དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།
  • རི་པིན་གྱིས་ཀྲུང་གོའི་ཉ་གྲུ་ཁྲང་ཆིའི་གྲུ་ཁར་ཞིབ་བཤེར་དང་ལེན་བྱེད་དགོས་ཞེས་བཤད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-15

        མི་དམངས་ཉིན་རེའི་ཚགས་པར་ཁང་དུ་ཏུང་ཅིང་ནས་ཟླ་11ཚེས་7ཉིན་གློག་འཕྲིན་འབྱོར་གསལ། ཐུན་མོང་གསར་འགྱུར་ཁང་གིས་གནས་ཚུལ་སྤེལ་བ་གཞིར་བཟུང་། ཁྲང་ཆིའི་མཚོ་ཐོག་བདེ་སྲུང་པུས་ཚེས་6ཉིན་ཁྲང་ཆི་རྫོང་ཝུའུ་ཏའོ་ལེ་གླིང་ཕྲན་གྱི་མཚོ་ཁོངས་སུ 《ཉ་ལས་བཅའ་ཁྲིམས 》ལས་འགལ་བའི་དོགས་པ་ཡོད་པར་བརྩིས་ནས་ཀྲུང་གོའི་ཉ་གྲུའི་མཉན་དཔོན་ཀྲང་ཐེན་ཞུང་འཛིན་བཟུང་བྱས་རྗེས་ཀྲུང་གོའི་གྲུ་པ་གཞན་དག་10བླུགས་པའི་ཉ་གྲུ་ཚེས་7ཉིན་གྱི་ཕྱི་དྲོ་ཁྲང་ཆིའི་གྲུ་ཁར་འབྱོར་བ་རེད།

        གྲུ་དེས་ཆོག་མཆན་མ་ཐོབ་པའི་གནས་ཚུལ་འོག་ལས་སྒྲུབ་བྱས་པའི་དོགས་པ་ཡོད་པའི་བསམ་གཞིགས་བྱས་ནས་མཚོ་ཐོག་བདེ་སྲུང་པུའི་ཕྱོགས་ཀྱིས་ཀྲང་ཐེན་ཞུང་དང་གྲུ་པ་གཞན་དག་10ལ་མཚོ་ཐོག་ཏུ་སྐྱོད་པའི་ལམ་དང་དམིགས་ཡུལ་རྩད་འདྲི་བྱས་པ་ཕུད་གྲུ་ཐོག་ཏུ་འཛིན་བཟུང་བྱས་པའི་དངོས་པོ་ཡོད་མེད་བརྟག་དཔྱད་བྱེད་རྒྱུ་ཡིན་པ་རེད། མཉན་དཔོན་གྱིས་ཁས་ལེན་བྱས་མིན་སྐོར་མཚོ་ཐོག་བདེ་སྲུང་པུའུ་ཕྱོགས་ཀྱིས “བརྟག་དཔྱད་བྱེད་བཞིན་ཡོད་པས་ཤོད་ཐབས་བྲལ ”ཞེས་བཤད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།