དབུ་ཤོག>གསར་འགྱུར།
  • རང་ལྗོངས་ཀྱིས་བོད་ཀྱི་ཁྱད་ལྡན་གྲོང་རྡལ་ཆུང་གྲས་ཀྱི་དཔེ་སྟོན་ཁུལ་འཛུཌ་སྐྲུན་ལས་ཀའི་ལག་བསྟར་ཇུས་གཞི་པར་འགྲེམས་བྱས་པ།

  • ཡོང་ཁུངས།  བོད་ལྗོངས་འཕྲིན་དྲ།   |     སྤེལ་དུས།  2015-05-18

    ཉིན་ཤས་གོང་།  ལྗོངས་མི་དམངས་སྲིད་གཞུང་གཞུང་ལས་ཐིང་གིས་བོད་ལྗོངས་ཀྱི་ཁྱད་ལྡན་གྲོང་རྡལ་ཆུང་གྲས་ཀྱི་དཔེ་སྟོན་ཁུལ་འཛུགས་སྐྲུན་ལས་ཀའི་ལག་བསྟར་ཇུས་གཞི་པར་འགྲེམས་བྱས་པ་དང་འཛུགས་སྐྲུན་གྱི་མཛུབ་ཁྲིད་བསམ་བློ་དང་གཞི་རྩའི་རྩ་དོན།  དམིགས་ཚད་གཙོ་བོ།  གཙོ་གནད་ལས་འགན།  ཞིབ་ཕྲའི་བླང་བྱ་བཅས་ཁ་གསལ་བཟོས་ཡོད་པ་རེད།

    ལག་བསྟར་ཇུས་གཞིའི་ནང་།  ཁྱད་ལྡན་གྲོང་རྡལ་ཆུང་གྲས་ཀྱི་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱེད་པར་མི་གཙོ་བོར་འཛིན་ནས་དམངས་འཚོར་མཐོང་ཆེན་བྱེད་པ་དང་འཆར་འགོད་སྔོན་ལ་བཟོས་ནས་ཁྱད་ཆོས་མངོན་པ་བྱེད་པ།  སྐྱེ་ཁམས་སྲུང་སྐྱོབ་བྱས་ནས་ཞི་མཐུན་གོང་འཕེལ་ཡོང་བ་བྱེད་པ།  རྣམ་གྲངས་ཀྱིས་སྐུལ་ཁྲིད་བྱས་ཏེ་བྱེད་ནུས་འཐུས་སྒོ་ཚང་དུ་གཏོང་བ།  ཐོན་ལས་དང་གྲོང་ཁུལ་སྦྲེལ་མཐུད་ཀྱིས་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ།  དོ་དམ་ནན་དུ་བཏང་ནས་བརྟན་ལྷིང་འགན་སྲུང་བྱེད་པ་བཅས་ཀྱི་གཞི་རྩའི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ་ཁྱད་ལྡན་གྲོང་རྡལ་ཆུང་གྲས་ཀྱི་གྲོང་མིའི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་བཅོས་མངོན་གསལ་དོད་པོ་ཡོང་བ་བྱེད་པ་དང་།  རང་ངོས་གོང་འཕེལ་གྱི་ནུས་པ་མངོན་གསལ་དོད་པོས་ཆེ་རུ་གཏོང་བ།  ཕྱོགས་བསྡུས་ཐེག་ནུས་ཆེ་རུ་དང་སྤྱི་པའི་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བ།  འབྱུང་འཕྲོད་འཛུགས་སྐྲུན་ཕན་འབྲས་མངོན་གསལ་དོད་པོས་ཆེ་རུ་གཏོང་བ།  གྲོང་ཁུལ་གྱི་དོ་དམ་ཆུ་ཚད་མཐོ་རུ་མངོན་གསལ་དོད་པོས་མཐོ་རུ་གཏོང་བ་བཅས་བྱེད་པ་དང་།  རྨང་གཞིའི་སྒྲིག་བཀོད་འཐུས་སྒོ་ཚང་བ་དང་ཐོན་ལས་ཀྱི་རྨང་གཞི་བརྟན་པ།  སྐྱེ་ཁམས་ཁོར་ཡུག་ལེགས་པ།  མི་འཚོ་སྡོད་ཀྱི་ཁོར་ཡུག་ལེགས་པ།  དོ་དམ་ལམ་སྲོལ་འཐུས་སྒོ་ཚང་བ།  དཔལ་འབྱོར་དང་སྤྱི་ཚོགས་མཐུན་སྦྱོར་ངང་གོང་འཕེལ་འགྲོ་བ་བཅས་ཀྱི་ཁྱད་ལྡན་དཔེ་སྟོན་གྲོང་རྡལ་ཆུང་གྲས་ཁག་ཅིག་གཏོད་དེ།  རང་ལྗོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པར་སྐུལ་འདེད་གཏོང་ཆེད་མིག་དཔེ་བྱེད་རིན་དང་ཁྱབ་གདལ་གཏོང་རིན་ཡོད་པའི་ཉམས་མྱོང་མཁོ་འདོན་གྱིས་ཀྲུང་གོའི་ཁྱད་ཆོས་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པའི་ལམ་བུ་ཞིག་གཏོད་དགོས་པ་བཏོན་ཡོད་པ་རེད།

