དབུ་ཤོག>གསར་འགྱུར།
  • ཁེ་ལས་ཀྱི་ཞབས་ཞུ་ལེགས་སུ་བཏང་ནས་དཔལ་འབྱོར་འཕེལ་རྒྱས་ལ་འདེགས་སྐྱོར་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-05-19

    གཞིས་རྩེ་གྲོང་ཁྱེར་རྒྱལ་ཁྲལ་ཅུས་ཀྱི་ཁྲལ་གཉེར་ཚོམས་ཆེན་དུ་ལས་སྒོ་གཉེར་བར་ཡོང་མཁན་ཧྥུ་མའོ་བོད་རྒྱ་མཛེས་བཟོ་ཀུང་སིའི་སྦྱིན་བདག་ཙུང་ཀྲི་ཅུན་གྱིས་གསར་འགོད་པར་ཁྲལ་ཆག་ཡང་དང་རྩ་ཆག་གཏོང་བའི་ལས་སྒོ་གཉེར་རྗེས་ཁོང་གི་ཀུང་སིར་ལོ་གཅིག་ལ་གནས་ཐང་འཕར་ཁྲལ་གྱི་གཟིགས་སྐྱོང་སྒོར་4233ལོངས་སྤྱོད་ཐུབ་པ་བྱུང་ནས་ཀུང་སིའི་གཉེར་སྐྱོང་གི་མ་གནས་དམའ་རུ་ཕྱིན་པ་མ་ཟད། གཟིགས་སྐྱོང་བྱུང་བའི་མ་རྩ་ཚང་མ་ལས་སྒོ་རྒྱ་ཆེར་གཏོང་བའི་ཐད་སྤྱོད་ཆོག་ཅེས་ངོ་སྤྲོད་བྱས།

    ཤེས་རྟོགས་བྱུང་བར་གཞིགས་ན། འདི་ལོའི་དུས་ཚིགས་དང་པོར་རང་ལྗོངས་ཀྱི་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ཀྱི་གནས་ཐང་འཕར་ཁྲལ་གྱི་གཟིགས་སྐྱོང་སྲིད་ཇུས་ལོངས་སྤྱོད་བྱེད་མཁན་རིམ་རྩིས་བྱས་ན་ཚོང་དུད་142002ཟིན་པ་དང་ཁྲལ་ཆག་ཡང་དང་རྩ་ཆག་སྒོར་ཁྲི་3474བཏང་བ་དེས་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ཀྱི་འཕེལ་རྒྱས་ལ་ཁེ་བཟང་འཕར་མ་བྱུང་ཡོད་པ་རེད།

    ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ཀྱི་གནས་ཐང་འཕར་ཁྲལ་གྱི་གཟིགས་སྐྱོང་སྲིད་ཇུས་བཏོན་ཚུན་རང་ལྗོངས་ཀྱིས་གཟིགས་སྐྱོང་སྲིད་ཇུས་ཀྱི་དོན་འཁྱོལ་ལ་འགན་ལེན་བྱ་ཆེད་ཁྲལ་འཇལ་ཞབས་ཞུ་ཟམ་མི་ཆད་པར་ལེགས་སུ་བཏང་བ་དང་ལག་བསྟར་བྱེད་ཤུགས་ཆེ་རུ་བཏང་བས་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ཀྱི་ཁྲལ་བསྡུའི་གཟིགས་སྐྱོང་སྲིད་ཇུས་ཀྱིས་བརྟན་པོའི་ངང་འཕར་བ་དང་། ལས་ཞུགས་ལ་སྐུལ་འདེད། ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་རྒྱབ་སྐྱོར་བཅས་ཀྱི་ཐད་དགེ་མཚན་ལྡན་པའི་ནུས་པ་ཐོན་པ་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་ཐུབ་ཡོད།

