དབུ་ཤོག>གསར་འགྱུར།
  • གསར་སྤེལ་རང་བཞིན་གྱི་དངུལ་རྩའི་མཐོ་རིམ་མཉམ་ཞུགས་ཚོགས་འདུ་ལྷ་སར་ཚོགས་པ།

  • ཡོང་ཁུངས།  བོད་ལྗོངས་འཕྲིན་དྲ།   |     སྤེལ་དུས།  2015-05-22

    ཉེ་དུས།  རང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཅང་ཇའེ་དང་རྒྱལ་ཁབ་གསར་སྤེལ་དངུལ་ཁང་གི་དབུ་འཛིན་གཞོན་པ་ཀྲང་ཤུད་ཀོང་གིས་སྣེ་འཁྲིད་གནང་བའི་བརྟག་ཞིབ་ཚོགས་ཆུང་གིས་གསར་སྤེལ་རང་བཞིན་གྱི་དངུལ་རྩའི་མཐོ་རིམ་མཉམ་ཞུགས་ཚོགས་འདུ་ལྷ་སར་སྐོང་ཚོགས་བྱས་ནས་ཐུན་མོང་ཐོག  གསར་སྤེལ་རང་བཞིན་གྱི་དངུལ་རྩའི་མཉམ་ལས་ཐད་ཞིབ་འཇུག་བྱས་པ་དང་ལྷག་པར་དུ་རང་ལྗོངས་ཀྱི་ས་ཡོམ་གནོད་འཚེ་ཕོག་ཁུལ་དུ་དངུལ་རྩའི་རྒྱབ་སྐྱོར་ནུས་ལྡན་བྱེད་རྒྱུ་རེད།

    ཚོགས་འདུའི་ཐོག  རྒྱལ་ཁབ་གསར་སྤེལ་དངུལ་ཁང་བཙུགས་ཚུན་ཐོག་མཐའ་བར་གསུམ་དུ་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་ཐད་མཐོང་ཆེན་དང་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་དང་།  ད་རེས་4.25ཉིན་གྱི་ས་ཡོམ་ཐོན་རྗེས་དངུལ་ཁང་དེས་ལྗོངས་ནང་ཁུལ་གྱི་དངུལ་རྩའི་ཚན་པ་ཐོག་མ་དེ་ཡིན་པའི་ངོས་ནས་གནོད་འཚེ་ཕོག་ཁུལ་དུ་བསྐྱོད་དེ།  རང་ལྗོངས་ཀྱི་ཡོམ་འགོག་གེགས་སེལ་གྱི་མདུན་ཕྱོགས་བཀོད་འདོམས་པུའུ་དང་རང་འགུལ་ངང་དངུལ་རྩའི་དགོས་མཁོའི་ཐད་སྤེལ་རེས་བྱས་པ་དང་།  བབས་བསྟུན་གེགས་སྐྱོབ་མ་དངུལ་སྒོར་དུང་ཕྱུར་19.5དོན་འཁྱོལ་བྱས་ཏེ་ཡོམ་འགོག་གེགས་སེལ་ལས་དོན་བདེ་བླག་ངང་སྤེལ་རྒྱུར་འགན་སྲུང་ནུས་ལྡན་བྱས་ཡོད་ཅེས་མཛུབ་སྟོན་བྱས་ཡོད་པ་རེད།

    ཚོགས་འདུའི་ཐོག  ཕྱོགས་གཉིས་པོས་འབྲེལ་ཡོད་མཉམ་ལས་ཀྱི་བརྗེད་ཐོ་དང་མཉམ་ལས་ཀྱི་གྲོས་མཐུན་ཡི་གེར་མིང་རྟགས་བཀོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།