དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།
  • མོ་སི་ཁོའི་ཐང་ཆེན་དམར་པོར་ལོ་70གོང་གི་དམག་གཟིགས་མཛད་སྒོ་སླར་ཡང་མངོན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-15

        མི་དམངས་ཉིན་རེའི་ཚགས་པར་ཁང་དུ་མོ་སི་ཁོ་ནས་གློག་འཕྲིན་འབྱོར་གསལ། ཚེས་7ཉིན་གྱི་སྔ་དྲོའི་ཆུ་ཚོད་10པར་མི་6000ཙམ་གྱིས་ཐང་ཆེན་དམར་པོར་བང་བསྒྲིགས་ནས་བསྐྱོད་པ་དེས་ལོ་70གོང་གི་དམག་གཟིགས་མཛད་སྒོའི་རྣམ་པ་བསྐྱར་དུ་བསྟན་ནས་1941ལོའི་ཟླ་11ཚེས་7ཉིན་གྱི་ངོ་མཚར་ཆེ་བའི་དམག་གཟིགས་མཛད་སྒོ་དེར་དྲན་གསོ་ཞུས་པ་རེད།

        1941ལོའི་ཟླ་11ཚེས་7ཉིན་འཇར་མན་གྱི་ཧྥ་ཤིས་སི་དགྲ་བོས་མཐའ་བསྐོར་ནས་ཐང་ཆེན་དམར་པོ་དེར་འབར་གས་དབྱུགས་པའི་ཉེན་ཁ་འཕྲད་ཡོད། སྐབས་དེའི་སུའུ་ལན་གྱི་ཆེས་མཐོའི་གཅིག་གྱུར་བཀོད་འདོམས་པུའུ་ཡིས་ཟླ་བཅུ་པའི་གསར་བརྗེ་བྱས་ནས་ལོ་24འཁོར་བའི་སྐབས་དེར་དམག་གཟིགས་མཛད་སྒོ་སྤེལ་རྒྱུ་སྔར་བཞིན་གཏན་འབེབས་བྱས་པ་དེའི་དམིགས་ཡུལ་ནི་དམར་དམག་གི་ངར་ཤུགས་སྐུལ་ཆེད་སྤེལ་བའི་དམག་གཟིགས་མཛད་སྒོ་ཞིག་ཡིན་པ་དང་དམག་གཟིགས་མཛད་སྒོ་མཇུག་འགྲིལ་རྗེས་དམག་གཟིགས་མཛད་སྒོའི་ནང་ཞུགས་མཁན་དཔུང་སྡེ་དང་དེ་བཞིན་སྒྲིག་ཆས་ཐད་ཀར་གཡུལ་ས་མདུན་མར་བསྐྱོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།