དབུ་ཤོག>གསར་འགྱུར།
  • ​ ཡོམ་འགོག་གེགས་སེལ་ལས་རྒྱལ་ཁབ་ཀྱི་རིན་ཐང་མངོན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  ​ མི་དམངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།   |     སྤེལ་དུས།  2015-05-15

    དུས་ཡུན་ཟླ་ཕྱེད་ཙམ་སོང་རྗེས་ཟླ་5ཚེས་12ཉིན་གྱི་ཕྱི་དྲོ་ནེ་པ་ལར་སླར་ཡང་ས་ཡོམ་རིམ་པ་7.5བརྒྱབ་ནས་རང་རྒྱལ་གྱི་མཐའ་མཚམས་གེགས་ཁུལ་དུ་ཡོམ་ཚོར་དྲག་པོ་བྱུང་བ་མ་ཟད། བོད་ཀྱི་ས་ཆ་མང་པོ་ཞིག་ཏུ་ཡོམ་ཚོར་མངོན་གསལ་དོད་པོ་ཡོད་པ་རེད། ཡང་ནས་ཡང་དུ་ཐོན་པའི་ས་ཡོམ་གྱི་གནོད་འཚེ་ལས་མེས་རྒྱལ་ས་གཞི་ཆེ་མོའི་ཐོག་གི་མི་ཚང་མར་སེམས་ཁྲལ་ཆེན་པོ་བཟོས།

    ཟླ་བ་གོང་མར་ཐོན་པའི་ནེ་པ་ལའི་ས་ཡོམ་རིམ་པ་8.1དང་དེ་རྗེས་ཀྱི་ཡོམ་འཕྲོ་ལས་བོད་ལྗོངས་གཞིས་རྩེ་དང་མངའ་རིས་སོགས་མཐའ་མཚམས་ས་ཁུལ་དུ་མི་སྣ་འཆི་རྨས་དང་རྒྱུ་ནོར་གྱི་གྱོང་གུན་ཚབས་ཆེན་བཟོས་ཡོད། ས་ཡོམ་བརྒྱབ་རྗེས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་མཛུབ་སྟོན་གལ་ཆེན་ཐེངས་མང་གནང་སྟེ་ནུས་ཤུགས་ཡོད་རྒུས་ཡོམ་འགོག་གེགས་སེལ་ལས་དོན་ཡག་པོ་སྒྲུབ་པ་དང་། གེགས་རྗེས་བསྐྱར་སྐྲུན་ལས་དོན་ཡག་པོ་སྒྲུབ་དགོས་པའི་བླང་བྱ་བཏོན་གནང་བ་རེད། ས་ཡོམ་གྱི་ཤུགས་རྐྱེན་ཐེབས་པའི་གེགས་ཁུལ་དུ་ནུས་ཤུགས་ཡོད་རྒུས་གེགས་འགོག་གེགས་སེལ་བྱེད་པ་དང་། དེ་ནས་སྐྱེལ་འདྲེན་སྟོབས་ཤུགས་ནེ་པ་ལར་ཧུར་ཐག་བཏང་ནས་དེ་གར་ལུས་པའི་ཡུལ་སྐོར་བ་བསུ་ལེན་བྱས་པས་མི་རྣམས་ཀྱིས་འཕྲལ་མ་ཉིད་དུ་ཉིན་རེ་ལས་ཉིན་རེ་མ་འདས་པར་སྟོབས་ཆེ་རུ་འགྲོ་བའི་རྒྱལ་ཁབ་ཀྱི་སྟོབས་ཤུགས་ཚོར་བ་དང་ཚེ་སྲོག་ལས་ལྷག་པ་མེད་པའི་རྒྱལ་ཁབ་ཀྱི་རིན་ཐང་ཉམས་སུ་མྱོང་རྒྱུ་བྱུང་ཡོད།