    གསར་འགོད་པས་ལྗོངས་རྒྱལ་ཁྲལ་ཅུས་ནས་ཤེས་རྟོགས་བྱས་པར། ཁྲལ་འཇལ་མཁན་གྱི་ཁྲལ་ཆག་ཡང་དང་རྩ་ཆག་གཏོང་བའི་ལས་སྒོ་གཉེར་བའི་དུས་ཚོད་ཐུང་དུ་གཏོང་བ་དང་ཁྲལ་བསྡུའི་གཟིགས་སྐྱོང་སྲིད་ཇུས་དོན་ཐོག་ཏུ་འཁྱོལ་ཆེད་རང་ལྗོངས་ཀྱིས་ཁྲལ་ཆག་ཡང་དང་རྩ་ཆག་གཏོང་བའི་ཁྲལ་གཉེར་གྱི་ལས་རིམ་སྟབས་བདེ་རུ་བཏང་བ་དང་སྲིད་ཇུས་ཀྱི་གཏན་འབེབས་ལྟར་དུས་ཐོག་ཏུ་བོད་ཀྱི་ཕྱོགས་བསྡུས་བསྡུ་ལེན་དོ་དམ་གྱི་མ་ལག་ལ་སྲུང་སྐྱོང་བྱས་པས་ཆ་རྐྱེན་དང་འཚམ་པའི་གནས་ཐང་འཕར་ཁྲལ་གྱི་གཞི་ཁྱོན་ཆུང་བའི་ཁྲལ་འཇལ་མཁན་གྱིས་གནས་ཐང་འཕར་ཁྲལ་གྱི་ཁྲལ་བསྡུའི་ཡིག་ཐོག་སྙན་ཞུ་སྒྲུབ་གཉེར་བྱས་པ་དང་ཆབས་ཅིག་གཟིགས་སྐྱོང་སྲིད་ཇུས་ལོངས་སྤྱོད་ཐུབ་ཀྱི་ཡོད་པ་དང་བསྐྱར་དུ་རེ་ཞུ་བྱེད་དགོས་ཀྱི་མེད། དེ་དང་དུས་མཚུངས་རིམ་ཁག་རྒྱལ་ཁྲལ་སྡེ་ཚན་གྱིས་རྒྱ་བོད་སྐད་གཉིས་ཀྱི་ཐོག་ནས་ཞབས་ཞུ་མཁོ་འདོན་བྱས་ནས་གྲངས་ཉུང་མི་རིགས་ཀྱི་ཁྲལ་འཇལ་མཁན་ལ་སྟབས་བདེ་ཧུར་ཐག་བསྐྲུན་ཡོད་པ་རེད།

