང་སྐྱོང་བྱེད་དགོས་པ། ཞི་མཐུན་འཕེལ་རྒྱས་ཡོང་བ་བྱེད་དགོས་པ། རྣམ་གྲངས་ལ་བརྟེན་ནས་སྐུལ་ཁྲིད་བྱེད་དགོས་པ། ནུས་པ་འཐུས་སྒོ་ཚང་དུ་གཏོང་དགོས་པ། ཐོན་ལས་དང་གྲོང་སྡེ་མཉམ་འགུལ་ཐུབ་པར་བྱེད་དགོས་པ། འདེགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས་པ། བརྟན་ལྷིང་འགན་ལེན་བྱེད་དགོས་པ་བཅས་ཀྱི་རྩ་བའི་རྩ་དོན་མཐའ་འཁྱོངས་ཀྱིས་ཁྱད་ལྡན་ཚོང་འདུས་གྲོང་སྡེའི་གྲོང་མིའི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་མངོན་གསལ་དོད་པོས་ལེགས་སུ་འགྲོ་བ་དང་། རང་གིས་རང་འཕེལ་རྒྱས་གཏོང་བའི་ནུས་པ་མངོན་གསལ་དོད་པོས་ཆེ་རུ་འགྲོ་བ། ཕྱོགས་བསྡུས་ཐེག་ནུས་དང་སྤྱི་པའི་ཞབས་ཞུའི་ཆུ་ཚད་གོང་མཐོར་འགྲོ་བ། སྣོད་བཅུད་གནས་སྡོད་འཛུགས་སྐྲུན་གྱི་ཕན་འབྲས་མངོན་གསལ་དོད་དུ་འགྲོ་བ། གྲོང་ཁྱེར་དང་གྲོང་རྡལ་གྱི་དོ་དམ་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་འགྲོ་བ་བཅས་བྱས་ཏེ་རྨང་གཞིའི་སྒྲིག་བཀོད་འཐུས་སྒོ་ཚང་བ་དང་། མི་སྡོད་ཁོར་ཡུག་ལེགས་པ། དོ་དམ་ལམ་སྲོལ་འཐུས་སྒོ་ཚང་བ། དཔལ་འབྱོར་དང་སྤྱི་ཚོགས་མཐུན་སྦྱོར་འཕེལ་རྒྱས་འགྲོ་བ་བཅས་ཀྱི་ཁྱད་ལྡན་དཔེ་སྟོན་ཚོང་འདུས་གྲོང་སྡེ་ཞིག་འཛུགས་སྐྲུན་བྱས་ནས་རང་ལྗོངས་ཀྱིས་གྲོང་རྡལ་ཅན་གསར་པར་སྐུལ་འདེད་གཏོང་རྒྱུར་དཔེ་སྟོན་ཆོག་པ་དང་ཁྱབ་གདལ་གཏོང་ཆོག་པའི་ཉམས་མྱོང་དང་བྱེད་སྟངས་མཁོ་འདོན་བྱེད་དགོས་པ་དང་ཀྲུང་གོའི་ཁྱད་ཆོས་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་གྲོང་རྡལ་ཅན་གསར་པའི་ལམ་བུ་ཞིག་གཏོད་དགོས་ཞེས་བསྟན་ཡོད་པ་རེད།

    《ལག་བསྟར་ཇུས་གཞི》ཡི་ནང་ཤང་དང་གྲོང་རྡལ་20དག་རང་སྐྱོང་ལྗོངས་ཀྱི་ཁྱད་ལྡན་ཚོང་འདུས་གྲོང་སྡེའི་དཔེ་སྟོན་ས་ཚིགས་ཁག་དང་པོར་བྱས་ཏེ“ལོ་གཅིག་ལ་འགྱུར་ལྡོག་ཡོང་བ་བྱེད་དགོས་པ་དང་། ལོ་གཉིས་ལ་འགྱུར་ལྡོག་ཆེན་པོ་ཡོང་བ་བྱེད་དགོས་པ། ལོ་གསུམ་ལ་རྩ་བའི་ཆ་ནས་འཛུགས་སྐྲུན་ལེགས་སྒྲུབ་བྱེད་དགོས་པ”བཅས་ཀྱི་སྤྱིའི་བླང་བྱ་གཞིར་བཟུང་2015ལོ་ནས་2017ལོ་བར་གྱི་ལོ་གསུམ་སྤྱད་དེ་རང་རང་སོ་སོའི་ཁྱད་ཆོས་ལྡན་པའི་ཚོང་འདུས་གྲོང་སྡེ་གཙོ་གནད་དུ་བཟུང་ནས་འཛུགས་སྐྲུན་བྱེད་དགོས་ཞེས་གསལ་པོར་བསྟན་ཡོད་པ་རེད།

