དབུ་ཤོག>གསར་འགྱུར།
  • གཞིས་རྩེ་གྲོང་ཁྱེར་གྱིས་མ་དངུལ་སྒོར་ཁྲི་3220བཏང་ནས་ལས་བྱེད་པའི་ཐོབ་ཐང་ལེགས་སུ་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-05-15

    ཉེ་དུས། གསར་འགོད་པར་གཞིས་རྩེ་གྲོང་ཨུད་རྩ་འཛུགས་པུའུ་ནས་ཤེས་རྟོགས་བྱུང་བར། གྲོང་ཚོའི(གྲོང་མི)ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་གྲོང་ཚོའི(གྲོང་མི)ལས་བྱེད་པའི་ལས་དོན་སྒྲུབ་པ་དང་བྱ་གཞག་གཏོད་པའི་སྤྲོ་སེམས་འཕེལ་བ་བྱ་ཆེད། གཞིས་རྩེ་གྲོང་ཁྱེར་གྱིས་གྲོང་ཚོའི(གྲོང་མི)“ཨུ་ལྷན་གཉིས”ཚན་ཁག་གི་དཔྱད་ཞིབ་དང་ལྕག་སྐུལ་གྱི་ལམ་སྲོལ་འཚོལ་ཞིབ་ཧུར་ཐག་གིས་བཙུགས་ཏེ་ཆེད་དོན་མ་དངུལ་སྒོར་ཁྲི་3220བཏང་ནས་གྲོང་ཚོའི(གྲོང་མི)ལས་བྱེད་པའི་ཐོབ་ཐང་ལེགས་སུ་བཏང་ཡོད།

    ངོ་སྤྲོད་བྱས་པར་གཞིགས་ན། གཞིས་རྩེ་གྲོང་ཁྱེར་གྱིས་གྲོང་ཚོའི(གྲོང་མི)ཚན་ཁག་གི་ཁོངས་མིའི་དཔྱད་ཞིབ་བྱེད་སྐབས“སྔོན་ཐོན”དང་། “སྤྱིར་བཏང” “ཅུང་ཞན”བཅས་རིམ་པ་གསུམ་ལ་དབྱེ་ཡོད། “སྔོན་ཐོན”རིམ་པའི་གྲོང་ཚོར(གྲོང་མི)གཙོ་གནད་ཐོག་བྱ་དགའ་སྤྲད་པའི་ནང་གྲོང་ཁྱེར་གྱི་རིམ་པ་དང་པོས“སྔོན་ཐོན”རིམ་པར་བདམས་པའི་གྲོང་ཚོའི(གྲོང་མི)“ཨུ་ལྷན་གཉིས”ཚན་ཁག་གི་གྲོང་ཚོ(གྲོང་མི)ཚང་མར་བྱ་དགའི་དངུལ་སྒོར་30000རེ་སྤྲད་རྒྱུ་དང་རྫོང(ཆུས)རིམ་པ་དང་པོས“སྔོན་ཐོན”རིམ་པར་བདམས་པའི་གྲོང་ཚོའི(གྲོང་མི)“ཨུ་ལྷན་གཉིས”ཚན་ཁག་གི་གྲོང་ཚོ(གྲོང་མི)ཚང་མར་བྱ་དགའི་དངུལ་སྒོར་15000ལས་མི་དམའ་བ་སྤྲད་རྒྱུ་དང་། “སྤྱིར་བཏང”རིམ་པའི་གྲོང་ཚོར(གྲོང་མི)ཁ་གསབ་སྤྲད་རྒྱུ་ཡིན་ཞིང་། དེའི་ནང་གྲོང་ཁྱེར་རིམ་པ་དང་པོས་གྲོང་ཚོ(གྲོང་མི)ཚང་མར་ཁ་གསབ་སྒོར་5000གི་ཚད་གཞི་གཞིར་བཟུང་རྫོང(ཆུས)ལ་སྤྲད་པ། རྫོང(ཆུས)རིམ་པ་དང་པོས“སྤྱིར་བཏང”རིམ་པར་བདམས་པའི་གྲོང་ཚོའི(གྲོང་མི)“ཨུ་ལྷན་གཉིས”ཚན་ཁག་གི་གྲོང་ཚོ(གྲོང་མི)ཚང་མར་ཁ་གསབ་མ་དངུལ་སྒོར་10000ལས་མི་དམའ་བ་སྤྲད་རྒྱུ་ཡིན་པ་རེད།

    གོང་གི་ཐབས་ཤེས་བརྒྱུད་གྲོང་ཁྱེར་དེ་ཡོངས་ཀྱིས་ཁྱོན་ཆེད་དོན་མ་དངུལ་སྒོར་ཁྲི་3220གྲོང་ཚོའི(གྲོང་མི)“ཨུ་ལྷན་གཉིས”ཚན་ཁག་གི་དཔྱད་ཞིབ་དང་ལྕག་སྐུལ་གྱི་ཐད་སྤྱད་ཡོད། མིག་སྔར་གྲོང་ཁྱེར་དེ་ཡོངས་ཀྱི“སྔོན་ཐོན”གྲོང་ཚོའི(གྲོང་མི)ཏང་ཀྲི་པུའི་ཧྲུའུ་ཅི་དང་ཀྲུའུ་རེན་གྱི་ལོའི་ཡོང་འབབ་མཐོ་ཤོས་སྒོར་ཁྲི་3ཟིན་པ་དང“ཨུ་ལྷན་གཉིས”ཚན་ཁག་གི་ཁོངས་མི་གཞན་དག་གི་ལོའི་ཡོང་འབབ་མཐོ་ཤོས་སྒོར་ཁྲི་1ཟིན་གྱི་ཡོད། “སྤྱིར་བཏང”གྲོང་ཚོའི(གྲོང་མི)ཏང་ཀྲི་པུའི་ཧྲུའུ་ཅི་དང་ཀྲུའུ་རེན་གྱི་ལོའི་ཡོང་འབབ་མཐོ་ཤོས་སྒོར་ཁྲི་2ཟིན་པ་དང“ཨུ་ལྷན་གཉིས”ཚན་ཁག་གི་ཁོངས་མི་གཞན་དག་གི་ལོའི་ཡོང་འབབ་མཐོ་ཤོས་སྒོར་8000ཟིན་གྱི་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།