དབུ་ཤོག>གསར་འགྱུར།
  • “ཁ་ཕྱོགས”གསལ་སྟོན་གྱིས“རྩ་དོན” བརྟན་སྲུང་བྱེད་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  ​ ཝུའེ་ཧྲན་གྱིས།   |     སྤེལ་དུས།  2015-05-22

    ཁྲེང་ཀོན་ཆུས་འདི་ཉིད་ལྷ་ས་གྲོང་ཁྱེར་དང་ཐ་ན་རང་ལྗོངས་ཀྱི་ལྟེ་བའི་ཁུལ་ཞིག་ཡིན་པའི་ངོས་ནས་རང་སྐྱོང་ལྗོངས་དང་ལྷ་ས་གྲོང་ཁྱེར་གྱིས་གཏན་ལ་ཕབ་པའི་སྤྱི་ཚོགས་དོ་དམ་གསར་གཏོད་ཀྱི་ཕྱོགས་བསྡུས་ཚོད་ལྟའི་ཁུལ་ཞིག་ཡིན་པས་ཚོད་ལྟ་དང་། ལག་བསྟར། ཉམས་མྱོང་གསོག་འཇོག མིག་དཔེ་འདོན་པ། ལམ་བུ་འཚོལ་ཞིབ་བཅས་བྱེད་པའི་དཀའ་ཚེགས་ཆེ་བའི་ལས་འགན་དང་འགན་འཁྲི་ལྕི་པོ་འཁུར་བཞིན་ཡོད།    

    སྤྱི་ཚོགས་དོ་དམ་གསར་གཏོད་ཀྱི་ལམ་བུ་འཚོལ་ཞིབ་ཧུར་ཐག་བྱེད་པའི་ཐད་ཇི་ལྟར་བྱས་ཏེ་སྤྱི་ཚོགས་དོ་དམ་གྱི་གཞི་རྩའི་རྩ་དོན་དང་སྤྱི་ཚོགས་དོ་དམ་གྱི་སྒྲིག་གཞི་སྒྱུར་བཅོས་ཀྱི་གཞི་རྩའི་ཁ་ཕྱོགས་སྟངས་འཛིན་ཡང་དག་བྱ་རྒྱུ་དེ་ནི་ལེགས་གྲུབ་ཡོང་བ་བྱེད་པའི་གཞི་རྩའི་སྔོན་འགྲོའི་ཆ་རྐྱེན་ཞིག་ཡིན་པ་སྨྱུག་འཛིན་པས་ངོས་འཛིན་བྱེད་ཀྱི་ཡོད། དེར་བརྟེན་གཤམ་གྱི་ཕྱོགས་ཁག་ཐད་འབད་བརྩོན་བྱེད་དགོས་པ་སྟེ།

    མི་རྩ་བར་འཛིན་པ་དང་ཞབས་ཞུ་སྔོན་ལ་འཛིན་རྒྱུ་མཐའ་འཁྱོངས་བྱེད་དགོས་ཤིང་། ཆེས་རྒྱ་ཆེའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་མངོན་འགྱུར་ཡག་པོ་དང་། སྲུང་སྐྱོབ་ཡག་པོ། འཕེལ་རྒྱས་ཡག་པོ་བཅས་ཡོང་བ་བྱ་རྒྱུ་དེ་ཐོག་མཐའ་བར་གསུམ་དུ་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩིས་ནས་ཞབས་ཞུའི་ཁྲོད་དོ་དམ་བྱས་ཏེ་ཁྲིམས་ལྟར་དོ་དམ་དང་། ཚན་རིག་དང་མཐུན་པའི་དོ་དམ། མི་གཤིས་ཅན་གྱི་དོ་དམ་བཅས་བྱེད་ཐུབ་པ་བྱས་ནས་སྤྱི་ཚོགས་འཚོ་བའི་ཁྲོད་མི་དམངས་མང་ཚོགས་ཚོས་ཁེ་ཕན་འགན་ལེན་བྱུང་བ་དང་། སྒྲིག་ལམ་བདེ་འཇགས་དང་གོ་རིམ་ལྡན་པ། སེམས་དེ་བས་ལྷོད་པ་བཅས་དངོས་འབྲེལ་ཚོར་ཐུབ་པ་བྱེད་དགོས།