    《ལག་བསྟར་ཇུས་གཞི》ཡི་ནང་ལས་འགན་ཆེན་པོ་ལྔ་གསལ་པོར་བསྟན་པ་སྟེ། གཅིག་ནས་འཆར་འགོད་དང་གཅིག་འདོམས་བྱེད་ཤུགས་ཆེ་རུ་གཏོང་དགོས་ཤིང་། ཁྱད་ལྡན་ཚོང་འདུས་གྲོང་སྡེའི་སྤྱིའི་འཆར་གཞི་དང་། ཚོད་འཛིན་རང་བཞིན་གྱི་ཞིབ་ཕྲའི་འཆར་གཞི། གྲོང་ཁྱེར་འཛུགས་སྐྲུན་ཇུས་གཞི་བཅས་བཀོད་ནས་ཚོང་འདུས་གྲོང་སྡེའི་འཛུགས་སྐྲུན་ལ་ཚན་རིག་དང་མཐུན་པའི་ངང་སྐུལ་འདེད་གཏོང་དགོས་པ་དང་། གཉིས་ནས་ཐོན་ལས་ཀྱི་འདེགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས་ཤིང་། དངོས་ཚན་དཔལ་འབྱོར་འཕེལ་རྒྱས་གཏོང་རྒྱུ་དང་ཐོན་ལས་གཅིག་གྱུར་ལ་སྐུལ་འདེད་གཏོང་རྒྱུ་གཙོ་བོར་བཟུང་སྟེ་ཁྱད་ལྡན་ཚོང་འདུས་གྲོང་སྡེའི་དཔེ་སྟོན་ས་ཚིགས་ཀྱི་གཙོ་ཁྲིད་ཐོན་ལས་ཚན་རིག་དང་མཐུན་པའི་ངང་གཏན་འཁེལ་བྱས་ནས་ཚོང་འདུས་གྲོང་སྡེའི་དཔལ་འབྱོར་སྟོབས་ཤུགས་ཆེ་རུ་གཏོང་དགོས་པ། གསུམ་ནས་གྲོང་ཁྱེར་དང་གྲོང་རྡལ་གྱི་ནུས་པ་འཐུས་སྒོ་ཚང་དུ་གཏོང་དགོས་ཤིང་། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་མགྱོགས་པོ་བྱེད་པ་དང་ཆབས་ཅིག་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་འཐུས་སྒོ་ཚང་དུ་བཏང་ནས་ཚོང་འདུས་གྲོང་སྡེའི་ཐེག་ནུས་ཆེ་རུ་གཏོང་དགོས་པ། བཞི་ནས་ལྗང་མདོག་སྣོད་བཅུད་མངོན་གསལ་དོད་པོ་ཡོང་བ་བྱེད་དགོས་ཤིང་། རང་བྱུང་སྣོད་བཅུད་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། གྲོང་རྡལ་ཁུལ་གྱི་ནགས་གསོ་མཛེས་བཟོར་དམ་འཛིན་བྱེད་པ། གྲོང་རྡལ་གྱི་རྣམ་པ་བཅོས་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་ལྟ་ན་སྡུག་ལ་ཁྱད་ཆོས་ལྡན་པའི་ཚོང་འདུས་གྲོང་སྡེ་གཏོད་དགོས་པ། ལྔ་ནས་འགག་རྩའི་ཁྱབ་ཁོངས་ཀྱི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་དགོས་ཤིང་། ཐེམ་ཐོ་དང་། ས་ཆ། ནོར་སྲིད། དངུལ་རྩ། དཔྱ་ཁྲལ། ཁོར་ཡུག་སྲུང་སྐྱོང་། ཤེས་ལྡན་མི་སྣ་སོགས་ཕྱོགས་ཀྱིས་རོགས་སྐྱོར་སྲིད་ཇུས་མ་ལག་བཙུགས་ནས་ཁྱད་ལྡན་ཚོང་འདུས་གྲོང་སྡེའི་དཔེ་སྟོན་ས་ཚིགས་འཛུགས་སྐྲུན་ལ་སྒུལ་ཤུགས་སྦྱིན་དགོས་པ་བཅས་རེད།

    《ལག་བསྟར་ཇུས་གཞི》ཡི་ནང“གྲོང་ཁྱེར་གཅིག་ལ་འཆར་གཞི་གཅིག་དང་། གྲོང་ཁྱེར་གཅིག་ལ་ཇུས་གཞི་གཅིག གྲོང་ཁྱེར་གཅིག་ལ་སྲིད་ཇུས་གཅིག གྲོང་ཁྱེར་གཅིག་ལ་ཚན་ཁག་གཅིག”བཅས་ཀྱི་ལས་དོན་བླང་བྱ་གཞིར་བཟུང་ས་ཨུད་(གྲོང་ཨུད)དང་སྲིད་འཛིན་ཀུང་ཧྲུའུ(སྲིད་གཞུང)ཡི་འགོ་ཁྲིད་གཙོ་བོའི་འགན་འཁྲིའི་ལམ་ལུགས་ལག་ལེན་བསྟར་ཏེ་གཅིག་གྱུར་ཐོག་འགོ་ཁྲིད་བྱེད་དགོས་པ་དང་། གཅིག་འདོམས་མཐུན་སྦྱོར་དང་། སྐུལ་འདེད་ཏན་ཏིག་གཏོང་དགོས། རང་སྐྱོང་ལྗོངས་ནོར་སྲིད་ཀྱིས་འགོ་འཛུགས་མ་རྩ་ཁག་གཅིག་བཀོད་སྒྲིག་བྱེད་པ་དང་། སྤྱི་ཚོགས་ཀྱི་མ་རྩ་དང་དམངས་ཁྲོད་ཀྱི་མ་རྩ་རྒྱ་ཁྱབ་ཏུ་བསྡུ་ལེན་བྱེད་པ། བོད་སྐྱོར་མ་དངུལ་གྱི་ནུས་པ་གལ་ཆེན་འདོན་སྤེལ་གང་ལེགས་བྱེད་པ་བཅས་ཀྱི་ཐོག་ནས་ཁྱད་ལྡན་ཚོང་འདུས་གྲོང་སྡེའི་དཔེ་སྟོན་ས་ཚིགས་འཛུགས་སྐྲུན་ལ་ཐུན་མོང་ཐོག་རྒྱབ་སྐྱོར་བྱེད་དགོས་ལ་སྐུལ་འདེད་ཀྱང་གཏོང་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 卓玛吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།