དབུ་ཤོག>གསར་འགྱུར།
  • ​ དུས་ཚིགས་དང་པོར་བོད་ཀྱི་ཞིང་འབྲེལ་དངུལ་བུན་གཏོང་ཚད་སྒོར་དུང་ཕྱུར་268.28ཟིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-05-15

    གསར་འགོད་པས་ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཉེ་བའི་ལོ་ཤས་རིང་ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ཞིང་གསུམ”གྱི་ཁྲོམ་ར་གཏན་འཁེལ་ལ་ཕྱོགས་རྒྱུ་རྒྱུན་འཁྱོངས་བྱས་ནས་ལོ་11བསྟུད་མར་དངུལ་རྩས“ཞིང་གསུམ”ལ་མཛུབ་ཁྲིད་བསམ་འཆར་དངུལ་ཁང་ཡོངས་ཀྱི“ཡིག་ཆ་ཨང་དང་པོའི”ནང་བྲིས་ཏེ་འགན་ནུས་ཀྱི་ནུས་པ་དང་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས་དངུལ་ཁང་ཡོངས་ཀྱི“ཞིང་གསུམ”ལ་ཞབས་འདེགས་ཞུ་བའི་ལས་དོན་ལ་སྐུལ་འདེད་གཏིང་ཟབ་བཏང་ཡོད་ཅིང་། དུས་ཚིགས་དང་པོར་ཞིང་ལས་དངུལ་ཁང་གི་ཞིང་འབྲེལ་དངུལ་བུན་ལས་དོན་ཐད་གྲུབ་འབྲས་བཟང་པོ་ཐོབ་ཡོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཟླ་3པའི་ཟླ་མཇུག་བར་ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གི་ཞིང་འབྲེལ་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་268.28ཟིན་ནས་ལོ་འགོ་ལས་སྒོར་དུང་ཕྱུར་37འཕར་ཡོད་ཅིང་། དེའི་ནང་དབུལ་སྐྱོར་སྐྱེད་གསབ་དངུལ་བུན་སྒོར་དུང་ཕྱུར་243.4ཟིན་ནས་ལོ་འགོ་ལས་སྒོར་དུང་ཕྱུར་39འཕར་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།