དབུ་ཤོག>གསར་འགྱུར།
  • གཞིས་ཆགས་བྱས་ཏེ་དམངས་ཕན་བསྒྲུབས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  ​ ཝང་ཧྲན།   |     སྤེལ་དུས།  2015-05-15

    མལ་གྲོ་གུང་དཀར་རྫོང་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ཁག་བཞི་པ་བཅའ་སྡོད་བྱས་རྗེས། མང་ཚོགས་ཀྱི་གནས་ཚུལ་དང་བསྟུན་པ་དང་། དོན་དངོས་འཚོལ་ཞིབ་བྱེད་པ། ལས་དོན་དངོས་བསྒྲུབས་པ། དམངས་ཀྱི་སེམས་ཁྲལ་སེལ་བ་བཅས་བྱས་པས་ས་གནས་དེ་གའི་མང་ཚོགས་ཀྱིས“འདི་ནི་སྤྱོད་ཚུལ་ཏན་ཏིག་གི་ལས་དོན་རུ་ཁག་ཞིག་རེད”ཅེས་བསྔགས་བརྗོད་བྱས་ཡོད། གྲོང་ཚོར་བཅའ་སྡོད་ལས་བྱེད་པའི་ལམ་ལུགས་ནི་དེང་གི་གྲོང་ཚོའི་ལས་དོན་ཁྲོད་ཡོངས་སུ་སྤྱོད་པའི་ལས་ཀའི་བྱེད་ཐབས་ཤིག་ཡིན། གྲོང་ཚོར་བཅའ་སྡོད་ལས་བྱེད་པས་ཏང་ཨུད་དང་སྲིད་གཞུང་གི་འགོ་ཁྲིད་འོག་གྲོང་ཚོ་རིམ་པའི་རྩ་འཛུགས་དང་གྲོང་ཚོའི་ལས་བྱེད་པར་མཛུབ་ཁྲིད་དང་། རོགས་རམ། གཞོགས་འདེགས་བཅས་བྱས་ཏེ་ལས་དོན་སྤེལ་དགོས་པ་དང་། སྲིད་ཇུས་དྲིལ་བསྒྲགས་དང་དམངས་ཕན་གྲོང་དར་གྱི་ཞབས་ཞུ་སོགས་ཀྱི་ཐད་ནུས་པ་གལ་ཆེན་འདོན་དགོས། སྨྱུག་འཛིན་པས་གྲོང་ཚོར་བཅའ་སྡོད་ལས་དོན་ཡག་པོ་སྒྲུབ་པའི་ཐད་མ་མཐར་ཡང་གཤམ་གསལ་གྱི་བྱ་བ་དག་ཡག་པོ་བསྒྲུབ་དགོས་པའི་ངོས་འཛིན་བྱེད་ཀྱི་ཡོད།

    གཅིག་ནི་གོང་ལ་སྙན་སེང་དང་གཤམ་ལ་བརྒྱུད་བསྒྲགས་བྱེད་ཐུབ་པ་བྱེད་དགོས། གྲོང་ཚོར་བཅའ་སྡོད་ལས་བྱེད་པ་ནི་ཏང་ཨུད་སྲིད་གཞུང་གི་རྒྱ་ཆེའི་མང་ཚོགས་དང་འབྲེལ་བ་བྱེད་པའི་ཟམ་པ་ལྟ་བུ་ཡིན་པ་དང་། གོང་ལ་སྙན་སེང་དང་གཤམ་དུ་བརྒྱུད་བསྒྲགས་བྱེད་པའི་ལས་འགན་ཁུར་གྱི་ཡོད། གྲོང་ཚོར་བཅའ་སྡོད་ལས་བྱེད་པས་རིམ་ཁག་སྲིད་གཞུང་སྡེ་ཚན་གྱི་ཞིང་འབྲེལ་དང་། ཞིང་ཕན་སྲིད་ཇུས། བྱེད་ཕྱོགས་བཅས་ལ་སློབ་སྦྱོང་བྱེད་དགོས་པ་མ་ཟད། ལག་བསྟར་ནན་ཏན་བྱེད་དགོས།

