དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།
  • རྐྱེན་ལམ་དུ་ཤོར་བའི་ཀྲུང་གོའི་གྲུ་པ་ཁག་གཅིག་གི་སྐུ་ཕུང་ཐེ་ལན་དུ་ཞུགས་འབུལ་ཞུས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-15

        མི་དམངས་ཉིན་རེའི་ཚགས་པར་ཁང་དུ་པང་ཁོག་ནས་ཟླ་11ཚེས་7ཉིན་གློག་འཕྲིན་འབྱོར་གསལ། མེ་ཀུང་གཙང་པོ་རྒྱུགས་ཁུལ་དུ་འཇབ་རྒོལ་ཕོག་ནས་གྲོངས་པའི་ཀྲུང་གོའི་གྲུ་པ་13ནང་གི་སྐུ་ཕུང་11ཚེས་5དང་ཚེས་7ཉིན་ཐེ་ལན་གྱི་ཆིང་ལའེ་རུ་ཞུགས་འབུལ་ཞུས་པ་རེད། ཞུགས་འབུལ་མ་ཞུས་གོང་བབ་བརླིང་དང་གཟབ་ནན་ཆེ་བའི་ཞལ་གྱེས་ཞུ་བའི་བྱེད་སྒོ་སྤེལ་བ་དང་རྐྱེན་ལམ་དུ་ཤོར་བའི་གྲུ་པའི་ནང་མི་དང་ཐེ་ལན་དུ་སྐྱོད་མཁན་ཀྲུང་གོ་སྲིད་གཞུང་གི་ལས་དོན་ཚོགས་ཆུང་དང་། ཡུན་ནན་ཞིང་ཆེན་གྱི་ལས་དོན་ཚོགས་ཆུང་། ཐེ་ལན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་དོན་གཅོད་ཁང་བཅས་ཀྱི་འཐུས་མི་དང་ཐེ་ལན་ཉེན་རྟོག་ཕྱོགས་དང་ས་གནས་སྲིད་གཞུང་གི་འགན་ཁུར་བ་བྱེད་སྒོར་ཞུགས་ཡོད་པ་རེད།

        མིག་སྔར་ཀྲུང་ཐེ་ཕྱོགས་གཉིས་པོས་མཉམ་ལས་དམ་ཟབ་བྱས་ནས་གྱོད་གཞི་བརྟག་དཔྱད་བྱེད་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བཞིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།