    ལྗོངས་རྒྱལ་ཁྲལ་ཅུས་ཀྱིས་ད་དུང་བྱེད་ཐབས་གསར་གཏོད་དང་སྣ་མང་ཕུན་སུམ་ཚོགས་པའི་བྱེད་སྒོ་སྤེལ་ནས་གཟིགས་སྐྱོང་སྲིད་ཇུས་དྲིལ་བསྒྲགས་གཏིང་ཟབ་བྱས་ཤིང་། དྲ་རྒྱ་སྤྱད་དེ་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ཀྱི་གནས་ཐང་འཕར་ཁྲལ་གྱི་གཟིགས་སྐྱོང་སྲིད་ཇུས་དྲིལ་བསྒྲགས་བྱས་པ་དང་དྲ་གྲོགས་ཀྱིས་བཏོན་པའི་དྲི་བར་དུས་ཐོག་ཏུ་ལན་བརྒྱབ་པ་དང་། ཆེད་མི་བཀོད་སྒྲིག་བྱས་ནས་ཁྲལ་དོན་བློ་འདྲི་དང་ལེན་བྱེད་པའི་འགན་འཁྲི་ཁུར་དུ་བཅུག་པ་དང་ཁ་པར་ཐོག་ནས་དོགས་གནད་སེལ་བ་དང་། རིགས་གཅིག་མཁས་པས་དོགས་གནད་སེལ་བའི་12366ཐད་སྦྲེལ་ཁ་པར་གྱི་ལས་སྒོར་ཞུགས་པ། ཁྲལ་དོན་ལས་ཁུངས་སུ་ཡོང་ནས་བློ་འདྲི་བྱེད་མཁན་ཁྲལ་འཇལ་མཁན་ལ་སྣེ་ལེན་ཞུ་བ་སོགས་ཀྱི་བྱེད་ཐབས་སྤྱད་དེ་ཚད་གཞི་མཐོ་ཤོས་ཀྱི་ཐོག་ནས་ཁྲལ་འཇལ་མཁན་གྱི་དགོས་མཁོ་བསྐངས་བ། ལྗོངས་ནང་ཁུལ་གྱི་གཙོ་རྒྱུན་ཚགས་པར་དུས་དེབ་དང་སྨྱན་སྦྱོར་ཐོག་ཆེད་སྒྲིག་པར་ངོས་བཀོད་སྒྲིག་བྱས་ནས་གཟིགས་སྐྱོང་སྲིད་ཇུས་དྲིལ་བསྒྲགས་དང་། 《ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ཀྱི་དངོས་ཟོག་དང་ངལ་ནུས་དཔྱ་ཁྲལ་གྱི་ཁྲལ་བསྡུའི་གཟིགས་སྐྱོང་སྲིད་ཇུས་དྲིལ་བསྒྲགས་ལག་དེབ》 3000རྩོམ་འབྲི་བྱས་ཏེ་སྤྲད་པ། དྲིལ་བསྒྲགས་དཔྱད་གཞིའི་ཡིག་རིགས་ཀྱི་གློག་རྡུལ་པར་གཞི་ཁྲལ་དོན་གཙོ་གཉེར་ལས་ཁུངས་ལ་ཁྲལ་བསྡུའི་དྲིལ་བསྒྲགས་བྱེད་སྒོར་སྤྱོད་རྒྱུར་སྤྲད་ནས་ཁྲལ་འཇལ་མཁན་ཚང་མས་རྒྱལ་ཁབ་ཀྱི་སྲིད་ཇུས་ཤེས་ཐུབ་པའི་འགན་ལེན་དང་དུས་ཐོག་ཏུ་ཁྲལ་བསྡུའི་སྲིད་ཇུས་ལོངས་སྤྱོད་ཐུབ་པ་བཅས་བྱས་པ་རེད།

    དེ་དང་དུས་མཚུངས་ལྗོངས་རྒྱལ་ཁྲལ་ཅུས་ཀྱིས་ཁྲལ་དོན་གཙོ་འགན་འཁུར་མཁན་ལས་ཁུངས་ལ་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ཀྱི་གནས་ཐང་འཕར་ཁྲལ་གྱི་གཟིགས་སྐྱོང་སྲིད་ཇུས་ལོངས་སྤྱོད་བྱེད་མཁན་ཁྲལ་འཇལ་བར་རྗེས་འདེད་ཞབས་ཞུ་བྱས་ནས་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ཀྱི་དངོས་ཡོད་དཀའ་ངལ་ཐག་གཅོད་བྱེད་རོགས་བྱེད་དགོས་པ་མ་ཟད། ས་ཁུལ་ཁག་གིས་རང་བཤེར་དང་དེ་བཞིན་རང་སྐྱོང་ལྗོངས་ཅུས་ཀྱིས་འཐེན་བཤེར་སོགས་ཀྱི་བྱ་ཐབས་སྤྱད་དེ་ལྗོངས་ཡོངས་ཀྱི་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ཀྱི་གནས་ཐང་འཕར་ཁྲལ་གྱི་གཟིགས་སྐྱོང་སྲིད་ཇུས་དོན་འཁྱོལ་བྱས་ཚུལ་ལ་ཞིབ་བཤེར་བྱས་ནས་གཟིགས་སྐྱོང་སྲིད་ཇུས་ཀྱི་རྗེས་མཐུད་དོ་དམ་ལ་སྔར་བས་ཤུགས་སྣོན་རྒྱག་དགོས་པའི་བླང་བྱ་བཏོན་པ་རེད།

