དབུ་ཤོག>གསར་འགྱུར།
  • བོད་ལྗོངས་དམངས་སྲིད་ཐིང་གིས་ཞལ་འདེབས་དངུལ་སྣ་ཚོགས་སྒོར་ཁྲི་དགུ་སྟོང་ལས་བརྒལ་བ་དང་ལེན་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-15

    གསར་འགོད་པས“4·25”ཡོམ་འགོག་གེགས་སེལ་མདུན་ཕྱོགས་བཀོད་འདོམས་པུའུ་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཟླ་5ཚེས་13ཉིན་གྱི་ཆུ་ཚོད་16བར་བོད་རང་སྐྱོང་ལྗོངས་དམངས་སྲིད་ཐིང“4·25”ཡོམ་འགོག་གེགས་སེལ་འཕྲལ་སྡོམ་ལས་དོན་ཞལ་འདེབས་དང་ལེན་གཞུང་ལས་ཁང་གིས་རིམ་རྩིས་བརྒྱབ་ན་སྲིད་འཛིན་བྱ་གཞག་ཚན་པའི་ལས་བྱེད་ལས་བཟོ་དང་། ཁེ་ལས། མི་སྒེར་སོགས་ཀྱི་ཞལ་འདེབས་དངུལ་སྒོར་92579794.63(ཀྲུང་གོ་ཞིང་ལས་དངུལ་ཁང་སྤྱི་ཁྱབ་དངུལ་ཁང་གི་སྒོར་ཁྲི་1000དང་། པེ་ཅིང་གྲོང་ཁྱེར་སྲིད་གཞུང་གི་སྒོར་ཁྲི་500 ཀྲུང་གོ་དངུལ་ཁང་གི་སྒོར་ཁྲི་500 ཧྲང་ཧའེ་གྲོང་ཁྱེར་སྲིད་གཞུང་གི་སྒོར་ཁྲི་300 ཧུའུ་ནན་ཞིང་ཆེན་སྲིད་གཞུང་གི་སྒོར་ཁྲི་300 ཀྲུང་གོ་རྡོ་ཐ་སྤྱི་ཁྱབ་ཀུང་སིའི་སྒོར་ཁྲི་1200 རྒྱལ་ཁབ་གསར་སྤེལ་དངུལ་ཁང་གི་སྒོར་ཁྲི་500བཅས་ཚུད་པ)དང་ལེན་བྱས་པ་དེའི་ནང་ཟླ་5ཚེས་13ཉིན་སྒོར་3828835.30དང་ལེན་བྱས་པ་དང་། ཞལ་འདེབས་དངོས་ཟོག(གཏེར་ཆུ་དང་། གུར། བཟའ་བཅའ། སྨན་རྫས་སོགས་ཚུད་པ)རིན་ཐང་སྒོར་4887498.8(དེའི་ནང་རིན་ཐང་སྒོར་4320117.8རི་བའི་ཞལ་འདེབས་དངོས་ཟོག་གཞིས་རྩེ་གྲོང་ཁྱེར་དུ་དབོར་ཟིན་པ)དང་ལེན་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།