    གཉིས་ནས་མང་ཚོགས་ལ་ཞབས་འདེགས་ཞུ་དགོས། མང་ཚོགས་ཚོས་གྲོང་ཚོར་བཅའ་སྡོད་ལས་བྱེད་པས་ཁོང་ཚོའི་དཀའ་ངལ་དང་གནད་དོན་དངོས་ཐག་གཅོད་ཐུབ་རྒྱུའི་རེ་བ་བཅངས་ཀྱི་ཡོད། གྲོང་ཚོར་བཅའ་སྡོད་ལས་བྱེད་པས་མང་ཚོགས་ཀྱི་དོན་དངོས་བསྒྲུབ་རྒྱུ་དང་དཀའ་ངལ་སེལ་རྒྱུ་དེ་དམིགས་ཡུལ་དུ་བྱས་ནས། དུས་རྟག་ཏུ་མང་ཚོགས་དང་བསམ་བློ་བརྗེ་རེས་དང་སྙིང་གཏམ་ཤོད་རེས་བྱེད་པ་དང་། ཁོང་ཚོའི་བསམ་འཆར་དང་རེ་བ་ཉན་པ། ཁོང་ཚོར་གང་མཁོ་མིན་ཤེས་རྟོགས། ཁོང་ཚོའི་ཕྱོགས་གང་ཅིར་སེམས་ཁུར་བཅས་བྱས་ནས་གྲོང་མིའི་བྱ་བ་དེ་རང་ཉིད་ཀྱི་བྱ་བར་བརྩིས་ཏེ་སྒྲུབ་དགོས། མང་ཚོགས་ཀྱི་ལུགས་མཐུན་གྱི་གྲོས་འགོ་དང་བསམ་འཆར་ལ་གཞིགས་པ་དང་གྲོང་ཚོའི་དོན་དངོས་དང་བསྟུན་ནས་ཚན་རིག་དང་མཐུན་ལ་ལག་བསྟར་ཆོག་པའི་འཕེལ་རྒྱས་ཀྱི་འཆར་འགོད་བཟོས་ཏེ། གྲོང་ཚོའི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་བྱེད་པ་དང་མང་ཚོགས་ཀྱི་དཀའ་གནད་སེལ་རོགས་བྱས་ནས། མང་ཚོགས་ལ་འབབ་འཕར་ཕྱུག་འགྱུར་ཡོང་རྒྱུར་སྣེ་ཁྲིད་བྱེད་དགོས།

    གསུམ་ནས་རང་ངོས་ཀྱི་སློབ་སྦྱོང་ལ་ཤུགས་སྣོན་རྒྱག་དགོས། གྲོང་ཚོར་བཅའ་སྡོད་ཀྱི་ལས་དོན་སྤེལ་སྐབས་ངེས་པར་དུ་མང་ཚོགས་ལ་སློབ་སྦྱོང་བྱེད་པ་དང་། གཞི་རིམ་ལས་བྱེད་པར་སློབ་སྦྱོང་བྱེད་པ། དངོས་དོན་ལ་སློབ་སྦྱོང་བྱེད་པ། མང་ཙམ་ཉན་པ་དང་མང་ཙམ་ལྟ་བ། མང་ཙམ་སློབ་སྦྱོང་བཅས་བྱས་ཏེ་གཞི་རིམ་གྱི་ལས་དོན་སྒྲུབ་པའི་ཤེས་བྱ་མང་དུ་གཏོང་བ་དང་ལས་ཀའི་འཇོན་ཐང་ཆེ་རུ་གཏོང་དགོས།

    ལས་ཁུངས་ནས་ཐོན་ཏེ་གཞི་རིམ་དུ་སྐྱོད་པ་དེ་ནི་སྤྱོད་ཚུལ་བསྒྱུར་རྒྱུའི་དགོས་མཁོ་ཞིག་ཡིན་པ་མ་ཟད། མང་ཚོགས་དང་འབྲེལ་འདྲིས་བྱེད་པའི་ཁ་ཚ་དགོས་གཏུགས་ཀྱི་བླང་བྱ་ཞིག་ཀྱང་ཡིན། གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་དམངས་ཀྱི་གནས་ཚུལ་དང་། དམངས་ཀྱི་སེམས་ཁྲལ་སེལ་བ། གྲོང་ཚོར་གཞི་ཚུགས་པ། དངོས་འཛིན་དངོས་སྒྲུབ་བཅས་ཀྱི་སྒོ་ནས་གྲོང་ཚོར་བཅའ་སྡོད་ལས་དོན་ལ་སྐུལ་འདེད་ཏན་ཏིག་བཏང་སྟེ་ས་གནས་དེ་གའི་མི་དམངས་མང་ཚོགས་ཀྱི་བརྩི་བཀུར་ཐོབ་པ་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།