དབུ་ཤོག>གསར་འགྱུར།
  • འཛམ་གླིང་འཕྲོད་བསྟེན་ཚོགས་ཆེན་གྱིས་ཨའེ་པོ་ལའི་བསླབ་བྱར་དོ་ཁུར་ཆེན་པོ་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-20

    173763_yis_1432013929779.jpg

    ཚེས་18ཉིན་སྐབས་རེ་བརྒྱད་པའི་འཛམ་གླིང་འཕྲོད་བསྟེན་ཚོགས་ཆེན་རི་ནེ་ཝའི་དབན་གོ་ཕོ་བྲང་དུ་འགོ་ཚུགས་ཤིང་། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་ཁོངས་མི་194ཡི་སྐུ་ཚབ་3000ལྷག་ཙམ་གྱིས་ཨ་ཧྥེ་རི་ཁ་ནུབ་རྒྱུད་ཀྱི་ཨའེ་པོ་ལ་རིམས་ནད་བྱུང་ཚུལ་དང་2015ལོའི་རྗེས་ཀྱི་རྒྱུན་མཐུད་འཕེལ་རྒྱས་དམིགས་ཚད་སོགས་གྲོས་གཞི་གཙོ་བོར་གྲོས་བསྡུར་བྱ་རྒྱུ་རེད། སྔོན་དཔག་བྱས་ན་ཚོགས་ཆེན་ཐོག་ད་དུང་འཛམ་གླིང་ཡོངས་ཀྱི་སྤྱི་པའི་འཕྲོད་བསྟེན་དང་འབྲེལ་བ་ཡོད་པའི་གྲོས་ཆོད་མང་པོ་ཞིག་ལ་གྲོས་འཆམ་ཡང་བྱ་རྒྱུ་རེད། འདི་ནི་ཟླ་5ཚེས་18ཉིན་རི་ནེ་ཝའི་དབན་གོ་ཕོ་བྲང་ནས་པར་བླངས་པའི་སྐབས་རེ་བརྒྱད་པའི་འཛམ་གླིང་འཕྲོད་བསྟེན་ཚོགས་ཆེན་འཚོག་ཡུལ་ཡིན་པ།

    ཤིན་ཧྭ་གསར་འགྱུར་ཁང་རི་ནེ་ཝ་ནས་ཟླ་5ཚེས་18ཉིན་གློག་འཕྲིན་འབྱོར་པ་གཞིར་བཟུང་། ཚེས་18ཉིན་སྐབས་རེ་བརྒྱད་པའི་འཛམ་གླིང་འཕྲོད་བསྟེན་ཚོགས་ཆེན་རི་ནེ་ཝའི་དབན་གོ་ཕོ་བྲང་དུ་འགོ་ཚུགས་ཤིང་། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་ཁོངས་མི་194ཡི་སྐུ་ཚབ་3000ལྷག་ཙམ་གྱིས་ཨ་ཧྥེ་རི་ཁ་ནུབ་རྒྱུད་ཀྱི་ཨའེ་པོ་ལ་རིམས་ནད་བྱུང་ཚུལ་དང་2015ལོའི་རྗེས་ཀྱི་རྒྱུན་མཐུད་འཕེལ་རྒྱས་དམིགས་ཚད་སོགས་གྲོས་གཞི་གཙོ་བོར་གྲོས་བསྡུར་བྱ་རྒྱུ་རེད། སྔོན་དཔག་བྱས་ན་ཚོགས་ཆེན་ཐོག་ད་དུང་འཛམ་གླིང་ཡོངས་ཀྱི་སྤྱི་པའི་འཕྲོད་བསྟེན་དང་འབྲེལ་བ་ཡོད་པའི་གྲོས་ཆོད་མང་པོ་ཞིག་ལ་གྲོས་འཆམ་ཡང་བྱ་རྒྱུ་རེད།

    ན་ནིང་ཨའེ་པོ་ལ་རིམས་ནད་བྱུང་ནས་ཨ་ཧྥེ་རི་ཁ་ནུབ་རྒྱུད་དང་དེ་བཞིན་འཛམ་གླིང་ཡོངས་ཀྱི་སྨན་བཅོས་འཕྲོད་བསྟེན་མ་ལག་ལ་འགྲན་སློང་དྲག་པོ་འཕྲད་ཡོད། དེས་ན་སྐབས་དེའི་ཚོགས་ཆེན་གྱི་སྤྱིར་བཏང་རྩོད་གླེང་གི་བརྗོད་དོན་གཙོ་བོ་དེ“བབ་བསྟུན་ནུས་པ་ལྡན་པའི་འཕྲོད་བསྟེན་མ་ལག་འཛུགས་སྐྲུན་བྱེད་དགོས”ཞེས་པར་གཏན་འཁེལ་བྱས་ཡོད་པ་རེད།     

    མཉམ་འབྲེལ་རྒྱལ་ཚོགས་རི་ནེ་ཝ་དོན་གཅོད་ཁང་གི་སྤྱི་ཁྱབ་ལས་ཚབ་མུ་ལེ་ཡིས་ཚོགས་ཆེན་ཐོག་འགོ་ཚུགས་ཤིས་ཚིག་གསུང་སྐབས་འཛམ་གླིང་ཅན་གྱི་རྒྱབ་ལྗོངས་ཁྲོད་ཀྱི་ཐོལ་བྱུང་སྤྱི་པའི་འཕྲོད་བསྟེན་དོན་རྐྱེན་ལ་དམིགས་ཏེ་རྒྱལ་ཁབ་ཁག་དང་ལྷག་པར་དུ་སྟོབས་ཆུང་རྒྱལ་ཁབ་ལ་ཤུགས་ནུས་དང་འཕྲོད་ནུས་ལྡན་པའི་འཕྲོད་བསྟེན་མ་ལག་འཛུགས་རོགས་བྱ་རྒྱུ་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གལ་འགངས་ཤིན་ཏུ་ཆེ་བའི་གྲོས་རིམ་ཞིག་ཡིན་ཞེས་གསུངས་པ་རེད།