    ས་ཡོམ་བརྒྱབ་རྗེས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐུགས་ཁུར་དང་བཀོད་སྒྲིག་འོག་བོད་ཀྱི་ཡོམ་འགོག་གེགས་སེལ་ལས་དོན་མགྱོགས་ལ་ཕན་འབྲས་ཆེ་བ་དང་གོ་རིམ་ལྡན་པའི་སྒོ་ནས་སྤེལ་བ་དེས་གནོད་འཚེ་ཕོག་པའི་མང་ཚོགས་ལ་སེམས་གསོ་གང་ལེགས་བྱུང་བ་དང་། ཕྱོགས་གཅིག་ལ་དཀའ་ངལ་འཕྲད་སྐབས་ཚང་མས་རོགས་སྐྱོར་བྱས་ཏེ་གནམ་གཤིས་གྲང་ངར་ཆེ་བའི་གངས་ལྗོངས་ས་མཐོར་མེས་རྒྱལ་ས་གནས་ཁག་གི་དྲོ་སྐྱིད་སྦྱིན་ཡོད། “གེགས་བར་ལ་སྙིང་རྗེ་མེད་ཀྱང་མི་ལ་སྙིང་རྗེ་ལྡན”ཞེས་པ་དེ་ཐོག་ནས་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཤུགས་ཆེའི་ཁྱད་འཕགས་རང་བཞིན་སླར་ཡང་མངོན་ཡོད།

    “ང་ཚོར་ལག་གཉིས་ལ་བརྟེན་ནས་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་བསྐྱར་སྐྲུན་བྱེད་པའི་ཆོད་སེམས་དང་ཡིད་ཆེས་ཆེན་པོ་ཡོད”གློ་བུར་དུ་ཐོན་པའི་ས་ཡོམ་གྱི་གནོད་འཚེའི་མདུན་དུ་བོད་ཀྱི་མི་རིགས་ཁག་གི་སྤུན་ཟླ་ཚོས་བློ་སེམས་གཅིག་མཐུན་དང་ཏང་སྲིད་དམག་ཉེན་དམངས་བཅས་ཀྱིས་མཐུན་སྦྱོར་མཉམ་འགུལ་བྱས་ཏེ་གནོད་འཚེ་ཕོག་པའི་མང་ཚོགས་ཚོར་བཟའ་སྡོད་ལ་སེམས་ཁྲལ་མེད་པ་དང་རྨས་སྐྱོན་ཕོག་སྐབས་སྨན་བཅོས་ཐུབ་པའི་འགན་ལེན་བྱས་པ་དང་། གློག་ཤུགས་དང་། ཆུ་མཁོ་འདོན། འཕྲིན་གཏོང་བཅས་ནུས་ཤུགས་ཡོད་རྒུས་སླར་གསོ་བྱས་པ། དཀའ་སྤྱད་ཞུམ་པ་མེད་པའི་མཉམ་སྡེབ་ཀྱི་སྙིང་སྟོབས་གཅིག་ཏུ་བསྡུས་ནས་འབད་བརྩོན་ལྷོད་མེད་ཀྱི་བསམ་པའི་གཤིས་རྒྱུད་མངོན་པར་བྱས་ཡོད། གནོད་འཚེའི་གནས་ཚུལ་གསར་པ་དེ་ལས་ཚོད་བགམ་གསར་པ་འཕྲད་ངེས་རེད། འོན་ཀྱང་ཏང་ཀྲུང་དབྱང་གི་སྲ་ཞིང་བརྟན་པའི་འགོ་ཁྲིད་དང་རྒྱལ་ཡོངས་མི་དམངས་ཀྱི་ཤུགས་ཆེའི་རོགས་སྐྱོར་དང་། བོད་ཀྱི་ས་ཡོམ་གེགས་ཁུལ་གྱི་མང་ཚོགས་ཚོའི་དཔའ་ངར་ཆེ་བའི་རང་སྐྱོབ་ཡོད་པས་ང་ཚོས་སྙིང་རུས་ཆེན་པོས་དུས་ངལ་མཉམ་སེལ་དང་བྱ་སྤྱོད་དངོས་ལ་བརྟེན་ནས་བསྐྱར་སྐྲུན་ལེགས་སྒྲུབ་བྱས་ཏེ་འབྱུང་འགྱུར་གྱི་འཚོ་བར་རེ་བའི་ལམ་བུ་འདིང་ཐུབ་ངེས་རེད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།