    ཕྱོགས་མང་ཞུགས་པ་དང་ཐུན་མོང་ཐོག་བཅོས་སྒྲིག་བྱ་རྒྱུ་མཐའ་འཁྱོངས་བྱེད་དགོས་ཤིང་། སྲིད་གཞུང་གིས་སྤྱི་ཚོགས་དོ་དམ་ཁྲོད་གཙོ་ཁྲིད་ནུས་པ་གང་ལེགས་འདོན་པ་དང་སྣ་མང་གཙོ་གཟུགས་ཀྱི་སྤྱི་ཚོགས་དོ་དམ་གྱི་ནུས་པ་འདོན་སྤེལ་ཧུར་ཐག་བྱས་ནས་སྤྱི་ཚོགས་ཀྱི་སྟོབས་ཤུགས་སྣ་ཚོགས་སྤྱི་ཚོགས་ཞི་མཐུན་འཕེལ་རྒྱས་ལ་སྐུལ་མ་གཏོང་བ་དང་སྤྱི་ཚོགས་བདེ་འཇགས་དང་གོ་རིམ་ལྡན་པ་ཡོང་བ་བྱེད་པའི་མཉམ་ཤུགས་ལ་འགྱུར་བ་བྱེད་དགོས།

    སྤྱི་འདོམས་འཆར་འགོད་དང་སྒུལ་རྣམ་མཐུན་སྦྱོར་མཐའ་འཁྱོངས་བྱེད་དགོས་ཤིང་། ཕྱོགས་ཚང་མ་དང་། རིམ་པ་ཁག དུས་མཚམས་ཁག་བཅས་ཀྱི་ཁེ་ཕན་རེ་ཞུ་དང་སྤྱི་ཚོགས་ཀྱི་འགལ་བ་ཡང་དག་མཚོན་པ་དང་མཐུན་སྦྱོར་བྱས་ཏེ་སྤྱི་ཚོགས་ཀྱི་སྒུལ་རྣམ་དོ་སྙོམས་ཡོང་རྒྱུར་སྐུལ་མ་གཏོང་བ་དང་སྤྱི་ཚོགས་ཡུན་རིང་བདེ་འཁོད་ཡོང་བ་བྱེད་དགོས།

    སྒྲིག་ལམ་ལྡན་ལ་གསོན་ཤུགས་ཀྱང་ལྡན་པ་བྱེད་དགོས་ཤིང་། སྤྱི་ཚོགས་ཀྱི་སྒྲིག་ལམ་སྲུང་བ་དང་སྤྱི་ཚོགས་ཀྱི་གསོན་ཤུགས་འཕེལ་བ་བྱ་རྒྱུ་ཟུང་འབྲེལ་ནུས་ལྡན་བྱས་ཏེ་སྤྱི་ཚོགས་འཁོར་སྐྱོད་ཀྱི་མ་གནས་དམའ་རུ་དང་སྤྱི་ཚོགས་འཁོར་སྐྱོད་ཀྱི་ཕན་འབྲས་མཐོ་རུ་བཏང་ནས་མཐུན་རྐྱེན་མཐའ་དག་སྐོང་འཐེན་གང་ལེགས་ཀྱིས་སྤྱི་ཚོགས་ཡར་ཐོན་དང་ཕྱོགས་ཡོངས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་མ་གཏོང་དགོས།

    དོན་དངོས་ལ་གཞི་ཚུགས་པ་དང་སྒྱུར་བཅོས་གསར་གཏོད་བྱེད་དགོས་ཤིང་། དོན་དངོས་ནས་འགོ་བཙུགས་ཏེ་ས་གནས་དེ་གའི་སྤྱི་ཚོགས་སྟོབས་ཤུགས་ཐོན་ཁུངས་ཀྱི་མཐུན་རྐྱེན་འདོན་སྤེལ་གང་ལེགས་བྱེད་དགོས་པ་མ་ཟད། ས་གནས་གཞན་གྱི་སྔོན་ཐོན་ཉམས་མྱོང་དང་བྱེད་ཐབས་དཔྱད་གཞིར་འཛིན་ནས་འགྱུར་ལྡོག་གཏོང་ཐུབ་པ་དང་གསར་གཏོད་བྱེད་ཕོད་པ་བྱས་ཏེ་སྒྱུར་བཅོས་དེ་སྤྱི་ཚོགས་ཧྲིལ་པོའི་དོ་དམ་གྱི་བརྒྱུད་རིམ་ཁྲོད་ཁྱབ་པ་བྱས་ཐོག་ཞི་མཐུན་སྤྱི་ཚོགས་བསྐྲུན་རྒྱུར་སྒུལ་ཤུགས་ཆེན་པོ་སྣོན་དགོས་པ་བཅས་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།