    ཆེད་མངགས་གདན་འདྲེན་ཞུས་པའི་སྐུ་མགྲོན་འཇར་མན་གྱི་ཙུང་ལི་མོ་ཁེའར་གྱིས་ཚོགས་ཆེན་ཐོག་དམིགས་བསལ་གཏམ་བཤད་གནང་སྐབས་ཨའེ་པོ་ལ་ནད་དུག་ལས་བྱུང་བའི་བློ་ཕམ་ཡིད་གདུང་ཆེ་བའི་བསླབ་བྱ་དེས་རྒྱལ་ཁབ་ཁག་ལ་འཛམ་གླིང་ཡོངས་ཀྱི་སྤྱི་པའི་འཕྲོད་བསྟེན་ལ་འཇིགས་སྣང་ཆེན་པོ་བཟོས་པ་བསྟན་ཡོད་ཅེས་གསུངས་ཤིང་། ཁོང་གིས་འཛམ་གླིང་རྒྱལ་ཁབ་ཁག་ལ་རྡོག་རྩ་གཅིག་སྒྲིལ་གྱིས་འཛམ་གླིང་ཡོངས་ཀྱི་སྨན་བཅོས་འཕྲོད་བསྟེན་སྐོར་གྱི་ཚད་གཞི་དང་ཁྲིམས་སྲོལ་ལ་ཐུན་མོང་ཐོག་བརྩི་སྲུང་ཞུ་དགོས་པ་དང་འཛམ་གླིང་ཡོངས་ཀྱི་འཕྲལ་སྡོམ་ལམ་སྲོལ་བཙུགས་ནས་འཛམ་གླིང་ཡོངས་ཀྱི་སྤྱི་པའི་འཕྲོད་བསྟེན་ཉམས་ཉེན་ལ་སྔར་ལས་མགྱོགས་པ་དང་སྔར་ལས་ལེགས་པའི་སྒོ་ནས་ཁ་གཏད་གཅོག་དགོས་པའི་འབོད་སྐུལ་གནང་བ་རེད།

    རྒྱ་གར་གྱི་འཕྲོད་བསྟེན་དང་ཁྱིམ་ཚང་ཕན་བདེ་པུའི་པུའུ་ཀྲང་ཅ་ཅ་ཐེ་·ཕུའུ་ལ་ཁ་ཧྲེང་·ན་ཐ་སྐབས་དེའི་འཛམ་གླིང་འཕྲོད་བསྟེན་ཚོགས་ཆེན་གྱི་ཀྲུའུ་ཞིར་བདམས་ཐོན་བྱུང་བ་རེད། ཀྲུང་གོའི་སྐུ་ཚབ་ཚོགས་པའི་སྣེ་འཁྲིད་དེ་ཚོགས་འདུར་ཞུགས་མཁན་རྒྱལ་ཁབ་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ལི་པིན་ཀྲུའུ་ཞི་གཞོན་པ་ལྔའི་གྲས་ཤིག་ལ་བདམས་ཐོན་བྱུང་བ་རེད།

    འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་དྲུང་ཆེ་ཁྲུའུ་ཡིས་མཁོ་འདོན་བྱས་པའི་ཚོགས་འདུའི་གྲོས་རིམ་ལ་གཞིགས་ན། སྐབས་དེའི་ཚོགས་ཆེན་ཚེས་26ཉིན་བར་འཚོག་རྒྱུ་དང་གྲོས་བསྡུར་བྱེད་རྒྱུའི་ནང་དོན་གྱི་གྲས་སུ་ཨའེ་པོ་ལ་རིམས་ནད་བྱུང་ཚུལ་ལ་ཚོད་སྐོར་དང་ཕྱིར་ལྟ་དང་། 2015ལོའི་རྗེས་ཀྱི་རྒྱུན་མཐུད་འཕེལ་རྒྱས་དམིགས་ཚད་ཁྲོད་ཀྱི་འཕྲོད་བསྟེན་བདེ་ཐང་དམིགས་ཚད། གནམ་གཤིས་དང་བདེ་ཐང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགོ་ནད་མིན་པའི་ནད་གཞིའི་སྐོར་གྱི་རིམ་པ་མཐོ་བའི་ཚོགས་འདུའི་གྲ་སྒྲིག སྐྲན་ནད་སྔོན་འགོག་ཚོད་འཛིན་སོགས་ལག་རྩལ་གྲོས་གཞི་25ཚུད་པ་དང་། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་2016ལོ་དང་2017ལོའི་ལས་དོན་སྔོན་རྩིས་ལ་འཐུས་མཆན་འགོད་རྒྱུ་དང་འཛམ་གླིང་འཕྲོད་བསྟེན་སྒྱུར་བཅོས་སོགས་སྲིད་འཛིན་དོ་དམ་གྲོས་གཞི་28དང་འབྲེལ་བ་ཡོད་པ། སྔོན་དཔག་བྱས་ན་དུག་འགོག་རྒྱུ་རྫས་ཀྱི་སྨན་དྲེད་རང་བཞིན་སྐོར་གྱི་འཛམ་གླིང་ཡོངས་ཀྱི་བྱ་སྤྱོད་འཆར་གཞི་དང་མཁའ་རླུང་སྦགས་བཙོག་སྔོན་འགོག་ཚོད་འཛིན་སོགས་ཀྱི་གྲོས་ཆོད་དམ་གཏན་འབེབས་17ལ་གྲོས་འཆམ་བྱ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།