    ལྗོངས་རྒྱལ་ཁྲལ་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་ཁྲལ་བསྡུའི་གཟིགས་སྐྱོང་སྲིད་ཇུས་ལག་བསྟར་གྱི་ཁྱབ་ཁོངས་རིམ་བཞིན་ཆེ་རུ་ཕྱིན་པ་དང་ཆབས་ཅིག་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ཀྱི་གནས་ཐང་འཕར་ཁྲལ་ཆག་ཡང་དང་རྩ་ཆག་གཏོང་བའི་ཁྲལ་འབོར་ལོ་རེ་བཞིན་འཕར་བའི་རྣམ་པ་མངོན་ཞིང་། 2014ལོའི་ལོ་འཁོར་དུ་དཔྱ་ཁྲལ་སྒོར་ཁྲི་4266ཆག་ཡང་དང་རྩ་ཆག་བཏང་བ་དང་། 2015ལོའི་དུས་ཚིགས་དང་པོ་ཁོ་ནར་དཔྱ་ཁྲལ་སྒོར་ཁྲི་3474ཆག་ཡང་དང་རྩ་ཆག་བཏང་ཡོད། ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ཀྱི་གནས་ཐང་འཕར་ཁྲལ་ཆག་ཡང་དང་རྩ་ཆག་བཏང་བའི་ཁྲལ་འབོར་གྱིས་དུས་མཚུངས་ཀྱི་གནས་ཐང་འཕར་ཁྲལ་ཡོང་འབབ་ཀྱི་བསྡུར་གྲངས་བཟུང་ཚད་0.9%དང3.1%ཟིན་པ་དང་སྤྱི་ཡོངས་ཀྱི་ཁྲལ་བསྡུའི་ཡོང་འབབ་ལ་ཤུགས་རྐྱེན་ཆེན་པོ་དེ་ཙམ་ཐེབས་མེད་ཅེས་བཤད་པ་རེད།

    ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ཀྱི་ཁྲལ་བསྡུའི་གཟིགས་སྐྱོང་སྲིད་ཇུས་འདི་ཉིད་དམངས་འཚོ་ལེགས་སུ་གཏོང་བའི་ཐབས་ལམ་གལ་ཆེན་ཞིག་ཡིན་པའི་ངོས་ནས་རང་ལྗོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་ནུས་པ་གལ་ཆེན་ཐོན་ཡོད།

    ད་ཕན་ལོ་ཤས་རིང་མཐོ་རིམ་དང་འབྲིང་རིམ་ཆེད་ལས་སློབ་ཐོན་སློབ་མ་དང་། ལས་གནས་ལས་བབས་པའི་བཟོ་པ། ཕ་ཡུལ་དུ་ལོག་པའི་ཞིང་པ་ལས་མི་བཅས་རང་ལྗོངས་ཀྱི་རང་བརྟེན་ལས་གཏོད་ཀྱི་གཙོ་ཤུགས་དམག་ལ་གྱུར་བ་དང་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ཀྱི་སྲིད་ཇུས་ཀྱིས་རང་བརྟེན་ལས་གཏོད་ལ་ལྕག་སྐུལ་བྱེད་པ་དང་། ངལ་རྩོལ་ནུས་ཤུགས་བསྡུ་བ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པ་བཅས་ཀྱི་ལེགས་ཆ་མངོན་ཁར། སྲིད་གཞུང་གི་ཁུར་པོ་ཡང་དུ་ཕྱིན་པ་དང་ཁྱིམ་ཚང་གི་ཡོང་འབབ་འཕར་ཡོད། གྲངས་གཞིའི་ཐོག་ནས་མངོན་པར། 2012ལོ་ནས་2014ལོ་བར་བོད་ཀྱི་ང་ར་དང་ང་ལ་་་འགོད་ས་པ་་ལས་ཀ་ར་ཚད་2.6%ནས་2.5%བར་ཆག་པ་དང་། མཐོ་སློབ་སློབ་ཐོན་སློབ་མ་ལས་ཞུགས་ཐུབ་ཚད་98.36%ནས་100%བར་མཐོ་རུ་ཕྱིན་པ། ཞིང་འབྲོག་ཁུལ་གྱི་ངལ་ནུས་གཞན་སྒྱུར་དང་ལས་ཞུགས་མི་གྲངས་ཁྲི་45ནས་ཁྲི་60བར་འཕར་བ་དང་ངལ་ནུས་ཡོང་འབབ་སྒོར་དུང་ཕྱུར་18.8ནས་སྒོར་དུང་ཕྱུར་20བར་འཕར་བ་བཅས་རེད།

    འགན་འཁུར་རྩོམ་སྒྲིག་པ། 卓玛吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།