དབུ་ཤོག>གསར་འགྱུར།
  • བྱ་ཐབས་སྣ་ཚོགས་སྤྱད་ནས་གྲོང་ཚོར་བཅའ་སྡོད་ལས་དོན་ཡག་པོ་བསྒྲུབས་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  ​ ཝང་ལིས།   |     སྤེལ་དུས།  2015-05-22

    གྲོང་ཚོར་བཅའ་སྡོད་ལས་དོན་ནི་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་གྲོང་ཚོའི་ལས་དོན་ཡག་པོ་བསྒྲུབས་པའི་བྱ་ཐབས་གལ་ཆེན་ཞིག་ཡིན་ལ། ཏང་གིས་མང་ཚོགས་དང་འབྲེལ་བ་དམ་ཟབ་བྱེད་པའི་གཞི་རྟེན་གལ་ཆེན་ཡང་ཡིན་པས་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ནི་སྲིད་གཞུང་དང་མང་ཚོགས་དབར་གྱི་སྦྲེལ་ཟམ་ལྟ་བུ་ཡིན། དེས་ན་གྲོང་ཚོར་བཅའ་སྡོད་ལས་དོན་ཡག་པོ་བསྒྲུབ་རྒྱུ་དེ་ལས་ཁུངས་ཁག་གི་ལས་ཀ་གལ་ཆེན་ནང་གི་འགངས་ཆེན་ཞིག་ཡིན་པས་གྲོང་ཚོར་བཅའ་སྡོད་ལས་ཀ་ཇི་ལྟར་བྱས་ནས་ཡག་པོ་བསྒྲུབས་དགོས་སམ་ཞེ་ན།  སྨྱུག་འཛིན་པས་ངོས་འཛིན་བྱས་དོན། གྲོང་ཚོར་བཅའ་སྡོད་ལས་དོན་ཡག་པོ་བསྒྲུབས་པར་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་བཞུགས་མོལ་ཚོགས་འདུ་འཚོགས་པ་དང་། གཞི་རིམ་ཏང་ཡོན་མང་ཚོགས་ལ་འཚམས་འདྲི་བྱེད་པ། ས་ཆ་དངོས་ལ་རྟོག་ཞིབ་བྱེད་པ་སོགས་ཀྱི་ཐོག་ནས་བཅའ་སྡོད་གྲོང་ཚོའི་འཕེལ་རྒྱས་དང་། བརྟན་ལྷིང་། དམངས་འཚོ། ཏང་འཛུགས་སྐྱོང་སོགས་ཐད་ལྷག་པའི་དཀའ་ངལ་དང་གནད་དོན་ལ་བརྟག་ཞིབ་ནན་ཏན་བྱས་ཁར་ཁྱོན་ཡོངས་ནས་མི་འབོར་དང་། ས་ཞིང་། ཕྱུགས་ཟོག སློབ་གྲྭ་སོགས་ཀྱི་གནས་བབ་རྒྱུས་ལོན་ཐོག་མང་ཚོགས་ཀྱིས་བསམ་བློ་གང་ལ་གཏོང་བ་དང་། འདུན་པ་གང་བཅངས་པ། སེམས་ཁྲལ་གང་ལ་བྱས་ཚུལ་ཤེས་རྟོགས་ཟབ་མོ་དང་བཅའ་སྡོད་གྲོང་ཚོའི་གཞི་རྩའི་གནས་ཚུལ་སྒོ་ཀུན་ནས་ཁོང་དུ་ཆུད་པའི་ཐོག་ནས་བཅའ་སྡོད་གྲོང་ཚོའི་ལས་དོན་གཏིང་ཟབ་སྤེལ་རྒྱུར་རྨང་གཞི་ཡག་པོ་བཏིང་དགོས་པ་དང་། གྲོང་ཚོར་བཅའ་སྡོད་ལས་དོན་ཡག་པོ་བསྒྲུབས་པར་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ཁག་གིས་ཡུལ་མིའི་ཐོན་སྐྱེད་ངལ་རྩོལ་ནང་ཧུར་ཐག་ཞུགས་ཏེ་ཡུལ་མི་དང་སྙིང་གཏམ་ཤོད་རེས་ཐོག་ནས་དེ་གའི་ཁྱིམ་མཚེས་དབར་གྱི་འཁྲུག་རྩོད་དང་ཁྲིམས་ལ་གཏུག་པ་སོགས་ཀྱི་སྤྱི་ཚོགས་ཀྱི་འགལ་བ་དང་ཡུལ་མིའི་གླེང་ཆེ་བའི་གནད་དོན་ཤེས་རྟོགས་ཐུབ་རྗེས་བཀག་འགོག་བྱེད་དགོས་པ་མ་ཟད། དུས་ཐོག་ཏུ་གོང་རིམ་ལ་འབྲེལ་ཡོད་གནས་ཚུལ་སྙན་སེང་ཞུ་བ་དང་མང་ཚོགས་ལ་དྲིལ་བསྒྲགས་དང་བསམ་བློའི་དཀའ་གནད་སེལ་བའི་ལས་ཀ་ཞིབ་ཚགས་ངང་བསྒྲུབས་ཏེ་མང་ཚོགས་ཀྱིས་ཚུལ་ལྡན་སྟངས་འཛིན་དང་ཁྲིམས་མཐུན་ཐོག་ནས་ཁེ་ཕན་འདོན་རྒྱུར་ཁྲིད་སྟོན་དང་འགལ་བ་དང་རྩོད་གཞི་སེལ་བ་དང་མང་ཚོགས་ཀྱི་དངོས་ཡོད་དཀའ་ངལ་ཐག་གཅོད་བྱེད་པའི་ཐོག་ནས་མི་མཐུན་རྐྱེན་ངན་མཐའ་དག་སེལ་གང་ཐུབ་ཀྱིས་གནད་དོན་ཅི་ཐོན་པ་གཞི་རིམ་དུ་ཐག་གཅོད་བྱས་ནས་ཁྱིམ་ཚང་དང་མི་ཚང་མ་འཆམ་མཐུན་ཡོང་བར་བྱེད་དགོས།