    ལག་བསྟར་ཇུས་གཞིའི་ནང་།  ལྷ་ས་གྲོང་ཁྱེར་གྱི་ཡངས་པ་ཅན་གྲོང་རྡལ་དང་གཞིས་རྩེ་གྲོང་ཁྱེར་གྱི་རྒྱལ་རྩེ་གྲོང་རྡལ།  ལྷོ་ཁ་ས་ཁུལ་གྱི་ལྕེ་བདེ་ཞོལ་གྲོང་རྡལ།  ཉིང་ཁྲི་ས་ཁུལ་གྱི་ཀླུ་ནང་གྲོང་རྡལ།  ཆབ་མདོ་གྲོང་ཁྱེར་གྱི་སྐམ་ཐོག་གྲོང་རྡལ།  ནག་ཆུ་ས་ཁུལ་གྱི་བྲག་སྨུག་གྲོང་རྡལ།  མངའ་རིས་ས་ཁུལ་གྱི་བར་ག་ཤང་སོགས་ཤང་གྲོང་རྡལ་20རང་ལྗོངས་ཀྱི་ཁག་དང་པོའི་ཁྱད་ལྡན་གྲོང་རྡལ་ཆུང་གྲས་ཀྱི་དཔེ་སྟོན་ཁུལ་ལ་རྩིས་ཏེ།  སྤྱི་ལོ་2015ལོ་ནས་2017ལོ་བར་ལོ་3གྱི་དུས་ཚོད་ནང་གཙོ་གནད་ཐོག་རང་སོ་སོའི་ཁྱད་ཆོས་ལྡན་པའི་གྲོང་རྡལ་ཆུང་གྲས་ཁག་ཅིག་གཏོད་རྒྱུ་གསལ་བཏོན་བྱས་ཡོད་པ་རེད།

    ལག་བསྟར་ཇུས་གཞིའི་ནང་།  ལྗོངས་ནོར་སྲིད་ནས་ལས་དོན་འགོ་ཚུགས་ཀྱི་མ་དངུལ་ཁག་ཅིག་གཏོང་རྒྱུ་དང་ཆབས་ཅིག་སྤྱི་ཚོགས་ཀྱི་མ་དངུལ་དང་དམངས་ཁྲོད་ཀྱི་མ་རྩ་རྒྱ་ཁྱབ་ཐོག་བསྡུ་ལེན་བྱེད་པ་དང་བོད་སྐྱོར་མ་དངུལ་གྱི་ནུས་པ་གལ་ཆེན་འདོན་སྤེལ་ཧུར་ཐག་བྱས་ཏེ།  ཁྱད་ལྡན་གྲོང་རྡལ་ཆུང་གྲས་ཀྱི་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱེད་རྒྱུར་ཐུན་མོང་ཐོག་རྒྱབ་སྐྱོར་བྱེད་རྒྱུའི་བླང་བྱ་བཏོན་ཡོད་པ་རེད།།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།