དབུ་ཤོག>གསར་འགྱུར།
  • གསར་གཏོད་ནི་གཞི་རིམ་ཏང་འཛུགས་སྐྱོང་གི་བླ་སྲོག་ལྟ་བུ་ཡིན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-05-15

    གཞི་རིམ་གྱི་ཏང་འཛུགས་སྐྱོང་གི་གསར་གཏོད་ལ་སྐུལ་སྤེལ་གཏོང་བར་ངེས་པར་དུ་འཕེལ་རྒྱས་བརྟན་ལྷིང་གི་བརྗོད་བྱ་གཙོ་བོར་དམ་པོར་དམིགས་དགོས། དུས་སྐབས་གསར་པའི་ནང་རང་ལྗོངས་ཀྱི་གཞི་རིམ་ཏང་འཛུགས་སྐྱོང་གི་ལས་དོན་ཐད་འཕེལ་རྒྱས་བརྟན་ལྷིང་གི་བརྗོད་བྱ་གཙོ་བོ་དེ་འབུར་དུ་ཐོན་པ་དང་རང་རྟོགས་ངང་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཀྱི་ལྟེ་བའི་ལས་དོན་དང་ཟུང་འབྲེལ་ཐུབ་པ་བྱས་ཏེ་གནད་དོན་གཉིས་ཐག་གཅོད་བྱས་ཐོག་ཏང་འཛུགས་སྐྱོང་གི་ལས་དོན་དང་ལྟེ་བའི་ལས་དོན་ཕན་ཚུན་སྐུལ་སྤེལ་བཏང་ཚེ་གཞི་ནས་ཡུན་རིང་གི་སྐྱེ་སྟོབས་ལྡན་ཐུབ།

    གཞི་རིམ་གྱི་ཏང་འཛུགས་སྐྱོང་གསར་གཏོད་ལ་སྐུལ་སྤེལ་གཏོང་བར་ངེས་པར་དུ་རིམ་ཁག་ཏང་ཨུད་ཀྱི་འགན་འཁྲི་ཆེ་རུ་གཏོང་དགོས། གཞི་རིམ་གྱི་ཏང་འཛུགས་སྐྱོང་གི་ལས་དོན་ལེགས་པར་བསྒྲུབ་རྒྱུ་ནི་གཞི་རིམ་ཏང་ཨུད་ཧྲུའུ་ཅིའི་ཆབ་སྲིད་འགན་འཁྲི་ལྕི་ཤོས་དེ་ཡིན་པས་གཞི་རིམ་ཏང་རྩ་འཛུགས་ཀྱི་འགན་ཁུར་བའི་ཏང་འཛུགས་སྐྱོང་གི་འགན་འཁྲི་ཤུགས་ཆེར་བཏང་ནས་འགན་འཁྲི་ཨང་དང་པོ་འཁུར་མཁན་གྱི་འགན་འཁྲིའི་འདུ་ཤེས་ཟབ་ཏུ་གཏོང་བ་དང“ཧྲུའུ་ཅིས་དམ་འཛིན་དང་ཧྲུའུ་ཅིར་དམ་འཛིན”གྱི་ཏང་འཛུགས་སྐྱོང་ལས་ཀའི་འགན་འཁྲིའི་ལམ་ལུགས་ལ་དམ་འཛིན་དང་ཏང་འཛུགས་སྐྱོང་ལས་དོན་གྱི་འགན་འཁྲི་ཁ་གསལ་མེད་པ་དང་འགན་འཁྲི་དོན་འཁྱོལ་མི་ཐུབ་པའི་གནད་དོན་ཐག་གཅོད་ནུས་ལྡན་གྱིས་ཏང་འཛུགས་སྐྱོང་ལས་དོན་ལ“རིམ་པ་གཅིག་གིས་རིམ་པ་གཅིག་ལ་དམ་འཛིན་དང་རིམ་པ་བཞིན་དོན་འཁྱོལ་ཡོང་རྒྱུར་དམ་འཛིན་བྱེད་པའི”ལས་ཀའི་རྣམ་པ་ཞིག་ཆགས་པ་བྱེད་དགོས།