    གྲོང་ཚོར་བཅའ་སྡོད་ལས་དོན་ཡག་པོ་བསྒྲུབས་པར་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ཁག་གིས་དཔེ་མཚོན་དྲིལ་བསྒྲགས་བྱ་ཤུགས་ཆེ་རུ་གཏོང་དགོས། གསར་འགྱུར་སྨྱན་སྦྱོར་ལ་བརྟེན་ནས་རྨང་བརྟན་དམངས་ཕན་གྱི་ལས་དོན་དྲིལ་བསྒྲགས་རྒྱ་ཁྱབ་བྱས་ཏེ། དམངས་ཕྱུག་དམངས་ཕན་གྱི་ཏང་གི་སྲིད་ཇུས་ཞིང་འབྲོག་ཁུལ་གྱི་ཁྱིམ་ཚང་ཚང་མས་ཤེས་པ་དང་མི་སེམས་ལ་ཟུག་པར་བྱེད་པ་དང་། དཔེ་མཚོན་དྲིལ་བསྒྲགས་བྱ་རྒྱུར་དོ་སྣང་དང་ཤུགས་སྣོན་བརྒྱབ་སྟེ་དཔེ་མཚོན་འདོན་པ་དང་། གསོ་སྐྱོང་། དྲིལ་བསྒྲགས་བྱེད་པའི་ཐོག་ནས་གྲོང་ཚོར་བཅའ་སྡོད་སྔོན་ཐོན་ལས་དོན་རུ་མི་དང་དཔེ་མཚོན་གྲོང་ཚོ་གཏོད་དེ་མིག་དཔེ་གཞན་སྟོན་ཐོག་ནས་གཞན་ལ་ལྕག་སྐུལ་གཏོང་བ་དང་ཉེ་འདབས་གྲོང་ཚོ་འཕེལ་རྒྱས་ཡོང་བར་སྣེ་ཁྲིད་དགོས།

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།