ཉེ་བའི་ལོ་ཤས་རིང་། ཉིང་ཁྲི་རྫོང་གིས།“རྨང་གཞི་བརྟན་དུ་གཏོང་བ་དང་། དམངས་འཚོར་ཕན་འདོགས་པ། ཐོན་ལས་དམ་འཛིན། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། བརྟན་ལྷིང་འགན་ལེན”བཅས་ཀྱི་ལས་ཀའི་བྱེད་ཕྱོཌ་ལ་དམིཌ་ནས་མི་རྩ་བར་འཛིན་པ་དང་། དམངས་འཚོ་གཙོ་བོར་འཛིན་པ། སྔོན་ལ་དམངས་ཕྱུག་པོར་གྱུར་པ་བཅས་ཀྱི་འདུ་ཤེས་མཐའ་འཁྱོངས་ཀྱིས་དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་རྒྱུ་དེ་ལས་ཀའི་དམིགས་ཚད་གལ་ཆེན་ཞིག་ཏུ་བརྩིས་ཡོད། རྫོང་ཡོངས་ཀྱི་ཐག་རིང་ལུང་ཁུག་གྲོང་ཚོའི་སྨན་བཅོས་འཕྲོད་བསྟེན་ཆ་རྐྱེན་ཡོངས་ཁྱབ་ངང་ཞན་ཙམ་ཡོད་པ་དང་། མང་ཚོགས་སྨན་པ་བསྟེན་དཀའ་བ། སྨན་རིན་མཐོ་བ་བཅས་ཀྱི་དོན་དངོས་ལ་དམིགས་ནས་རྫོང་ཡོངས་ཀྱི་གྲོང་རྡལ་4དང་ཤང་3ལ་གྲོང་ཚོ་རིམ་པའི་འཕྲོད་བསྟེན་སྨན་བཅོས་ས་ཚིགས་25བསྐྲུན་པ་དང་། རྣམ་གྲངས་འཛུགས་སྐྲུན་ལ་མ་དངུལ་སྒོར་ཁྲི་700བཏང་བ་དེའི་ནང་བོད་སྐྱོར་མ་དངུལ་སྒོར་ཁྲི་625དང་རྫོང་ནོར་སྲིད་ཀྱི་ལྷན་སྦྱར་མ་དངུལ་སྒོར་ཁྲི་75ཡོད། ན་ནིང་ལོ་མཇུག་བར་གསར་དུ་བསྐྲུན་པའི་གྲོང་ཚོ་རིམ་པའི་འཕྲོད་བསྟེན་སྨན་བཅོས་ས་ཚིགས་25ཚང་མ་བེད་སྤྱོད་གཏོང་འགོ་ཚུགས་ཤིང་། འདི་ནི་ཉིང་ཁྲི་རྫོང་བུ་ཆུ་ཤང་འབྲུག་མཆོད་རྟེན་གྲོང་ཚོའི་གྲོང་མིས་གྲོང་ཚོ་རིམ་པའི་འཕྲོད་བསྟེན་སྨན་བཅོས་ས་ཚིགས་སུ་ཁྲག་ཤེད་ལྟ་བཞིན་ཡོད་པ།