    གཞི་རིམ་གྱི་ཏང་འཛུགས་སྐྱོང་གསར་གཏོད་ལ་སྐུལ་སྤེལ་གཏོང་བར་ངེས་པར་དུ་མི་རྩ་བར་འཛིན་པའི་འདུ་ཤེས་རྒྱུན་འཁྱོངས་བྱེད་དགོས། གཞི་རིམ་ཏང་རྩ་འཛུགས་དང་ཏང་ཡོན་ཚོས་ཐད་ཀར་མང་ཚོགས་དང་འབྲེལ་གཏུག་བྱས་ཏེ་མི་རྩ་བར་འཛིན་པའི་འདུ་ཤེས་བརྟན་པོ་བཙུགས་ནས་མང་ཚོགས་ཀྱིས་དོ་སྣང་ཆེ་ཤོས་བྱེད་པ་དང་། མང་ཚོགས་དང་ཐད་ཀར་འབྲེལ་བ་ཆེ་ཤོས་ཡོད་པ། མང་ཚོགས་ལ་འཕྲལ་མཁོ་ཆེ་ཤོས་ཡིན་པ་བཅས་ཀྱི་ཁེ་ཕན་གྱི་གནད་དོན་ཐག་གཅོད་བྱ་རྒྱུ་དེ་ལས་དོན་གྱི་འགོ་འཛུགས་སར་བརྩིས་ཐོག་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་ཚོས་དུས་དང་རྣམ་པ་ཀུན་ཏུ་མང་ཚོགས་ཀྱི་བདེ་སྡུག་སེམས་ནང་འཇོག་པ་དང་། མང་ཚོགས་ཚོས་དོ་ཁུར་བྱེད་པའི་གནད་དོན་དང་དཀའ་གནད་ཤེས་རྟོགས་བྱེད་པ་དང་འབྲེལ་ཁས་ལེན་གྱི་དོན་ཚན་ནང་བཅུག་ཐོག་ཐག་གཅོད་བྱེད་པ་དང་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཚོའི་བརྩི་བཀུར་དང་རྒྱབ་སྐྱོར་ཐོབ་པ་བྱེད་དགོས།

    གཞི་རིམ་གྱི་ཏང་འཛུགས་སྐྱོང་གསར་གཏོད་ལ་སྐུལ་སྤེལ་གཏོང་བར་ངེས་པར་དུ་ཕུགས་ཕན་གྱི་ལམ་སྲོལ་འཛུགས་དགོས། ལམ་ལུགས་ལ་དེ་བས་རྩ་བའི་རང་བཞིན་དང་། ཁྱོན་ཡོངས་རང་བཞིན། ཡུན་རིང་རང་བཞིན་བཅས་ལྡན་ཡོད། ཆབ་མདོ་གྲོང་ཁྱེར་གྱིས་གཞི་རིམ་གྱི་ཏང་འཛུགས་སྐྱོང་ལས་དོན་སྤེལ་བའི་བརྒྱུད་རིམ་ནང་འབྲེལ་ཡོད་ཀྱི་ཞིབ་ཕྲའི་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་རྒྱུར་མཐོང་ཆེན་བྱས་པས་དངོས་ཡོད་ཀྱི་བཀོལ་སྤྱོད་ལ་ཕན་པ་ཡོད་པ་མ་ཟད། ད་དུང་དོན་མེད་སྟོང་གཏམ་དང་། ཁ་གསལ་མེད་པ། འབོད་ཚིག་གི་རྣམ་པ་ལྡན་པའི་རྗེས་ལུས་བྱ་ཐབས་ཁྱད་བསད་ནུས་ལྡན་ཐུབ་པའི་ཁར་དུས་སྐབས་གསར་པའི་ཏང་འཛུགས་སྐྱོང་ལས་དོན་གྱི་ཞིབ་ཕྲ་དང་། དོན་གཉེར། གོ་ཆོད་བཅས་ཀྱི་བླང་བྱ་དང་མཐུན་ཡོད། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།